མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཙོད་ཀྱིས་ཕྱག་འཚལ་བ།

བོད་ཀྱི་དུས་བབ།
༢༠༢༠/༠༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཝང་ཙུང་རེན་གྱིས་བརྩམས། (ཧྲན་ཞི)

 རིག་སྨོན་ཚེ་རིང་བསམ་འགྲུབ་ཀྱིས་བསྒྱུར།

འདི་ནི་བོད་ཡུལ་ནས་གོ་ཐོས་བྱུང་བའི་གཏམ་རྒྱུད་ཅིག་ཡིན་ལ། གཏམ་རྒྱུད་དེ་བྱུང་བའི་ལོ་རབས་ནས་ད་ལྟའི་བར་ལོ་དུ་མ་ཞིག་འགོར་ཡོད། ཡིན་ན་ཡང་། ང་རང་རླངས་འཁོར་ལ་བསྡད་དེ་བོད་བྱང་ཐང་གི་མི་མེད་ལུང་སྟོང་ས་ཁུལ་དེ་བརྒལ་ནས་འགྲོ་ཐེངས་རེར། ནམ་རྒྱུན་གཏམ་རྒྱུད་འདིའི་བརྗོད་བྱའི་མི་སྣ་གཙོ་བོ་སྟེ་ཨ་མའི་བྱམས་བརྩེ་ཟབ་མོ་པུས་བཙུགས་ཀྱིས་ཤུགས་ཆེར་མཚོན་པར་བྱེད་པའི་གཙོད་མ་དེ་དྲན་འོངས།

སྐབས་དེར། རི་སྐྱེས་སྲོག་ཆགས་དམར་གསོད་གཏོང་བ་དང་གང་འདོད་དུ་འཛིན་བཟུང་བྱས་ན་ཡང་བཅའ་ཁྲིམས་ཀྱི་ཉེས་ཆད་ཕོག་མི་སྲིད། ཏག་ཏག་ཉིན་མོ་འདིར། ཨ་ཆེན་གངས་རྒྱབ་ཀྱི་བོའུ་སྐད་དེ་སྔར་བཞིན་ནག་ཉེས་ཀྱི་ཡལ་བ་མེད་པའི་འུར་ཆོམ་གྱི་སྒྲ་དང་འགྲོགས་ནས་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐོར་ལྟ་བྱེད་པའི་སྐུ་སྲུང་པ་རྣམས་ཀྱི་གོམ་ཁ་བསྒྱུར་དཀའ་བའི་གནས་སུ་བྲག་ཅར་འཁོར་བྱུང་། ལོ་དེར་ག་སར་མཐོང་རྒྱུ་ཡོད་པའི་གཙོད་དང་། རྐྱང་། ལྷ་བྱ་གོང་མོ། རྒོ་བ་སོགས་ནི་དེང་སྐབས་ཉིན་མོའི་སྐར་མ་བཞིན་མཐོང་རྒྱུ་ཧ་ཅང་དཀོན།

སྐབས་དེར། དུས་རྒྱུན་བོད་བྱང་ཐང་དུ་བསྐྱོད་པའི་མི་རྣམས་ཀྱིས་ནམ་རྒྱུན་སྐྲ་ལོ་ཕྲག་པར་ཁེབས་ཤིང་སྨ་ར་སྟུག་པོ་ཅན་ཏེ་རྐང་ལ་འཇུར་རྟ་ཡུ་རིང་གྱོན་པའི་རྔོན་པ་རྒན་པོ་ཞིག་མཚོ་བོད་གཞུང་ལམ་གྱི་ཉེ་འདབས་སུ་ཉུལ་བཞིན་པ་མཐོང་འོངས། ཡུན་རིང་པོར་དལ་བུར་བརྡར་བས་འཇམ་ཤས་ཆེ་ལ་འོད་མདངས་འཕྲོ་བའི་མེ་མདའ་ར་གཉིས་མ་དེ་ཁོའི་རྒྱབ་ཏུ་འཕྲེད་གཟུར་བྱས་ནས་ཁུར་ཡོད་ཅིང་། རྗེས་ན་གཡག་རྒན་སྣ་ལོ་ཅན་གཉིས་ཀྱི་རྒྱབ་ཏུ་ལྗིད་ཏིག་ཏིག་གི་བཤོར་བྱ་སྣ་ཚོགས་ཁལ་དུ་བཀལ་ཡོད། ཁོ་ལ་མིང་དང་རིགས་རུས་ཅི་ཡང་མེད་ཅིང་རྒྱལ་ཁམས་ཕྱོགས་མེད་དུ་ཉུལ་མཁན་ཞིག་སྟེ། ནངས་སྔ་མོ་བོད་བྱང་ཐང་གི་ཁ་བའི་ཀློང་ནས་ལམ་ལ་ཆས་རྗེས། མཚན་མོ་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་གང་སར་ཞག་སྡོད་བྱེད། བཀྲེས་པའི་དུས་སུ་མེ་སྒོང་བརྒྱབ་ཏེ་རྒོ་ཤ་བཙོས་ནས་ཟ་ཞིང་སྐོམ་དུས་གངས་ཆུ་འཁྱགས་པ་ཕོར་གང་རེ་བཅུས་ཏེ་འཐུངས་པ་ཡིན། རི་དྭགས་བཤོར་ནས་ཐོབ་པའི་ཀོ་པགས་དེ་དག་ཀྱང་དངུལ་རྡོག་འགའ་རེར་བརྗེ་ཐུབ་པ་ལྟ་ཅི་སྨོས་ཏེ། ཁོས་དེ་ལས་ཕྱེད་ཀ་ཙམ་རང་གིས་ལོངས་སུ་སྤྱོད་པ་ལས་མང་ཆེ་ཤོས་ལམ་ཁར་འཕྲད་པའི་མཇལ་ཕྱག་པ་རྣམས་སྐྱོབ་ཆེད་དུ་སྦྱིན་པར་གཏོང་སྲིད། བརྐྱངས་ཕྱག་འཚལ་ནས་ཉི་མ་ལྷ་སར་མཇལ་དུ་འགྲོ་བའི་བོད་པ་རྣམས་བློ་མོས་ཡིད་སྤྲོའི་སྒོ་ནས་དཀའ་ཚེགས་དང་གནས་བབ་ཉེན་ཁ་ཆེ་བའི་ལམ་ཐག་ཧ་ཅང་རིང་པོ་ཞིག་བརྒྱུད་ནས་འགྲོ་ཞིང་། རྔོན་པ་རྒན་པོ་དེས་ནམ་རྒྱུན་ཁོ་ཚོར་སྦྱིན་པ་བཏང་ནས་སྐྱོབ་ཐེངས་རེར། སྐྱབས་གནས་དམ་པ་ལྷ་ཡིས་དགོངས། ལམ་སྐབས་རྐྱེན་ངན་གེགས་ཆད་མི་འབྱུང་བར་ཤོག་ཅེས་མིག་ལ་མཆི་མ་འཁོར་ནས་གསོལ་སྨོན་ཞུ།

རྔོན་པ་རྒན་པོར་སྡིག་སྤྱོད་དང་དགེ་སེམས་གཉིས་ཀ་ལྡན་ཞིང་། ཁོའི་ལག་གི་མེ་མདའ་ར་གཉིས་མ་དེ་ནི་འདི་འདྲའི་གནས་ཚུལ་ཞིག་བྱུང་རྗེས་སུ་དོར་དགོས་པར་བསྐུལ་བ་ཡིན། ཡང་ན་དེ་ནི་ཁོའི་ལས་བསོད་ཤིན་ཏུ་བཟང་བའི་ཉིན་མོ་ཞིག་རེད་ཅེས་བརྗོད་ཀྱང་ཆོག་ཏེ། ནངས་སྔ་མོ་ཞིག་ལ། ཁོ་རང་སྦྲ་ཁྱིམ་ལས་སྒོར་བུད་ནས་སྐྱེད་རྒྱངས་ཤིག་བྱས་རྗེས་ད་ནི་འོ་ཇ་ཟངས་ཕོར་གང་འཐུང་སྙམ་པའི་ཚེ་ན། གློ་བུར་དུ་གོམ་པ་འགའི་བར་ཐག་ལས་མེད་པའི་མདུན་ཕྱོགས་ཀྱི་སྤང་ལྡེབས་ཐོག་ན་གཙོད་མ་ཤ་རྒྱགས་པ་ཞིག་འགྲེང་འདུག་པ་མཐོང་བྱུང་། ཁོའི་མིག་གཉིས་ལ་གསལ་མདངས་ཤིག་ཐོན་ཏེ། ད་རེས་མ་འབད་རང་ཐོབ་ཀྱི་ནོར་བུ་བཟང་པོ་ཐོལ་གྱིས་རག་བྱུང་སྙམ། མཚན་གང་པོར་གཉིད་མཐུག་པོ་ལོག་ཡོད་པའི་རྔོན་པ་རྒན་པོའི་ལུས་ཡོངས་སུ་འཕྲལ་མར་ཁམས་དྭངས་ཤིང་ཡིད་སྤྲོ་བའི་ངར་ཤུགས་ཤིག་ངང་གིས་རྒྱས་ཏེ། སོམ་ཉི་སྤུ་ཙམ་ཡང་མ་བྱས་པར་ཕྱིར་ཁྱིམ་དུ་ལོག་ནས་སྡིག་བོའུ་ར་གཉིས་མ་བཟུང་སྟེ་སོ་ཁ་གཙོད་མར་སྤྲད་པ་ན། ཡ་མཚན་པ་ཞིག་ལ། གཙོད་མ་ཤ་རྒྱགས་པ་ཅན་དེ་བྲོས་བྱོལ་གཏན་ནས་མ་བྱས་པར། སྐྱབས་ཞུའི་མིག་གི་རྣམ་འགྱུར་གྱིས་རྔོན་པ་རྒན་པོའི་གདོང་ལ་ལྟ་བཞིན་ཁོའི་ཕྱོགས་སུ་གོམ་པ་གཉིས་ཙམ་སྤོས་ཏེ། མདུན་སུག་གི་པུས་མོ་གཉིས་ས་ལ་ལྗིད་ཏིག་གེར་བཙུགས་པའི་མོད་ལ་གཙོད་མའི་མིག་མཐའ་ནས་མཆི་མ་རིང་པོ་གཉིས་ལྷུང་བ་ན། རྔོན་པ་རྒན་པོས་ཀྱང་སེམས་ཀྱིས་མ་བཟོད་པར་མེ་མདའི་སྤོར་ཏོག་འདེད་པའི་ལག་པ་རང་དབང་མེད་པར་ཡུད་ཙམ་ལ་ལྷོད་དགོས་བྱུང་། བགྲེས་གཞོན་ཀུན་གྱིས་ཤེས་པའི་བོད་ཀྱི་ཁ་དཔེ་ཞིག་ལ། ནམ་མཁའི་བྱ་དང་ས་ཡི་ཨ་བྲས་ཀྱང་། །མགོ་ནག་མི་ཡི་རྣམ་འགྱུར་ཤེས་ལོས་སྲིད། །ཟེར་བའི་དཔེ་བཞིན། སྐབས་འདིར། གཙོད་མ་དེས་ཁོ་ལ་པུས་མོ་སར་བཙུགས་པ་ཡང་སྲོག་ཐར་དུ་གཏོང་བའི་ཞུ་བ་བྱས་པ་ཡིན་པ་སྨོས་ཅི་དགོས་ཀྱང་། ཁོ་ནི་རྔོན་པ་ཞིག་ཡིན་པས་གཙོད་མའི་སྙིང་རྗེ་ཡིས་ཡིད་འགུལ་མ་ཐེབས་ན་དེ་ཡང་བསམ་ཡུལ་ལས་མ་འདས་པའི་དོན་དག་ཅིག་ཅི་ལ་མིན། ཁོས་མིག་ཟུང་ཐེངས་གཅིག་བཙུམས་ཏེ་མེ་མདའི་སྤོར་ཏོག་དེད་མ་ཐག་རྡིར་སྒྲ་དང་བཅས་གཙོད་མ་དེ་སར་བསྒྱེལ་ཞིང་། ས་ན་སྔར་བཞིན་པུས་བཙུགས་ཀྱི་ཚུལ་དུ་འགྱེལ་འདུག་ལ་གདོང་གི་མིག་ཆུ་རྡོག་གཉིས་ལྷུང་ཤུལ་དེ་ཡང་གསལ་པོར་མངོན་ཡོད།

ཉིན་དེར། ཁོས་ནམ་རྒྱུན་བཞིན་རིང་མིན་ལག་ཏུ་ཚུད་ཡོང་བའི་གཙོད་ཀྱི་ཁོག་པ་འདོན་པ་དང་ཤ་པགས་བཤུ་བ་སོགས་མི་བྱེད་པར། ཁོའི་མིག་ལམ་དུ་པུས་མོ་སར་བཙུགས་པའི་གཙོད་མ་དེ་ཡང་ཡང་འཁོར་འོངས་ཤིང་། སེམས་ལ་གཙོད་མ་དེས་པུས་མོ་སར་འཛུགས་དགོས་དོན་ག་རེ་ཡིན་ནམ་སྙམ་ནས་དོགས་པ་སྐྱེས། འདི་ནི་ཁོས་ལོ་ངོ་བཅུ་ཕྲག་ལྷག་ལ་རི་དྭགས་བཤོར་ནས་ཐེངས་དང་པོར་མཐོང་བའི་སྣང་ཚུལ་དེ་ཁོ་ན་ཉིད་ཡིན། མཚན་མོར་ས་ཐོག་ཏུ་ཉལ་བར་གོམས་ཡོད་པའི་རྔོན་པ་རྒན་པོ་ཡུན་རིང་བར་དུ་གཉིད་ཀྱང་ཁུག་དཀའ་བ་བྱུང་སྟེ་ལག་པ་གཉིས་ཡུན་རིང་པོར་འདར་སིག་སིག་བྱས།

དེའི་ཕྱི་ཉིན། རྔོན་པ་རྒན་པོའི་སྙིང་ཁོང་ལུ་གུ་ལྡིང་བ་བཞིན་བློ་སེམས་ཆེར་མི་བདེ་བ་ཞིག་གིས་གཙོད་ཀྱི་ཤ་པགས་བཤུས་ཏེ་བྱང་ཁོག་འདོན་རྩིས་བྱས་ཤིང་། ཁོའི་ལག་པ་གཉིས་སྔར་བཞིན་འདར་སིག་སིག་བྱས། དེ་ནས་གཙོད་མའི་གསུས་ཁོག་གྲིའི་སོ་ཁ་ནས་གཤགས་མགོ་བརྩམས་པ་ན། ཁོ་རང་ཧ་ལས་ཚུལ་ཞིག་གིས་ཁ་ནས་སྐད་སྒྲ་ཞིག་ཀྱང་ཤོར་ཏེ་ལག་གི་བཤའ་གྲི་དིང་ལྷང་ངེར་ཐང་ལ་ལྷུང་སོང་། མ་གཞི་གཙོད་མའི་མངལ་དུ་གཙོད་ཕྲུག་ཅིག་ཁུ་སིམ་མེར་སྦྲུམ་འདུག་སྟེ་གཟུགས་གཞི་ཡང་གྲུབ་ཟིན་ཡོད་མོད། འོན་ཀྱང་གཙོད་ཕྲུག་དེའི་སྲོག་དབུགས་ཆད་ཟིན་འདུག་པ་ནི་སྨོས་ཅི་དགོས། སྐབས་འདིར། རྔོན་པ་རྒན་པོས་ད་གཟོད་གཙོད་མ་དེའི་ལུས་པོ་ཤ་རྒྱགས་པ་ཞིག་ཡིན་དོན་ཧ་གོ་ཞིང་། གཙོད་མས་རྒྱུ་མཚན་ཅིའི་ཕྱིར་དུ། ལྗིད་རྫོབ་ཆེ་བའི་ལུས་པོ་མར་བསྒུར་ནས་རྔོན་པར་པུས་མོ་བཙུགས་པ་ཡང་ཧ་གོ་བར་གྱུར་ཡོད་དེ། དོན་ངོ་མར་གཙོད་མ་དེས་རྔོན་པ་ལ་རང་གི་ཕྲུ་གུ་སྲོག་ཐར་དུ་གཏོང་དགོས་པའི་ཞུ་བ་བྱས་པ་མ་ཡིན་ནམ།

ས་སྒང་གི་འགྲོ་བ་མིའི་རིགས་དང་སྲོག་ཆགས་དུད་འགྲོ་གང་དང་གང་ཡིན་ཡང་། གནམ་འོག་གི་བྱམས་བརྩེ་ལྡན་པའི་ཨ་མ་ཡོད་ཚད་ཀྱིས་ཕྱག་འཚལ་བ་ནི་མཆོག་གྱུར་བླ་ན་མ་མཆིས་པ་ཞིག་རེད། རྔོན་པ་རྒན་པོས་བྱང་ཁོག་འདོན་བཞིན་པ་དེ་བར་སྐབས་ཤིག་ནས་མཚམས་བཞག་བྱུང་། ཉིན་དེར། ཁོ་རང་རི་དྭགས་རྔོན་དུ་མ་སོང་བར། རི་ལྡེབས་ངོས་ནས་ས་དོང་ཞིག་བརྐོས་ཏེ་གཙོད་མ་དེ་དང་འཇིག་རྟེན་གྱི་དཀར་ངོགས་སུ་མ་སླེབས་པའི་གཙོད་མའི་ཕྲུ་གུ་གཉིས་མཉམ་དུ་དུར་འཇུག་བྱས་པར་མ་ཟད། ད་དུང་ཁོའི་སྡིག་བོའུ་ར་གཉིས་མ་དེ་ཡང་སར་སྦས་བྱུང་། དུས་དེ་ནས་བཟུང་རྔོན་པ་རྒན་པོ་དེ་བོད་བྱང་ཐང་གི་རྩྭ་ཐང་ནས་གར་སོང་ཆ་མེད་དུ་གྱུར་ཅིང་། ཁོ་རང་གར་སོང་འདིར་སོང་སུ་ལའང་བཤད་རྒྱུ་མེད་དོ། །

མ་ཡིག་གི་ཡོང་ཁུངས། སྐུ་ཞབས་ཝང་ཙུང་རེན་གྱི་ལྷུག་རྩོམ་ཕྱོགས་བསྒྲིགས༼གཙོད་ཀྱིས་ཕྱག་འཚལ་བ༽《藏羚羊的跪拜》ལས་བཤུས། 

ཝང་ཙུང་རེན། རྒྱ་རིགས། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྩོམ་པ་པོ་དང་། རྒྱ་ནག་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། རྒྱ་ནག་ལྷུག་རྩོམ་རིག་གཞུང་ལྷན་ཚོགས་ཀྱི་དྲུང་ཆེ་སོགས་ཡིན།. བརྩམས་ཆོས་གཙོ་བོར་ཨ་ཆེན་གངས་རྒྱབ་ཀྱི་རི་དྭགས་སྤྱང་པོ་དང་། མྱ་ངམ་ཐང་དང་མི། ལྷ་སའི་གཙང་པོའི་ཉམས་འགྱུར་སོགས་ཆེད་དེབ་ ༣༡ ལྷག་པར་སྐྲུན་བྱས་ཡོད་ཅིང་། དེ་ལས་གྲགས་ཆེ་བའི་ལྷུག་རྩོམ་གཙོད་ཀྱིས་ཕྱག་འཚལ་བ་ནི་རྒྱ་ནག་གི་སློབ་ཆུང་ལོ་རིམ་ལྔ་པའི་རྒྱའི་སྐད་ཡིག་བསླབ་དེབ་ཏུ་བདམས་མྱོང་ཡོད།

འབྲེལ་ཡོད་གསར་འགྱུར།

གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

ཆུ་ཚོད་ ༧ སྔོན་ལ།
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧

མཆན། 0

  1. ཨ་ཡག་ says:
    ལོ་ 7 སྔོན།

    རྩོམ་ཡིག་འདི་ཁོར་ཡུག་སྲུང་སྐྱོབ་པ་རྒྱས་བཟང་བསོད་ནམས་དར་རྒྱས་བསོད་མཁན་གྱི་རྔོན་པ་རྒྱ་རིགས་དེ་དག་གིས་མཚོན་པའི་བོད་བྱང་ཐང་དུ་རྒྱ་རིགས་རྔོན་པ་བརྒྱ་ཕྲག་མང་པོས་གཙོད་ཀྱིས་མཚོན་པའི་རི་དྭགས་མང་པོ་རྩ་མེད་བཟོས་པའི་ངན་འབྲས་བོད་རིགས་ལ་འགེལ་འདོད་ཀྱི་དྲིལ་བསྒྲགས་ཤིག་དང་། བྱང་ཐང་གིས་མཚོན་པའི་རི་སྐྱེས་སྲོག་ཆགས་རྩ་མེད་ཆགས་བཞིན་པའི་ལེ་ཁག་ཡོངས་སུ་བོད་རིགས་ལ་ཡོད་པའི་འཁྱོག་བཤད་ཀྱི་དྲིལ་བསྒྲགས་རྩོམ་ཡིག་ཅིག་རེད། གལ་ཆེན་ཅི་ཡང་མ་རེད། དམིགས་བསལ་གྱིས་རྒྱ་རིགས་གཞོན་པ་ཚོའི་ཀླད་པའི་ནང་དུ་དུག་ལྡུགས་རྒྱུར་ཆེད་མངགས་བྲིས་པ་ཞིག་རེད།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 7 སྔོན།

    སྡིག་མཁན་ཤན་པ་སྡིག་པའི་རྒྱལ་པོ་རེད།
    སྡིག་ཟས་ཟ་མཁན་ཤན་པའི་རྗེས་འཇུག་རེད།
    སྡིག་པ་སྡིག་ཏུ་མ་ཤེས་མཐོ་ལོ་བཤགས།
    སྡིག་པའི་རྒྱལ་པོ་འཛམ་གླིང་ས་སྟེང་ཁྱབ།
    གཤིན་རྗེའི་ཁྲིམས་ར་འགྲིམས་དུས་ཁག་པོ་ཡོང།
    དགེ་སྡིག་མ་ནོར་དགེ་སེམས་སྲུང་ན་དགའ།
    ཨོམ་སྦ་རྫ་ས་ཏོ་ཧུང་་་་་་་་་་་་་་་་་་་་ས་ཏོ་ཧུང་་་་་ཧུང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese