མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་སློབ་མར་སློབ་ཡོན་འཕར་སྣོན་བྱུང་བའི་དཀའ་ངལ་དབུས་ལ་ཞུས།

བོད་ཀྱི་དུས་བབ།
༢༠༡༩/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ལྡི་ལིའི་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོས་བོད་པའི་སློབ་མ་ཚོར་ཕྱི་རྒྱལ་གྱི་སློབ་མ་ནང་བཞིན་སློབ་ཡོན་འཕར་སྣོན་བྱུང་སྟེ་དཀའ་ངལ་འཕྲད་བཞིན་པའི་གནད་དོན་དེ། ལྡི་ལིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་རྒྱ་གར་དབུས་གཞུང་ལ་ཞུ་གཏུག་གནང་བཞིན་འདུགདེ་རིང་རྒྱ་གར་དཔལ་འབྱོར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  འདི་ལོའི་ཕྱི་ཟླ་ ༧ པ་བཟུང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡོད་པའི་ཇ་བ་ཧར་ལལ་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོས། ཕྱི་གླིང་བའི་སློབ་མ་ཚོར་སློབ་ཡོན་འཕར་སྣོན་གྱི་སྲིད་བྱུས་ཤིག་ལག་བསྟར་བྱེད་མགོ་བརྩམས་ཡོད་པ་ལྟར། བཙན་བྱོལ་བོད་མིའི་སློབ་ཕྲུག་ཚོའང་སློབ་ཡོན་འཕར་སྣོན་དེའི་ཁོངས་སུ་བཅུག་སྟེ། སློབ་ཕྲུག་མང་པོ་ཞིག་གིས་སློབ་ཡོན་སྤྲོད་མ་ཐུབ་པའི་དཀའ་ངལ་འོག་སློབ་མཚམས་བཞག་པ་དང་། སློབ་ཞུགས་མ་ཐུབ་པའི་དཀའ་ངལ་ཡོང་ཡོད་སྟབས། ཉེ་སྔོན་ཕྱི་ཟླ་ ༡༡ ཚེས་ ༢༧ ཉིན་ལྡི་ལིའི་སྐུ་ཚབ་དོན་གཅོད་ནས་རྒྱ་གར་དབུས་གཞུང་ལ་སྙན་ཞུ་ཞིག་ཕུལ་ཏེ། བོད་པ་ཚོ་རྒྱ་གར་ནང་སྐྱབས་བཅོལ་བ་ཡིན་པས་བོད་པའི་སློབ་ཕྲུག་ཚོ་ཕྱི་གླིང་བའི་སློབ་ཕྲུག་ནང་བཞིན་སློབ་ཡོན་ལེན་གྱི་ཡོད་པ་ནི་དྲང་པོ་མིན་སྟབས།  རྒྱ་གར་ཕྱི་སྲིད་དང་མི་ཤུགས་གོང་འཕེལ་བློན་ཆེན་ལྷན་ཁང་གཉིས་ནས་མགྱོགས་མྱུར་རྒྱ་གར་ནང་སྲིད་ལྷན་ཁང་གི་བཀོད་ཁྱབ་གཞིར་བཟུང་། ཕྱི་ལོ་ ༢༠༡༤ ལོའི་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཀྱི་དགོངས་དོན་ལྟར། ཇ་བ་ཧར་ལལ་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོ་ཚུད་པའི་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་བོད་མི་ཚོར་དམིགས་བཀར་གྱི་འགྲོ་ལུགས་འགྲོ་སྟངས་ཤིག་ཡོད་པ་ལག་བསྟར་ཡོང་བའི་རེ་སྐུལ་ཞུས་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ལྡི་ལིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་སུ་གནད་དོན་འདིའི་སྐོར་ལ་བཀའ་འདྲི་ཞུས་སྐབས། ཇ་བ་ཧར་ལལ་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཡོད་པའི་བོད་པའི་སློབ་ཕྲུག་ཚོས་ཕྱི་རྒྱལ་བའི་སློབ་མ་ནང་བཞིན་སློབ་ཡོན་སྤྲོད་དགོས་ལབ་པ་རེད། དེར་བརྟེན། ང་ཚོས་ཞུ་གཏུག་བྱེད་བཞིན་ཡོད། ད་ལྟའི་ཆར་གནས་ཚུལ་འདིའི་སྐོར་ལ་གྲུབ་འབྲས་ག་རེ་འཐོན་གྱི་ཡོད་མེད་སོགས་ཤེས་ཀྱི་མེད་པ་དང་གྲུབ་འབྲས་ཆ་ཚང་ཞིག་ཐོན་མེད་པས། དམིགས་བསལ་གང་ཡང་ཞུ་རྒྱུ་མེད། ཅེས་གསུངས་བྱུང་།

སློབ་ཡོན་འཕར་སྣོན་བྱས་རྐྱེན་འདི་ལོར་སློབ་ཕྲུག་ཉུང་ཉུང་ཞིག་ལས་སློབ་ཆེན་དེར་འཛུལ་ཞུགས་ཐུབ་མེད་སྐོར་སྐུ་ངོ་དོན་གཅོད་ལགས་ཀྱིས། སྤྱིར་བཏང་ཇ་བ་ཧར་ལལ་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བོད་པའི་སློབ་ཕྲུག་མང་པོ་ཡོད་པ་རེད། འདི་ལོར་བོད་པའི་སློབ་མ་སློབ་འཇུག་ཐོབ་མཁན་ཁྱོན་མི་གྲངས་ ༤༠ ཙམ་ཡོད་ཀྱང་། སློབ་ཡོན་འཕར་སྣོན་བྱས་པའི་རྐྱེན་གྱིས་བོད་པའི་སློབ་མ་ཁྱོན་ ༡༠ ཙམ་ལས་འཛུལ་ཞུགས་བྱེད་ཐུབ་མེད་པ་རེད། ཅེས་གསུངས་བྱུང་།

ད་ལྟའི་ཆར་སློབ་ཡོན་གྱི་དཀའ་ངལ་འོག་སློབ་ཆེན་དེར་འགྲིམས་མ་ཐུབ་པར་དྷ་ས་དང་ལྡི་ལི་སོགས་སུ་ལས་ཀ་བྱས་ཏེ་བསྡད་ཡོད་མཁན་ཁག་ཅིག་འདུག་ལ། སློབ་ཡོན་འཕར་སྣོན་བྱུང་རྐྱེན་སློབ་མཚམས་འཇོག་དགོས་བྱུང་བའི་དཀའ་ངལ་འདི་ད་ལྟའི་ཆར་རྒྱ་གར་གྱི་སློབ་ཆེན་གཞན་ནང་བྱུང་ཡོད་པའི་གནས་ཚུལ་གོ་ཐོས་མི་འདུག

འདི་ལོའི་ཕྱི་ཟླ་ ༧ པའི་ནང་ཇ་བ་ཧར་ལལ་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོས་ཕྱི་རྒྱལ་གྱི་སློབ་མ་ཚོར་སློབ་ཡོན་འཕར་སྣོན་གྱི་སྲིད་ཇུས་ཤིག་བཟོས་ཏེ། དེ་སྔོན་ཕྱི་གླིང་བའི་སློབ་ཕྲུག་ཅིག་གིས་སྤྱི་ཚོགས་ཚན་རིག་དང་ཚན་རིག་སོགས་ཀྱི་སློབ་ཚན་ལ་ལོ་རེར་ཨ་སྒོར་ ༡༠༠ ཡིན་ཡང་། སློབ་ཡོན་འཕར་སྣོན་བྱས་རྗེས་སྤྱི་ཚོགས་ཚན་རིག་ལ་སློབ་མ་རེ་ཡིས་ལོ་རེར་སློབ་ཡོན་ཁྱོན་ཨ་སྒོར་ ༡༢༠༠ དང་ཚན་རིག་ལ་ཨ་སྒོར་ ༡༧༠༠ བཅས་སྤྲོད་དགོས་པ་ཆགས་ཡོད་འདུག

སྤྱིར་བཏང་རྒྱ་གར་ནང་གི་བོད་རིགས་སློབ་མ་ཚོར་ཤེས་ཡོན་གནས་ཚད་དང་སློབ་ཡོན་གྱི་ཐོག་ནས་རྒྱ་གར་གྱི་མི་སེར་ཡིན་པའི་སློབ་ཕྲུག་ཚོ་དང་འདྲ་མཉམ་མ་ཡོང་བའི་དཀའ་ངལ་ཞིག་ཡོང་བཞིན་ཡོད་ཀྱང་། འབྲེལ་ཡོད་ལ་དཀའ་སྡུག་ཡར་ཞུ་བྱས་ཏེ་སེལ་ཐུབ་པ་ཡོང་གི་ཡོད་པ་རེད། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༩ ཉིན་རྒྱ་གར་གྱི་བྷ་ན་རཱ་སི་ཧིན་རྡུ་མཐོ་སློབ་(Banaras Hindu University)གྱིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། མཐོ་སློབ་དེར་ཞུགས་མཁན་བོད་རིགས་སློབ་མ་ཚོ་སྐྱབས་བཅོལ་བའི་གནས་བབ་འོག་སློབ་ཡོན་ཆག་ཡང་བཏང་སྟེ་རྒྱ་གར་གྱི་སློབ་མ་དང་གཅིག་མཚུངས་ལྟར་སྤྲོད་ཆོག་པ་མ་ཟད། རྒྱ་གར་གྱི་ཡུལ་མི་ལྟར་རྒྱུགས་འབྲས་རྩེ་བཏོག་གི་འགྲན་སྡུར་ནང་དུའང་ཞུགས་མི་དགོས་པའི་དམིགས་བསལ་གྱི་སློབ་འཇུག་གི་སྒྲིག་གཞི་གསར་པ་ཞིག་གཏན་འབེབ་གནང་ཡོད་ལ། ཐག་གཅོད་དེ་ནི་བྷ་ན་རཱ་སི་བོད་རིགས་སློབ་མའི་མཐུན་ཚོགས་ནས་ཞུ་སྐུལ་མང་པོ་བྱས་རྗེས་བྱུང་བ་ཞིག་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

སྐར་མ ༥༡ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༡༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༢༡ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༢༡ སྔོན་ལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese