མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སེར་ཤུལ་རྫོང་ཁོངས་སུ་ས་ཡོམ་བྱུང་།

བོད་ཀྱི་དུས་བབ།
༢༠༢༠/༠༤/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དགོང་མོར་བོད་སེར་ཤུལ་རྫོང་ཁོངས་སུ་ས་ཡོམ་བརྒྱབ་ཡོད་ཀྱང་རྒྱ་ནག་གཞུང་གིས་ས་གནས་མི་མང་ལ་གནོད་སྐྱོན་ཅི་བྱུང་ཕྱིར་བསྒྲགས་བྱས་མི་འདུག དེ་རིང་བོད་ནང་གི་དགོང་མོའི་ཆུ་ཚོད་ ༨:༢༣ སྟེང་། རྒྱ་ནག་གཞུང་གིས་བཅད་བགོས་བྱས་ཡོད་པའི་སི་ཁྲོན་དཀར་མཛེས་ཁུལ་སེར་ཤུལ་རྫོང་ཁོངས་སུ་ཚད་རིམ་ ༥.༦ ཅན་གྱི་ས་ཡོམ་བརྒྱབ་ཡོད་པ་དང་། རྒྱ་ནག་གཞུང་གིས་བརྗོད་པ་ལྟར་ན། ས་ཡོམ་གྱི་གཏིང་ཟབ་ཚད་སྤྱི་ལེ་ ༡༠ ཡིན་པ་དང་། ས་ཡོམ་བྱུང་རྗེས་མྱུར་སྐྱོབ་མཁན་སོགས་བཏང་ཡོད་སྐོར་བརྗོད་འདུག་ཀྱང་། གནོད་སྐྱོན་ཅི་བྱུང་སྐོར་བྲིས་མི་འདུག

འདི་གའི་གསར་འགོད་པས་ས་གནས་རང་གི་མི་ཞིག་ལ་འབྲེལ་བ་བྱས་ཏེ་དྲིས་པར་ཁོང་གིས། ས་ཡོམ་ཤུགས་ཆེན་བརྒྱབ་ཡོད་པ་དང་། ས་ཡོམ་དོན་རྐྱེན་ཁྲོད་ད་ལྟ་བར་མི་ ༥ རྐྱེན་འདས་དང་མི་གཅིག་ལ་རྨས་སྐྱོན་ཆེན་པོ་བྱུང་བའི་གནས་ཚུལ་གོ་རྒྱུ་འདུག འོན་ཀྱང་། རྒྱ་ནག་གཞུང་ནས་དྲིལ་བསྒྲགས་མ་བྱས་བར་དུ་དེ་རིགས་འགོད་རྒྱུ་མེད་སྐོར་བརྗོད་བྱུང་ལ།  དེ་བཞིན་ཕྱི་དྲོ་ཙམ་ནས་སེར་ཤུལ་རྫོང་སྨན་ཁང་ནང་རྨས་མ་ཡོང་མཁན་མང་པོ་ཡོད་པ་རེད་ཅེས་གཙང་བཟོ་དང་ཉལ་ཁྲི་མང་པོ་སྒྲིག་བཞིན་ཡོད་སྐོར་བརྗོད་བྱུང་།

ཡང་ཁོང་གིས། ས་གནས་སྲིད་གཞུང་དང་ཉེན་རྟོག་པ་ཚོས་ལྟ་རྟོག་བྱེད་བཞིན་ཡོད་པ་དང་། སྲིད་གཞུང་གི་བཀོད་ཁྱབ་ལྟར་དོ་ནུབ་མི་ཚང་མ་ཁྱིམ་ནས་ཉལ་མི་ཆོག་པར་སྒོ་ནས་ཉལ་དགོས་ཡོད་པ་དང་། ས་ཡོམ་ད་དུང་ཡོང་བར་འཇིགས་སྣང་བྱེད་བཞིན་ཡོད་སྐོར་སོགས་བརྗོད་བྱུང་། རྒྱ་ནག་གཞུང་འབྲེལ་ས་ཡོམ་བརྟག་དཔྱད་ཁང་ཟེར་བས་ཐེངས་འདིའི་ས་ཡོམ་འགུལ་ཚད་ ༥.༦ དང་ས་ཡོམ་གྱི་གཏིང་ཟབ་ཚད་སྤྱི་ལེ་ ༡༠ ཡིན་སྐོར་བརྗོད་ཡོད་ཀྱང་། རྒྱ་ནག་དབུས་བརྙན་འཕྲིན་ཁང་ཟེར་བའི་བརྙན་ལམ་གསར་འགྱུར་ཞིག་གི་ནང་། ཐེངས་འདིའི་ས་ཡོམ་གྱི་འགུལ་ཚད་དེ་ ༧.༡ ཡིན་སྐོར་བརྗོད་ཡོད་པ་དང་། ས་འགུལ་བྱུང་སའི་ལྟེ་བ་རུ་གྲོང་སྡེ་ཁག་དྲུག་ལྷག་ཙམ་ཡོད་པ་དང་། ས་ཡོམ་བྱུང་བ་དང་ཉེ་འཁོར་ནས་སྤྱི་ལེ་ ༤༧༧ ལྷག་ཡོད་པའི་མཚོ་སྔོན་ཟི་ལིང་དང་། སྤྱི་ལེ་ ༡༠༠ ནང་ཡོད་པའི་ཡུལ་ཤུལ་དང་གསེར་རྟ་སོགས་ནས་ཤེས་རྟོགས་བྱུང་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག་དང་རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist