མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏོག་དབྱིབས་ནད་ཡམས་འགོས་མེད་པའི་རྒྱལ་ཁབ་བཅོ་བརྒྱད།

བོད་ཀྱི་དུས་བབ།
༢༠༢༠/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp
ཏོག་དབྱིབས་ནད་ཡམས་མ་འགོས་པའི་འཛམ་གླིང་རྒྱལ་ཁབ་བཅོ་བརྒྱད་ལྷག་ཡོད་པ་ལས་མང་ཆེ་བ་རྒྱལ་ཁབ་ཆུང་ཆུང་ཡིན་པ་དང་འཛམ་གླིང་གཞན་དང་དེ་ཙམ་གྱིས་འབྲེལ་འདྲིས་མེད་པར་བརྟེན་ནད་ཡམས་དེ་བསླེབས་མེད་ལུགས་བརྗོད་འདུག

དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ནས་ཏོག་དབྱིབས་ནད་ཡམས་མཆེད་དེ་དུས་ཡུན་ཐུང་ངུའི་ནང་འཛམ་གླིང་གི་ཕྱོགས་གང་སར་ཁྱབ་བརྡལ་ཕྱིན་པ་དང་། ད་ཆ་མི་གྲངས་འབུམ་ཕྲག་མང་པོར་འགོས་ཤིང་། སྨན་ཁང་དུ་ནད་པས་གང་བ་མ་ཟད། ཚེ་སྲོག་སྟོང་ཕྲག་བརྒལ་བ་ཤོར་དང་ཤོར་བཞིན་པའི་སྐབས་འདིར། ཨ་རིར་ཡོད་པའི་ཇོན་ཧོབ་ཀིན་གཙུག་ལག་སློབ་ཁང་(John Hopkins Univeristy)གིས་ཞིབ་འཇུག་བྱས་པ་བརྒྱུད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཐོ་འགོད་བྱས་པའི་རྒྱལ་ཁབ་ ༡༩༣ ཡོད་པ་ལས། ད་ལྟ་རྒྱལ་ཁབ་བཅོ་བརྒྱད་ནང་ཏོག་དབྱིབས་ནད་ཡམས་བསླེབས་མེད་སྐོར་བརྗོད་འདུག

རྒྱལ་ཁབ་བཅོ་བརྒྱད་ནི།  ཀོ་མོ་རོས། (Comoros)དང་ཀི་རི་བྷ་ཏི།  (Kiribati) ལི་སོ་ཐོ། (Lesotho) མར་ཤལ་གླིང་ཕྲན། (Marshall Islands) མེ་ཀོ་ནི་ཤི་ཡ། (Micronesia) ནའེ་རུ། (Nauru) བྱང་ཀོ་རི་ཡ། (North Korea) པ་ལུའུ། (Palau) ས་མའོ། (Samoa) སའོ་ཏོ་མི་དང་པི་རིན་སིབ། (Sao Tome and Principe) སོ་ལོ་མོན་གླིང་ཕྲན། (Solomon Islands) ལྷོ་སོ་ཌེན། (South Sudan) ཏ་ཛི་སི་ཀིས་ཐན། (Tajikistan) ཏོང་ག (Tonga) ཏུཀ་མི་ནིས་ཐན། (Turkmenistan) ཏུ་ཝ་ལུ། (Tuvalu) ཝ་ནུཨ་ཏུ། (Vanuatu) དང་ཡ་མེན་(Yemen)བཅས་ཡིན་སྐོར་བརྗོད་འདུག

དཔྱད་བརྗོད་པ་མང་པོ་ཞིག་གིས། བྱང་ཀོ་རི་ཡ་ནི་དམ་དྲག་ཆེ་བའི་རྒྱལ་ཁབ་ཅིག་ཡིིན་པ་དང་། ཡ་མེན་ནི་དམག་འཁྲུག་འབྱུང་བཞིན་པའི་རྒྱལ་ཁབ་ཅིག་ཡིན་སྟབས། རྒྱལ་ཁབ་དེ་གཉིས་ནང་ནད་ཡམས་བསླེབས་ཡོད་ཀྱང་། སོ་སོའི་གཞུང་ངོས་ནས་ཏོག་དབྱིབས་ཀྱིས་ཟིན་པའི་ནད་པ་རྣམས་ཕྱིར་བསྒྲགས་བྱེད་ཀྱི་མེད་སྐོར་དང་། དེ་མིན་རྒྱལ་ཁབ་གཞན་རྣམས་ནི་ཧ་ཅང་ཆུང་ཆུང་ཡིན་པ་མ་ཟད། མང་ཆེ་བ་གླིང་ཕྲན་ཡིན་པས་རྒྱལ་ཁབ་དེ་དག་ནང་རྒྱལ་ཁབ་གཞན་ནས་ཡར་འགྲོ་མར་འགྲོ་བྱེད་མཁན་ཉུང་ཉུང་ཡིན་པར་བརྟེན་ནད་ཡམས་དེ་ཕལ་ཆེར་མ་བསླེབས་པ་ཡིན་ལུགས་བརྗོད་འདུག

གོང་འཁོད་རྒྱལ་ཁབ་མང་ཆེ་བའི་ནང་ཐད་འཕུར་གནམ་གྲུ་མེད་པ་དང་། ཉེ་ལམ་ཕྱི་ཟླ་ ༣ པའི་ནང་རྒྱལ་ཁབ་མང་པོ་ཞིག་གིས་རྒྱལ་སྤྱིའི་གནམ་གྲུ་འགྲོ་སྐྱོད་བཀག་སྡོམ་བྱས་སྐབས། རྒྱལ་ཁབ་དེ་དག་གི་ནང་རང་བཞིན་གྱིས་ཕྱི་མི་བསླེབས་ཐུབ་ཀྱི་མེད་འདུག་ལ། རྒྱལ་ཁབ་དེ་དག་གི་ནང་ནས་བྱང་ཀོ་རི་ཡ་དང་ཡ་མེན་ཕུད་རྒྱལ་ཁབ་ཆེ་ཤོས་ནི་ནའེ་རུ་ཆགས་ཀྱི་ཡོད་པ་དང་། ནའེ་རུ་ལྟ་བུ་ལ་ཆ་བཞག་ན། རྒྱལ་ཁབ་ཀྱི་མི་གྲངས་ཁྱོན་སྡོམས་ ༡༠༠༠༠ ལྷག་ཡོད་ལ། ལོ་གཅིག་གི་ནང་ཕྱི་རྒྱལ་ནས་སྤྲོ་འཆམ་ཆེད་མི་གྲངས་ ༡༦༠ ཙམ་མ་གཏོགས་བསླེབས་ཀྱི་ཡོད་པ་མ་རེད།

ནའེ་རུ་རྒྱལ་ཁབ་ཀྱི་སྲིད་འཛིན་གྱིས། ང་ཚོའི་རྒྱལ་ཁབ་ཀྱི་གནམ་ཐང་དང་རྒྱུ་དངོས་དབོར་འདྲེན་བྱེད་སའི་མཚོ་མཐའ་རྣམས་ནི་རྒྱལ་ཁབ་ཀྱི་ས་མཚམས་ལྟ་བུ་ཆགས་ཀྱི་ཡོད་སྟབས།  དེ་དག་བརྒྱུད་ནས་ཡོང་བའི་མི་སུ་ཞིག་ཡིན་ཡང་བརྟག་དཔྱད་དང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། ཉེ་ལམ་ཡོང་བའི་མི་རྣམས་བདུན་ཕྲག་གཉིས་ཙམ་ཁྱིམ་དུ་ཟུར་འཇོག་བྱས་ཡོད་པ་རེད། ཅེས་བརྗོད་འདུག

རྒྱལ་ཁབ་དེ་དག་གི་དཔལ་འབྱོར་ནི་ཧ་ཅང་ཞན་པའི་ཁར་སྨན་ཁང་ཆེན་པོ་དེ་འདྲ་མེད་པར་བརྟེན། གལ་སྲིད་རྒྱལ་ཁབ་དེ་དག་ནང་ནད་ཡམས་དེ་བསླེབས་པ་ཡིན་ན་ཆག་སྒོ་ཆེན་པོ་ཡོང་སྲིད་པས། ད་ཆ་རྒྱལ་ཁབ་དེ་དག་གིས་ཀྱང་ནད་ཡམས་སྔོན་འགོག་ཆེད། སྨན་ཁང་ཁག་མ་གཏོགས་དེ་མིན་སློབ་གྲྭ་དང་ལས་ཁུངས། དེ་བཞིན་མི་མང་འདུ་འཛོམས་ཀྱི་མཛད་སྒོ་ཁག་གནས་སྐབས་རིང་བཀག་སྡོམ་བྱས་ཡོད་པ་མ་ཟད། ཕྱི་ཟླ་ ༣ ཚེས་ ༢༠ གོང་ཕྱི་རྒྱལ་ཁག་ཏུ་སྤྲད་པའི་མཐོང་མཆན་རྣམས་ཀྱང་རྩིས་མེད་བཏང་ཡོད་པ་རེད།

འཛམ་གླིང་དཔལ་འབྱོར་ཞིབ་དཔྱོད་པ་ཚོས་བརྗོད་པ་ལྟར་ན། གལ་ཏེ་ནད་ཡམས་དེ་མ་ཡལ་བར་ཡུན་རིང་གནས་ན། རྒྱལ་ཁབ་དེ་དག་ནང་དུའང་རིང་མིན་ཏོག་དབྱིབས་ཀྱི་ནད་ཡམས་སླེབ་ངེས་ཡིན་ཚུལ་བརྗོད་འདུག གང་ཡིན་ཟེར་ན། རྒྱལ་ཁབ་དེ་དག་གི་ཁྱིམ་མཚེས་རྒྱལ་ཁབ་ཆེ་གྲས་མང་ཆེ་བར་ནད་ཡམས་དེ་ཁྱབ་ཟིན་པ་མ་ཟད། རྒྱལ་ཁབ་དེ་དག་ནང་ཐོན་ཁུངས་ཡག་པོ་མེད་སྟབས། རྒྱལ་ཁབ་གཞན་གྱི་རྒྱུ་དངོས་ལ་བརྟེན་དགོས་ཀྱི་ཡོད་པས་དུས་ཚོད་སྔ་ཕྱི་མ་གཏོགས་སླེབ་རྒྱུའི་སེམས་ཁྲལ་བྱེད་བཞིན་ཡོད་འདུག

ལྡི་ལིའི་ས་གནས་གསར་འགོད་པ་ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༩ སྔོན་ལ།
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

ཆུ་ཚོད་ ༩ སྔོན་ལ།
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠

མཆན། 1

  1. Sonam Gyaltsen says:
    ལོ་ 6 སྔོན།

    If Reality ! Good ?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese