མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཡེ་ཤུ་ཆོས་དཔོན་ཞིག་ལ་ལོ་ ༩ བཙོན་འཇུག་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༡༩/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཡེ་ཤུ་ཆོས་དཔོན་ཞིག་ལ་རྒྱལ་ཁབ་མགོ་རྟིང་སློག་རྩིས་བྱས་པའི་ཉེས་མིང་འོག་ལོ་དགུའི་བཙོན་འཇུག་ཁྲིམས་ཆད་དང་ལོ་གསུམ་གྱི་ཆབ་སྲིད་ཐོབ་ཐང་མེད་པ་བྱས་ཡོད་འདུག

དེ་རིང་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས། ཁྲིན་ཏུའུ་(Chengdu)གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཡེ་ཤུ་ཆོས་ལུགས་ཀྱི་ལྷ་ཁང་(Early Rain Covenant Church)གི་ཆོས་དཔོན་ཝང་ཡེ་(Wang Yi)ལ། རྒྱལ་ཁབ་མགོ་རྟིང་སློག་རྩིས་བྱས་པའི་ཉེས་མིང་འོག ལོ་ ༩ ཡི་བཙོན་འཇུག་ཁྲིམས་ཐག་དང་ལོ་ ༣ ཀྱི་ཆབ་སྲིད་ཐོབ་ཐང་མེད་པ་བྱས་ཏེ། སྒེར་གྱི་རྒྱ་སྒོར་ཁྲི་ ༥ གཞུང་བཞེས་བཅས་ཀྱི་ཉེས་ཆད་བཅད་ཡོད་འདུག

གནད་དོན་དེའི་སྐོར་ལ་ཆོས་དཔོན་ཝང་ཡེ་ཡི་ཁྲིམས་རྩོད་པའི་ངོ་ཤེས་ཤིག་གིས། ལོ་ ༩ བཙོན་འཇུག་ཁྲིམས་ཆད་ནི་ཧ་ཅང་ཐལ་དྲགས་པ་དང་། ཁྲིམས་ཁང་དུ་ཝང་ཡེའི་ཁྲིམས་རྩོད་པས་རྩོད་སྒྲུབ་བྱེད་སྐབས། ནག་ཉེས་གང་ཡིན་བཅས་ཀྱི་བདེན་དཔང་གཅིག་ཀྱང་བསྟན་མེད་པ་མ་ཟད། ད་དུང་ཆོས་དཔོན་གྱི་བཟའ་ཟླ་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་གཅིག་ཀྱང་བྱུང་མེད། ཅེས་བརྗོད་ཡོད་པ་དང་། ཆོས་དཔོན་ཝང་ཡེ་ཡི་བཟའ་ཟླ་བཟང་བཙོན་དུ་བཅུག་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

རྒྱ་ནག་གི་ཁྲིམས་ལུགས་ལྟར་ན་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡུལ་ལྷ་ཁང་དང་ཆོས་ཁང་གང་ཡིན་རུང་གཞུང་ལ་ཐོ་འགོད་བྱས་ཏེ། གཞུང་གི་ལྟ་རྟོགས་འོག་གནས་དགོས་ཀྱི་ཡོད་སྟབས། མི་མང་པོ་ཞིག་གིས་ནང་ལྟ་བུའི་ཁང་པ་ཆུང་གྲས་ནང་ཆོས་བྱེད་ཀྱི་ཡོད་པ་དང་། ལྷ་ཁང་(Early Rain Covenant Church)ཡང་དེ་ལྟ་བུའི་ལྷ་ཁང་ཆུང་ཆུང་ཞིག་ཡིན་པ་དང་། ལྷ་ཁང་དེ་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གཞུང་གིས་ཡེ་ཤུ་ཆོས་ལུགས་ཀྱི་རྗེས་འབྲངས་པར་དྲག་གནོན་གྱི་སྲིད་ཇུས་སྤེལ་ཡུལ་ཐོག་མའི་གྲས་ཆགས་ཡོད་འདུག

རྒྱ་ནག་གི་རྩ་ཁྲིམས་ནང་ཆོས་ལུགས་རང་དབང་ཡོད་ཅེས་བརྗོད་བཞིན་ཡོད་ནའང་། ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བཟུང་ཆོས་ལུགས་རང་དབང་ནི་དམར་ཤོག་ཚོགས་པའི་ཁ་གཏད་ཡིན་པའི་ངོས་འཛིན་འོག ཆོས་ལུགས་ཐོག་དམ་དྲགས་ཇེ་ཆེར་བཏང་བ་དང་། རྒྱ་ནག་གཞུང་གིས་འདས་ལོའི་ཕྱི་ཟླ་ ༡༡ དང་ ༡༢ པའི་ནང་པེ་ཅིན་དུ་ཡོད་པའི་(Zion)ལྷ་ཁང་དང་ཀོང་ཀྲུའུ་གྲོང་ཁྱེར་དུ་ཡོད་པའི་(Rongguili)ལྷ་ཁང་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་སའི་ལྷ་ཁང་མང་པོ་ཞིག་སྒོ་བརྒྱབ་བཅུག་ཡོད་འདུག

ཆོས་དཔོན་ཝང་ཡེ་ལགས་ནི་འདས་ལོར་རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་ཡེ་ཤུ་ཆོས་ལུགས་ཀྱི་སྡེ་ཁག་ཐོག་དྲག་གནོན་སྐབས། ཡེ་ཤུ་ཆོས་དཔོན་ ༡༠ ལྷག་འཛིན་བཟུང་བྱས་པའི་ཁྲོད་ཀྱི་གཅིག་ཡིན་པ་དང་། ཁོང་འདས་ལོའི་ཟླ་ ༡༢ པའི་ནང་འཛིན་བཟུང་བྱས་ཏེ་ད་ལྟའི་བར་འདྲི་གཅོད་བྱས་ཡོད་པ་མ་ཟད། ཁོ་ལ་ད་དུང་ནག་ཚོང་བརྒྱབས་པའི་ཉེས་འཛུགས་ཀྱང་བྱས་ཡོད་འདུག ཝང་ཡེ་ལགས་ནི་ཆོས་དཔོན་ཙམ་མ་ཟད་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཞིག་དང་། མཁས་པ་ཞིག་ཀྱང་ཡིན་པ་དང་ཁོས་དེ་སྔ་རྒྱ་ནག་གཞུང་གིས་དྲག་གནོན་སྲིད་བྱུས་ལ་སྐྱོན་བརྗོད་དང་། རྒྱ་ནག་གི་དྲུག་བཞིའི་སློབ་མའི་དམངས་གཙོའི་ཡར་ལངས་སོགས་གླེང་སློང་བྱས་ཡོད་འདུག ཕྱི་ལོ་ ༢༠༠༦ ལོར་ཁོ་ཨ་རིའི་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་བྷོ་ཤི་མཆོག་དང་ཐུག་འཕྲད་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

མཆན། 0

  1. ཨ་འབར་་་འཇིགས་དབང། says:
    ལོ་ 3 སྔོན།

    ག་འདྲ་ཡིན་ནམ།
    མི་ཡག་པ་ཚང་མ་བཙན་བཟུང་བརྩོན་ལ་བཅུག་ མི་ལ་མིས་བཙན་གནོན་ཤ་སྟག་བཏང་ནས་
    མི་ལ་རང་དབང་མེད། ཆོས་རྕ་མེད་བཏང། སྣང་བ་གང་དྲན་བྱས། རྒྱ་དམར་པོའི་འགོ་གཙོ་རྣམས་
    ཤི་མི་དགོས་པ་ཡིན་བསམ་བཞིན་ཡོད། རིམ་པས་རྒས་ཤིང་ཤི་བ་དངོས་འབྲེལ་ཡིན་པ་ཤེས་ཀྱི་་མེད་པ་ཡིན་ནམ།
    ག་དུས་ཡིན་ཡང་ཚིག་གསུམ་བཤད་ཀྱི་ཡོད་པ་རེད། རྒྱ་ནག་གི་ནང་སྲིད་ལ་བྱུས་གཏོགས་མ་བྱེད།
    ཁ་བྲལ་བ་རེད། རྒྱ་ནག་ནང་བདེ་སྐྱིད་ལྡན་པ་ཡོད།
    དངོས་འབྲེལ་བྱས་ན་རྒྱ་ནག་ནང་ཉམ་ཐག་ས་ཡ་མང་པོ་དབུལ་ཞིང་འཚོ་བ་ཤིན་ཏུ་སྐྱོ་བོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist