མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྫ་དབོན་པོ་རུ་དམ་དྲག་ཆེན་པོ་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༩/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp
རྫ་ཆུ་ཁ་རྫ་སྨད་དབོན་པོ་སྡེ་བ་ནས་སྔ་གཞུག་ཏུ་རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་བོད་མི་ ༧ འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་ལྟར་ད་ལྟ་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག

འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཚེས་༢༡ ཉིན་རྫ་ཆུ་ཁ་རྫ་སྨད་དབོན་པོ་སྡེ་བའི་གཞོན་སྐྱེས་ཡོན་ཏན་ལགས་དང་། ལྷ་རྒྱལ་ལམ་ཆོས་སྐྱབས་ལགས་གཉིས་འཛིན་བཟུང་བྱས་རྗེས། སེར་ཤུལ་རྫོང་གི་དམག་མི་འབོར་ཆེན་ཞིག་རྫ་སྨད་ལ་བསླེབས་ཏེ་སྲང་ལམ་ཁག་ཏུ་ཉེན་རྟོག་རླངས་འཁོར་མང་པོས་སྐོར་སྲུང་བྱེད་ཀྱི་ཡོད་པ་མ་ཟད། རྫ་སྨད་གྲོང་རྡལ་ལདུ་གསང་བའི་བརྙན་ཆས་དང་ལྐོག་ཉན་འཕྲུལ་ཆས་བརྒྱུད་ནས་གང་སར་སོ་ལྟ་དང་། ཚོང་པ་དང་། སྤྲང་པོ། མི་དཀྱུས་མར་བརྫུས་ནས་ཕྱོགས་སོ་སོར་སོ་མྱུལ་བྱས་ཏེ། ཡུལ་མིའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་དང་དོགས་ཟོན་ཆེན་པོ་བྱེད་བཞིན་ཡོད་འདུག

ཕྱི་ཚེས་ ༢༡ ཉིན་འཛིན་བཟུང་བྱས་པའི་གཞོན་སྐྱེས་གཉིས་རྫ་སྨད་ནས་ཉིན་གཉིས་རིང་བཀག་ཉར་རྡུང་རྡེག་དྲག་པོ་བྱས་རྗེས། ཕྱི་ཚེས་ ༢༣ ཉིན་སེར་ཤུལ་རྫོང་ཐོག་ལ་ཁྲིད་ཡོད་པ་དང་།  རྫ་སྨད་སྲིད་གཞུང་ནི་རྫ་སྨད་དབོན་པོ་ཡུལ་ཚོ་དང་མཉམ་དུ་ཡོད་ཅིང་། ས་གནས་དེར་རྒྱུན་དུ་ཕྱོགས་གང་སའི་མི་མང་པོ་འཛོམས་ཀྱིན་ཡོད་པ་མ་ཟད། ཡུལ་ལུང་འདྲ་མིན་ནས་ཚོང་ཁང་དང་། ཟ་ཁང་། ཇ་ཁང་ཡང་མང་པོ་བཙུགས་ཡོད་འདུག

རྫ་སྨད་ལ་དབོན་པོ་ཡུལ་ཚོ་དང་།  ཁྲོམ་རྫ་ཡུལ་ཚོ། ཨ་རིག་རྫ་ཡུལ་ཚོ། ཝ་ཤུལ་ཡུལ་ཚོ། ཁྲོ་ཤུལ་གོང་མ་ཡུལ་ཚོ། ཁྲོ་ཤུལ་འགབ་མ་ཡུལ་ཚོ་བཅས་ཡུལ་ཚོ་དྲུག་ཡོད་པ་རེད།

འབྲེལ་ཡོད་གནས་ཚུལ། 
བོད་རང་བཙན་གྱི་ཤོག་དྲིལ་གཏོར་མཁན་བོད་མི་ ༥ འཛིན་བཟུང་བྱས་འདུག
རྫ་དབོན་པོ་ནས་ཡང་བསྐྱར་བོད་མི་གཉིས་འཛིན་བཟུང་བྱས།
 རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist