མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཊོམ་ཕུ་མཆོག་བསྐྱར་དུ་སྲིད་འཛིན་འོས་མིར་བཞེངས།

བོད་ཀྱི་དུས་བབ།
༢༠༡༩/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་ཨ་རིའི་ཆབ་སྲིད་ལངས་ཕྱོགས་ངེས་གཏན་མེད་པའི་ཧྥོ་ལོ་རི་ཌ་མངའ་སྡེའི་ནང་དངོས་སུ་མགོ་བརྩམས་འདུགཁ་སང་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཧྥོ་ལོ་རི་ཌ་མངའ་སྡེའི་ཨོར་ལན་ཌོ་ (Orlando, Florida) གྲོང་ཁྱེར་དུ། ཁོང་ཕྱི་ལོ་ ༢༠༢༠ ལོའི་སྲིད་འཛིན་འོས་མིར་ལངས་བའི་དྲིལ་བསྒྲགས་ལས་འགུལ་དངོས་སུ་མགོ་འཛུགས་ཀྱི་གཞུང་འབྲེལ་གསལ་བསྒྲགས་གནང་ཡོད་པ་དང་། སྐབས་དེར་ཊོམ་ཕུ་མཆོག་གིས་གལ་སྲིད་ཁོང་ལ་རྒྱལ་ཁ་འཐོབ་པ་ཡིན་ན།  ཨ་རི་བསྐྱར་དུ་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཏུ་བསྐྲུན་རྒྱུའི་དམ་བཅའ་དང་སྦྲགས། དམངས་གཙོ་ཚོགས་པས་སོ་སོའི་ཆབ་སྲིད་ཀྱི་ཁེ་ཕན་སྲུང་སྐྱོབ་ཆེད་ཁྲིམས་མཐུན་མ་ཡིན་པའི་གནས་སྤོར་བ་རྣམས་ཨ་རིར་སླེབ་ཏུ་འཇུག་གི་ཡོད་པ་མ་ཟད། ཨ་རིའི་མི་སེར་རྣམས་ཀྱི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་སྐོར་གྱི་སྐྱོན་བརྗོད་དྲག་པོ་གནང་ཡོད་འདུག

མི་ཚོགས་ཀྱི་མདུན་དུ་ཊོམ་ཕུ་མཆོག་གིས། དོ་དགོང་ང་ཁྱེད་ཚོའི་མདུན་དུ་ལངས་ཏེ་བསྐྱར་དུ་ཨ་རིའི་སྲིད་འཛིན་དུ་ལངས་བའི་དྲིལ་བསྒྲགས་ལས་འགུལ་མགོ་རྩོམ་རྒྱུ་ཡིན། ངས་ཁྱེད་ཚོ་བློ་ཕམ་མི་ཡོང་རྒྱུའི་དམ་བཅའ་འཇོག་གི་ཡོད། ཅེས་དང་། ང་ཚོས་རང་གི་རྒྱལ་ཁབ་འདི་ཁྲིམས་ལ་བརྩི་སྲུང་བྱེད་མཁན་མི་སེར་ཚོའི་སྡོད་གནས་ཤིག་ཡིན་པ་ལས། ཕྱི་ནས་ཡོང་བའི་ནག་ཉེས་ཅན་ཚོའི་ཆེད་དུ་མིན་པར་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་གསུངས་འདུག

ཡང་ཁོང་གིས། ཨ་རི་འདི་ནམ་ཡང་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཏུ་འགྱུར་མི་སྲིད་པ་དང་། གལ་ཏེ་ ༢༠༢༠ ལོའི་འོས་བསྡུ་དེ་དམངས་གཙོ་ཚོགས་པར་འཐོབ་བའི་དབང་དུ་གཏང་ན། དེས་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་འགྲོ་བ་དང་། ཨ་རིའི་རྨི་ལམ་ཆེན་པོ་དེ་བརྡལ་བཤིག་འགྲོ་བ་མཚོན་གྱི་ཡོད། ཅེས། ཐེངས་སྔོན་མའི་སྲིད་འཛིན་འོས་བསྡུའི་ཁ་གཏད་པ་དམངས་གཙོ་ཚོགས་པའི་ལྕམ་ཧེ་ལ་རི་ཁི་ལིན་ཊོན་ (Hillary Clinton)ལགས་ཀྱིས་གློག་འཕྲིན་བརྒྱུད་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་ཡོད་ལུགས་དང་། ཕྱི་ལོ་ ༢༠༡༦ ལོའི་སྲིད་འཛིན་འོས་བསྡུའི་སྐབས་ཨུ་རུ་སུས་གསང་བའི་ཐེ་གཏོགས་བྱས་ཡོད་མེད་ཀྱི་མུ་ལར་སྙན་ཐོ་(Mueller Report)ལ་དམངས་གཙོ་ཚོགས་པས་སྣེ་འཁྲིད་དེ་ཞིབ་འཇུག་བྱས་ཡོད་ཀྱང་འབྲས་བུ་ཐོན་མེད་ཀྱང་། ད་དུང་ཨུ་ཚུགས་ཀྱིས་བསྐྱར་དུ་ཞིབ་འཇུག་འཚོག་དགོས་པའི་རེ་སྐུལ་འདོན་གྱི་ཡོད་པར་སྐྱོན་བརྗོད་དང་། གསར་འགོད་པ་རྣམས་ལ་དམིགས་ནས་ “གནས་ཚུལ་རྫུན་མ་སྤེལ་མཁན་དེ་ཚོ་” ཞེས་ཟུར་འདོན་གྱིས་སྐྱོན་བརྗོད་གནང་ཡོད་འདུག

སྤྱིར་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཕྱི་ལོ་ ༢༠༡༧ ལོའི་ཕྱི་ཟླ་ ༡ པོའི་ནང་སྐབས་རྗེས་མའི་སྲིད་འཛིན་འོས་བསྡུའི་ནང་ཞུགས་རྒྱུར་ཐོ་འགོད་སོགས་གནང་སྟེ། ད་བར་གནད་འགག་ཅན་གྱི་ས་ཁུལ་མི་ཉུང་བ་ཞིག་གི་ནང་འོས་བསྡུའི་དྲིལ་བསྒྲགས་རང་བཞིན་གྱི་གཏམ་བཤད་སོགས་གནང་ཚར་ཡོད་ཀྱང་། ཐེངས་འདིར་ཡོངས་གྲགས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་ངེས་གཏན་མེད་པའི་ཧྥོ་ལོ་རི་ཌ་མངའ་སྡེའི་ནང་དངོས་སུ་གཞུང་འབྲེལ་གསལ་བསྒྲགས་གནང་ཡོད་པ་དང་། ས་གནས་གསར་འགོད་པ་ཚོས་བརྗོད་པ་ལྟར་ན། ཊོམ་ཕུ་མཆོག་གི་རྒྱབ་སྐྱོར་བ་མང་པོ་ཞིག་གིས་ཁ་སང་ཞོགས་པ་ནས་འདུ་འཛོམས་ཁང་གི་ཕྱི་ལོགས་ལ་སྒུག་ནས་བསྡད་ཡོད་པ་དང་། ཡང་ཁོང་ལ་ངོ་རྒོལ་བྱེད་མཁན་གྱི་ཤོག་ཁག་ཅིག་གིས་ངོ་རྒོལ་སྐད་འབོད་ཀྱང་བྱས་ཡོད་འདུག

ཝ་ཤིན་ཊོན་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ནང་། འདས་པའི་ལོ་ ༢ དང་ཕྱེད་ཀའི་སྲིད་འཛིན་གྱི་ལས་ཡུན་རིང་ཊོམ་ཕུ་མཆོག་གིས་ཨ་རིའི་ནང་གི་ཁྲིམས་མཐུན་མ་ཡིན་པའི་གནས་སྤོར་བའི་གནད་དོན་དེ་གཙིགས་སུ་བཟུང་ཡོད་པ་མ་ཟད། ཁ་སང་གི་གཏམ་བཤད་ནང་དུའང་འདས་པའི་ལོ་ ༢ དང་ཕྱེད་ཀའི་ནང་ང་ཚོས་བསྒྲུབས་པ་བཞིན་ཨ་རིའི་སྲིད་འཛིན་སུས་ཀྱང་གནང་ཐུབ་མེད་པ་དང་། ཕྱི་ལོ་ ༢༠༡༦ ལོའི་འོས་བསྡུའི་ལས་འགུལ་ནི་འོས་བསྡུའི་ལས་འགུལ་ཙམ་མིན་པར་ཆབ་སྲིད་ཀྱི་ལས་འགུལ་ཆེན་པོ་ཞིག་ཡིན་སྐོར་སོགས་གསུངས་འདུག འོན་ཀྱང་སྲིད་འཛིན་འོས་བསྡུའི་ཚོད་དཔག་གྲུབ་དོན་ལྟར་ན། མང་ཚོགས་ཀྱི་ཁྲོད་ན་སྲིད་འཛིན་ཊོམ་ཕུ་མཆོག་གི་འཛིན་སྐྱོང་གི་ཕྱག་ལས་གནང་ཕྱོགས་ཐད་འདོད་པ་མ་ཁེངས་མཁན་ཤུགས་ཆེན་པོ་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༨ ལོའི་ཨ་རིའི་བར་མའི་འོས་བསྡུའི་སྐབས་སུ་ཡང་སྤྱི་མཐུན་ཚོགས་པར་ཕམ་ཁ་ཆེན་པོར་བྱུང་སྟེ། གྲོས་ཚོགས་འོག་མའི་ནང་བུད་མེད་གཙོས་པའི་སྲིད་འཛིན་ཊོམ་ཕུ་མཆོག་གི་ཁ་གཏད་དམངས་གཙོ་ཚོགས་པའི་ཁོངས་མི་མང་པོར་ཞབས་བཀྱག་ཐོབ་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཟུར་པ་དང་ཊོམ་ཕུའི་རྒྱབ་སྐྱོར་བ་ནིའུ་ཊི་གྷིང་རི་ཆི་ (Newt Gingrich) ཡིས། གལ་ཏེ་དཔལ་འབྱོར་མུ་མཐུད་སྲ་བརྟན་གནས་ཐུབ་ན། ཊོམ་ཕུ་མཆོག་ལ་ཡང་བསྐྱར་འཐོབ་རྒྱུའི་རེ་བ་ཡོད་པ་རེད། ཅེས་བརྗོད་ཡོད་པ་དང་། འོས་བསྡུའི་དྲིལ་བསྒྲགས་མགོ་འཛུགས་ཀྱི་གཏམ་བཤད་སྐབས་ཊོམ་ཕུ་མཆོག་གིས་ཨ་རིའི་དཔལ་འབྱོར་དེ་ཡར་རྒྱས་ཀྱི་རྩེ་མོར་སོན་ཡོད་སྐོར་དང་། ད་ལྟའི་ཨ་རིའི་ལས་མེད་ཀྱི་ཚད་གཞི་དེ་འདས་པའི་ལོ་ངོ་ ༥༡ ནང་གི་དམའ་ཤོས་ཡིན་སྐོར་གསུས་ཡོད་པ་ལྟར། ནིའུ་ཡོག་དུས་བབ་ཀྱིས་སྤེལ་བའི་གནས་ཚུལ་ནང་དུ་ཡང་འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཨ་རིའི་ལས་མེད་ཀྱི་ཚད་གྲངས་དེ་བརྒྱ་ཆ་ ༣།༦ ཡིན་པ་དང་། དེ་ནི་ཕྱི་ལོ་ ༡༩༦༩ རྗེས་ཀྱི་དམའ་ཤོས་ཡིན་སྐོར་བསྒྲགས་ཡོད་འདུག

ཡང་དམངས་གཙོ་ཚོགས་པས་བརྗོད་ན། སྲིད་འཛིན་ཊོམ་ཕུ་མཆོག་གིས་སྨན་ཡོན་ཉུང་འཕྲི་བྱེད་རྒྱུ་སོགས་ཀྱི་ཁས་ལེན་རྣམས་བསྒྲུབས་མེད་པ་དང་། ཕྱི་ལོ་ ༢༠༡༦ སྲིད་འཛིན་འོས་བསྡུའི་སྐབས་ཊོམ་ཕུ་མཆོག་གིས་ཨུ་རུ་སུ་དང་ངན་པ་ལག་སྦྲེལ་བྱས་མིན་གྱི་ཁྲིམས་བཤེར་སྐབས། ཁྲིམས་ཞིབ་ཁང་གི་ལས་དོན་ལ་བཀག་འགོག་བྱས་པའི་ཉེས་མིང་འོག་སྲིད་འཛིན་ནས་གནས་དབྱུང་གཏོང་དགོས་པའི་བསམ་ཚུལ་འདོན་མཁན་བྱུང་ཡོད་པ་མ་ཟད། ཊོམ་ཕུ་མཆོག་ནས་ཨ་རི་ཁ་འཐོར་དུ་བཏང་སྟེ་མི་རིགས་དབྱེ་འབྱེད་དང་། བུད་མེད་ལ་ཁྱད་གསོད། དེ་བཞིན་ཨ་རྒྱའི་ཚོང་དམག་སྲིད་བྱུས་དང་། འདས་ལོའི་སོ་ཌི་ཨ་རབ་(Sadhi Arabia)ཀྱི་གསར་འགོད་པ་ཇཱ་མལ་ཁ་ཤོ་གྷི་ (Jamal Khashoggi) ཡི་གནད་དོན་དང་། སོ་ཌི་ཨ་རབ་ཀྱི་རྒྱབ་གཉེར་ཡོད་པའི་ཡེ་མན་ནང་གི་དམག་འཁྲུག་སོགས་ཀྱི་ཐད་ནས་སོ་ཌི་གཞུང་ཐོག་ལ་འཛིན་པའི་སྲིད་བྱུས་ཐད་དོགས་འདྲི་དང་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། འདས་པའི་ལོ་ ༢ དང་ཕྱེད་ཀའི་ནང་སྲིད་འཛིན་ཊོམ་ཕུ་མཆོག་གིས་དོན་དངོས་འཁྱོག་བཤད་དང་། དངོས་འབྲེལ་འུར་སྒྲོག་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་མང་པོ་བྱེད་ཀྱི་ཡོད་པ་རེད།

ཊོམ་ཕུ་མཆོག་གི་ཁ་གཏད་གཙོ་བོ་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་བྷེར་ནེ་སན་ཌིར་སི(Bernie Sanders)ལགས་ཀྱིས། ཊོམ་ཕུ་ཡིས་ཆུ་ཚོད་ ༡།༣༠ རིང་རྫུན་གཏམ་དང་། མགོ་སྐོར། དོན་སྙིང་མེད་པའི་གཏམ་བཤད་ཅིག་སྤེལ་འདུག ཅེས་ཊོམ་ཕུ་མཆོག་གི་དྲིལ་བསྒྲགས་གཏམ་བཤད་ལ་རྒོལ་གཏམ་བཏང་ཡོད་པ་དང་། དེ་བཞིན་དམངས་གཙོ་ཚོགས་པའི་ཁོངས་མི་གཞན་གྱིས་ཀྱང་ཊོམ་ཕུའི་ཆབ་སྲིད་དེ་ཨ་རི་ཁ་འཐོར་དགུ་འཐོར་དུ་གཏོང་བའི་ཉེན་ཚབས་ཆེ་བའི་ཆབ་སྲིད་ཅིག་ཡིན་སྐོར་སྐྱོན་བརྗོད་བྱས་འདུགནེའུ་ཡོག་དུས་བབ་ཀྱིས་སྤེལ་བའི་གནས་ཚུལ་ནང་། ད་ལྟའི་ཆར་ཕྱི་ལོ་ ༢༠༢༠ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་ནང་དམངས་གཙོ་ཚོགས་པའི་འོས་མི་ ༢༣ དང་སྤྱི་མཐུན་ཚོགས་པའི་འོས་མི་  ༢ བཅས་ལངས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོའི་ཨ་རིའི་བར་མའི་འོས་བསྡུ་ལྟར་ལོ་རྗེས་མའི་སྲིད་འཛིན་འོས་བསྡུའི་ནང་དུའང་བུད་མེད་འོས་མི་མང་པོ་ཡོང་གི་ཡོད་སྐོར་བརྗོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Farmers in Tibet: In the first seven months of this year over 500,000 rural Tibetan labourers have been pushed into military-style training centres.AP
Mobile App

རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པའི་སྙན་ཐོ་བཏོན།

༢༠༢༦/༠༡/༢༣
རྒྱ་ནག་པེ་ཅིན་ནས་ཡིན་པའི་ཁྲིམས་རྩོད་པ་ཏུང་ཕུང་ལགས་ཀྱིས་བོད་ཀྱི་མཚོ་སྔོན་པོའི་འབྲོག་ཁུལ་ནས་གནས་ཚུལ་སྤེལ་བ། ཁོང་གི་བརྙན་ལམ་གྱི་པར།
Mobile App

འབྲོག་མང་བཙན་གྱིས་གནས་སྤོར་བཏང་བ་དང་གུན་གསབ་སྤྲོད་ཀྱི་མེད་པ་སོགས་ཀྱི་གནད་དོན་ལ་རོགས་རམ་བྱེད་ཀྱི་འདུག

༢༠༢༦/༠༡/༢༣
Mobile App

བལ་བཟའ་ཁྲི་བཙུན་བལ་ཡུལ་གྱི་ལོ་རྒྱུས་མི་སྣའི་ཁོངས་སུ་འཇུག་དགོས་པའི་རེ་སྐུལ་ཞུ་བཞིན་འདུག

༢༠༢༦/༠༡/༢༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་འདུན་པ་ཞལ་གྲངས་ ༥༤ ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ནས་བླངས། ༢༠༢༦།༡།༢༢
༸གོང་ས་མཆོག གསར་འགྱུར།

དགེ་འདུན་པ་ཞལ་གྲངས་ ༥༤ ལ་དགེ་སློང་གི་སྡོམ་པ་བསྩལ། 

༢༠༢༦/༠༡/༢༢
*As of December 1, 2025 | Total imprisoned: 330 journalists. Chart: Charles SpicerSource: The Committee to Protect Journalists
Mobile App

འདས་ལོར་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་དེ་རྒྱ་ནག་རེད་འདུག

༢༠༢༦/༠༡/༢༢
རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་མགོ་འཛུགས་གནང་། ༢༠༢༦།༡།༢༡-༢༦  པར་ཚོགས་ཆུང་གིས་འདི་གར་མཁོ་སྤྲོད་གནང་།
Mobile App

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དེ་འཚོག་གི་འདུག 

༢༠༢༦/༠༡/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese