མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ལ་དགོངས་སེལ་ཞུས། 

བོད་ཀྱི་དུས་བབ།
༢༠༡༩/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཨི་ཊ་ལི་ཡི་དཔེ་གསར་གྱོན་གོས་བཟོ་ཚོང་ཁང་ཞིག་གིས་ཧོང་ཀོང་དང་མེ་ཁོ་གཉིས་རྒྱལ་ཁབ་ཀྱི་ངོ་བོར་ཇུས་འགོད་བྱས་པར་བརྟེན་རྒྱ་ནག་ནང་གི་གན་རྒྱ་རྩིས་མེད་བཏང་སྟེ་སྐྱོན་བརྗོད་བྱས་འདུག
ཨི་ཊ་ལིའི་དཔེ་གསར་གྱོན་གོས་བཟོ་ཚོང་ཁང་ཝིར་སཱ་ཆི་ (Versace) ཡིས་ཇུས་འགོད་བྱས་པའི་སྟོད་ཐུང་ཞིག་གི་ཐོག  ཧོང་ཀོང་དང་མེ་ཁོ་གཉིས་རྒྱ་ནག་ལས་ཐ་དད་པའི་རྒྱལ་ཁབ་ཅིག་ཏུ་བཟོས་ཡོད་པར་བརྟེན། རྒྱ་ནག་ཕྱོགས་ནས་བཟོ་ཚོང་ཁང་དེས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་འགལ་བྱས་ཡོད་པའི་སྐྱོན་བརྗོད་ཤུགས་ཆེན་བྱས་པར་བརྟེན། ཁ་སང་ཕྱི་ཚེས་ ༡༡ ཉིན་དཔེ་གསར་གྱོན་གོས་བཟོ་ཚོང་ཁང་དེས་རྒྱ་ནག་ལ་དགོངས་སེལ་ཞུས་ཡོད་འདུག

འདས་པའི་བདུན་ཕྲག་གཅིག་རིང་རྒྱ་ནག་གི་ཝེ་པོ་ (Weibo) སྤྱི་ཚོགས་བརྒྱུད་ལམ་ཐོག ཧོང་ཀོང་དང་མེ་ཁོ་གཉིས་རྒྱ་ནག་ལས་ཐ་དད་ཀྱི་རྒྱལ་ཁབ་ཅིག་གི་ངོ་བོར་བཟོས་པའི་སྟོད་ཐུང་ཞིག་གི་པར་རིས་གང་སར་བཀྲམ་སྟེ། རྒྱ་ནག་གཅིག་གི་སྲིད་བྱུས་ལ་སྣང་མེད་དང་། རྒྱ་ནག་གི་མངའ་ཁོངས་ལ་གུས་བརྩི་བྱས་མེད་སྟབས། བཟོ་ཚོང་ཁང་དེའི་ཐོན་རྫས་རྣམས་རྒྱ་ནག་ནང་ཚོང་འདྲེན་བྱེད་པར་བཀག་འགོག་དགོས་པ་དང་། རྒྱ་རིགས་ཚོས་བཟོ་ཚོང་ཁང་དེའི་ཐོན་རྫས་རྣམས་ཉོ་མཚམས་འཇོག་དགོས་པ་སོགས་ཀྱི་བསམ་ཚུལ་མང་པོ་བྱུང་རྗེས། རྒྱ་ནག་ནང་གི་དཔེ་གསར་གྱོན་གོས་བཟོ་ཚོང་ཁང་དེའི་ཚབ་མཚོན་མི་སྣ་རྒྱ་ནག་གི་གཞས་མ་དང་གློག་བརྙན་འཁྲབ་སྟོན་མ་ཡཱང་མེ་ (Yang Mi) ཡི་ཚོང་གཉེར་ཁང་གིས་དཔེ་གསར་གྱོན་གོས་བཟོ་ཚོང་ཁང་ཝིར་སཱ་ཆི་དང་མཉམ་བཞག་པའི་གན་རྒྱ་རྩིས་མེད་བཏང་ཡོད་སྐོར་བསྒྲགས་འདུག

དཔེ་གསར་གྱོན་གོས་བཟོ་ཚོང་ཁང་དེའི་གཙོ་གཉེར་བ་ཌོ་ནཱ་ཊེ་ལཱ་ཝིར་སཱ་ཆི་ (Donatella Versace) ཡིས། སྒེར་གྱི་པར་མཛོད་ (Instagram) སྤྱི་ཚོགས་དྲ་ལམ་ཐོག སྤྱི་ཚོགས་དྲ་ལམ་ཁག་ཏུ་གླེང་སློང་བྱེད་བཞིན་པའི་ཉེ་ཆར་གྱི་སྟབས་མ་ལེགས་པའི་ངེད་བཟོ་ཚོང་ཁང་གི་ནོར་འཆུག་དེར་ངས་སེམས་གཏིང་ནས་དགོངས་སེལ་ཞུ་ཡི་ཡོད། རྒྱ་ནག་གི་མངའ་ཁོངས་ལ་གུས་བརྩི་མི་བྱེད་པའི་བསམ་བློ་ང་ལ་རྩ་བ་ཉིད་ནས་མེད་སྟབས། ང་སྒེར་ནས་ཡང་དག་མ་ཡིན་པའི་རྒྱ་ནག་གི་མངའ་ཁོངས་དང་དེས་ཕོག་ཐུག་བཟོས་པ་ཐམས་ཅད་ལ་དགོངས་དག་ཞུ་ཡི་ཡོད། ཅེས་བྲིས་འདུག

དེ་བཞིན་བཟོ་ཚོང་ཁང་དེས་གཞུང་འབྲེལ་ཐོག་དགོངས་སེལ་ཞུས་པའི་ནང་། སྟོད་ཐུང་དེ་ཕྱིར་འཚོང་མཚམས་བཞག་ཟིན་ཡོད་པ་དང་། བཟོ་ཚོང་ཁང་ནས་ཐོན་རྫས་དེའི་ཇུས་འགོད་ཐད་དགོངས་སེལ་ཞུ་ཡི་ཡོད་ལ། ཐོན་རྫས་དེ་འདི་ལོའི་ཕྱི་ཟླ་ ༧ པ་ནས་ཕྱིར་འཐེན་མགོ་བཙུགས་ཟིན་ཡོད་སྐོར་དང་། བཟོ་ཚོང་ཁང་ནས་ཉིན་རེའི་ལས་དོན་ཁྲོད་ཡར་རྒྱས་གཏོང་ཕྱོགས་ལ་འབད་ཀྱི་ཡོད་སྐོར་བཀོད་འདུགཝིར་སཱ་ཆི་ཡི་སྟོད་གོས་འགྲེམ་སྟོན་མ་དང་མཉམ་འབྲེལ་གན་རྒྱ་འཇོག་མཁན། རྒྱ་ནག་གི་གཞས་མ་དང་གློག་བརྙན་འཁྲབ་སྟོན་མ་ཡཱང་མེ་ (Yang Mi) ཡི་ཚོང་གཉེར་ཁང་གི་ཝེ་པོ་སྤྱི་ཚོགས་དྲ་ལམ་ཐོག ཁ་སང་ཕྱི་ཚེས་ ༡༡ ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་ནག་གི་མངའ་ཁོངས་ཧྲིལ་པོ་དང་དེའི་བདག་དབང་ནི་རྩ་ཆེན་ཡིན་ལ། དུས་ནམ་ཡང་གས་ཆག་གཏོང་ཐབས་མེད་པ་ཞིག་ཡིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་གཏོགས་བཟོ་གྲྭ་ཞིག་དང་། ཡཱང་མེ་ནི་རྒྱ་ནག་གི་མི་སེར་ཞིག་ཡིན་པའི་ཆ་ནས་གནད་དོན་དེར་དགག་བྱ་ཧ་ཅང་ཆེན་པོ་ཡོད་ལ། རྒྱ་ནག་གཅིག་གི་སྲིད་བྱུས་རྒྱུན་སྐྱོང་བྱེད་པ་དང་རྒྱལ་ཡོངས་ཀྱི་ཆིག་སྒྲིལ་ལ་སྲུང་སྐྱོབ་བརྟན་པོ་བྱ་རྒྱུ་ནི་རྒྱ་ནག་གི་མི་སེར་ཡོངས་ཀྱི་འགན་འཁྲི་ཡིན་པ་རེད། ཅེས་བཀོད་འདུག

དཔེ་གསར་གྱོན་གོས་བཟོ་ཚོང་ཁང་ཝིར་སཱ་ཆི་ནི་ཕྱི་ལོ་ ༡༩༧༨ ལོར་ཨི་ཊ་ལིའི་གྱོན་གོས་ཇུས་འགོད་པ་ཇི་ཨ་ནི་ཝིར་སཱ་ཆི་ (Gianni Versace) ཞེས་པ་ཞིག་གིས་བཙུགས་ཤིང་། ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་ལ་སྡེབ་ཚོང་བྱེད་མཁན་ཁྱོན་ ༡༥༠༠ ཙམ་ཡོད་འདུག བཟོ་གྲྭ་དེས་རྒྱུ་ཆ་སྤུ་ཡིན་པའི་གྱོན་ཆས་ཀྱི་རིགས་དང་གོ་བའི་ཐོན་རྫས་སྣ་མང་བཟོ་ཚོང་བྱེད་ཀྱི་ཡོད་འདུག་ལ། ཉེ་སྔོན་རྒྱ་ནག་གི་གཞས་མ་དང་གློག་བརྙན་འཁྲབ་སྟོན་མ་ཡཱང་མེ་ (Yang Mi) ཡི་ཚོང་གཉེར་ཁང་དང་མཉམ་འབྲེལ་གན་རྒྱ་བཞག་སྟེ།  ཡཱང་མེ་ཡིས་དཔེ་གསར་ཐོན་རྫས་ཀྱི་འགྲེམ་སྟོན་པའི་ལས་ཀ་བྱས་ཡོད་པ་དང་། དེ་ནི་བཟོ་ཚོང་ཁང་དེས་རྒྱ་ནག་སྐམ་སར་ཡོད་པའི་རྒྱ་རིགས་ཤིག་ལ་འགྲེམ་སྟོན་མི་སྣའི་གན་རྒྱ་བཞག་པ་ཐོག་མ་དེ་ཆགས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

ཆུ་ཚོད་ ༢ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

ཆུ་ཚོད་ ༢ སྔོན་ལ།
TTT
Mobile App

ཚེ་རིང་བདེ་སྐྱིད་ལགས་འདི་ལོའི་ཨ་རིའི་ཁུན་སི་གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ནང་མིང་འདོན་བྱས། 

ཆུ་ཚོད་ ༣ སྔོན་ལ།
Mobile App

བལ་ཡུལ་གཞུང་གསར་པས་རྒྱ་ནག་ཚུད་པའི་སུལའང་བལ་ཡུལ་གྱི་ས་ཁོངས་བེད་སྤྱོད་གཏོང་གི་འཇུག་གི་མིན་ཟེར། 

ཆུ་ཚོད་ ༣ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༢༣ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༢༣ སྔོན་ལ།

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    ཨི་ཊ་ལིའི་གྱོན་གོས་བཟོ་ཚོང་དེ་འུ་ཐུག་པ་ལ་འཛམ་གླིང་ནང་
    འགྲོ་བ་མིའི་ཐོབ་ཐངས་ལ་རྡོག་རོལ་གཏོང་མཁན་གྱིས་རྒྱ་ནག་
    དམར་གཞུང་ལ་དགོང་སེལ་ཞུས་པ་ཙམ་གྱིས་ཨི་ཊ་ལིའི་རང་བཙན་
    རྒྱལ་ཁབ་ཀྱིས་ཆེ་མཐོང་འཛམ་གླིང་མདུན་མེད་པ་བཟོས་པ་མ་རེད་
    དམ་འཛམ་གླིང་གི་རྒྱལ་ཁབ་མང་པོས་རྒྱ་ནག་ནང་འགྲོ་བ་མིའི་
    ཐོབ་ཐངས་ཡག་པོ་མེད་པ་ནས་རྒྱ་ནག་མཉམ་ཚོང་འབྲེལ་བྱ་རྒྱུ་ཕྱི་
    འཐེན་བྱེད་པའི་སྐབས་འདིར་ཨི་ཊ་ལིའི་གྱོན་གོས་བཟོ་ཚོང་གིས་
    རྒྱ་ནག་ལ་དགོང་སེལ་ཞུ་བ་ནི་འགྲོ་བ་མིའི་ཐོབ་ཐངས་ལས་སྒེར་
    གྱིས་གྱོན་གོས་ཚོང་ལས་དེ་གལ་ཆེར་འཛིན་པ་ནི་འཛམ་གླིང་མི་
    མང་མདུན་ཨི་ཊ་ལིའི་བཟང་སྤྱོད་ཀྱིས་འགན་འཁུར་གསཀ་པོ་བསྟན་པ་མ་
    རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese