མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་སྲིད་བློན་འདས་པོ་ཀྲོའོ་ཙི་ཡཱང་གི་རུས་ཐལ་ནང་མིར་སྤྲད།

བོད་ཀྱི་དུས་བབ།
༢༠༡༩/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

ལོ་ངོ་ ༢༠ མ་ཟིན་ཙམ་གྱི་རྗེས་སུ་རྒྱ་ནག་གཞུང་གིས་དྲུག་བཞིའི་དམངས་གཙོའི་ཡར་ལངས་ལ་རྒྱབ་སྐྱོར་བྱེད་མཁན་སྲིད་བློན་འདས་པོ་ཀྲོའོ་ཙི་ཡཱང་ལ་དུར་བྱང་སྟབས་བདེ་ཞིག་བཟོས་ནས་དམ་དྲག་དང་གསང་རྒྱའི་འོག་ནང་མི་ཚོར་འདས་མཆོད་བྱེད་བཅུག་ཡོད་འདུག

དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་རྒྱ་ནག་གཞུང་གིས་ལོ་ངོ་ ༡༦ རིང་བཟང་བཙོན་དུ་བཅུག་ཞིང་ལོ་ངོ་ ༢༠ མ་ཟིན་རིང་ཁོང་གི་གནས་ཚུལ་གསང་རྒྱ་དང་དམ་དྲག་འོག་བཞག་པའི་རྒྱ་ནག་གི་སྲིད་བློན་འདས་པོ་དང་དྲུག་བཞིའི་སློབ་མའི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་སྐུ་ཞབས་ཀྲོའོ་ཙི་ཡཱང་(Zhao Ziyang)གི་ཕུང་པོ་སྲེག་པའི་རུས་ཐལ་ནང་མིར་ཕྱིར་སྤྲད་ནས། པེ་ཅིན་གྲོང་ཁྱེར་གྱི་ཁྲིན་པན(Changping cemetery)དུར་ཁྲོད་དུ་ཁོང་ལ་སྟབས་བདེའི་དུར་བྱང་ཞིག་བཙུགས་ཏེ། ཧ་ཅང་དམ་དྲག་དང་གསང་རྒྱའི་འོག་ནང་མི་ཚོར་འདས་མཆོད་ཆོ་ག་བྱེད་བཅུག་ཡོད་འདུག

གནད་དོན་དེའི་ཐད་ཀྲོའོ་ཡི་བུ་ཝང་ཀྲོའོ་ཧོ་(Wang Zhihua)ཡིས་ཧྥ་རན་སའི་ཨ་པེ་གསར་ཁང་ལ་ཁ་པར་བརྒྱུད། ལོ་ངོ་མང་པོ་ཞིག་ལ་ང་ཚོས་མུ་མཐུད་འབད་བརྩོན་བྱས་མཐར་ཡུན་རིང་ཞིག་གི་རྗེས། ང་ཚོས་པ་ལགས་ཀྱི་རུས་ཐལ་མདུན་ནས་གུས་འདུད་དང་སེམས་གསོ་བྱེད་ཐུབ་སོང་ཞེས་དང་། ཡང་ཁོས་ཐེངས་འདིར་པ་ལགས་ཀྱི་མདས་མཆོད་ཆོ་གའི་སྟེང་ནང་མི་དང་ཉེ་འབྲེལ་སོགས་མི་གྲངས་ ༢༠ མ་ཟིན་ཙམ་ཞིག་མཉམ་ཞུགས་བྱས་ཡོད་སྐོར་བརྗོད་པ་ལས། གཞན་ད་བར་རུས་ཐལ་ཕྱིར་ནང་མིར་རྩིས་སྤྲོད་མི་བྱེད་དགོས་དོན་སོགས་གནས་ཚུལ་ཞིབ་གསལ་གང་ཡང་བཤད་མེད་འདུག

ཨ་པེ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང། ནང་མི་ཚོས་ཀྲོའོ་ཡི་དུར་བྱང་ལ་ཆོ་ག་གྲུབ་རྗེས་དུར་བྱང་ངོས་སུ་བཀལ་བའི་ཁོང་གི་པར་རིས་ཉེན་རྟོག་པས་བླངས་ནས་མི་མཐོང་བ་བྱས་ཡོད་པ་དང་། གསར་འགོད་པ་ཚོར་ཁོང་གི་དུར་བྱང་པར་དང་བརྙན་སོགས་གང་ཡང་ལེན་བཅུག་མེད་པ་མ་ཟད། དེར་ཡོད་ཕར་འགྲོ་ཚུར་འོང་གི་མི་མང་གི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་དང་། ཀྲོའོ་ཡི་དུར་བྱང་ལ་འདས་མཆོད་སྒྲུབ་བཞིན་པའི་རྣམ་པ་མཐོང་བཅུག་མེད་ན་ཡང་། འདས་མཆོད་ཚར་རྗེས་མི་རེ་གཉིས་ཡོང་ནས་ཁོང་གི་དུར་བྱང་ལ་གུས་འདུད་བྱས་ཡོད་པ་མ་ཟད། མི་ཞིག་གིས་ཁོང་གི་དུར་བྱང་མདུན་དུ་པུས་མོ་བཙུགས་ཏེ་གུས་ཕྱག་ཐེངས་གསུམ་ལ་འཚལ་ཡོད་སྐོར་བརྗོད་འདུག

སྐུ་ཞབས་ཀྲོའོ་ཙི་ཡཱང་ལགས་ཕྱི་ལོ་ ༡༩༨༠ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་བློན་དུ་བསྐོས་ཡོད་པ་དང་། དེའི་རྗེས་ཕྱི་ལོ ༡༩༨༧ ལོར། རྒྱ་ནག་དམར་ཤོག་དབུས་དྲུང་ཆེར་བསྐོས་ཡོད་ན་ཡང་། ཕྱི་ལོ ༡༩༨༩ ལོའི་ཟླ ༡ ཚེས ༡༥ ཉིན་སྐུ་ཞབས་ཧའོ་ཡོ་པང་སྐུ་གཤེགས་པ་དེས་དྲུག་བཞིའི་དམངས་གཙོའི་ལས་འགུལ་བྱུང་བ་དང་། སྐབས་དེར་སྐུ་ཞབས་ཀྲོའོ་ཙི་ཡཱང་གིས་རྒྱ་ནག་གཞུང་གིས་སློབ་མར་དྲག་གནོན་བྱེད་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱས་སྟབས། སྐབས་དེའི་རྒྱ་ནག་གི་མགོ་འཁྲིད་ཏིང་ཞོ་ཕེང་གིས་གཙོས་ཆབ་སྲིད་མི་སྣ་རྒན་གྲས་ཚོས་ཁོང་གོ་གནས་ནས་གནས་དབྱུང་བཏང་བ་མ་ཟད། དེ་ནས་བཟུང་པེ་ཅིན་གྲོང་ཀྱེར་གྱི་རང་ཁྱིམ་དུ་བཟང་བཙོན་ལ་བཅུགས་པ་དང་། ལོ ༡༦ གི་རྗེས་ཏེ། ཕྱི་ལོ ༢༠༠༥ ཟླ ༡ ཚེ ༣ ཉིན་ཉིན་སྐུ་གཤེགས་ཡོད་ན་ཡང་། འདས་པའི་ལོ་ངོ་ ༢༠ མ་ཟིན་ཙམ་རིང་ཁོང་གི་དུར་ཐ་ནང་མིར་རྩིས་སྤྲོད་བྱས་མེད་པ་དང་། རྒྱ་ནག་གི་མཐོ་རིམ་མགོ་འཁྲིད་ཚོ་ལྟར་ཁོང་ལ་དུར་བྱང་བཙུགས་བཅུག་མེད་པ་མ་ཟད། རྒྱ་ནག་གི་དྲ་ལམ་ཁག་ཏུ་ད་བར་ཁོང་གི་མིང་དང་ལོ་རྒྱུས་སོགས་འབྲེལ་ཡོད་ཤེས་བྱ་མེད་པ་བཏང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༨ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༢ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese