མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་བ་ཀརྨ་པ་མཆོག་གི་བཀའ་དགོངས་བཞིན་རོགས་དངུལ་ཕོན་ཆེན་གནང་།

བོད་ཀྱི་དུས་བབ།
༢༠༢༠/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

༸དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་བཀའ་དགོངས་བཞིན་རྒྱ་གར་དབུས་ས་གཉིས་ལ་རོགས་དངུལ་ཧིན་སྒོར་འབུམ་༢༨་གནང་འདུགཁ་སང་༸དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་བཀའ་དགོངས་བཞིན། རྒྱ་གར་དུ་རྟེན་གཞི་བྱས་པའི་མཚུར་ཕུ་བླ་བྲང་དང་། ཀུན་སྐྱོང་དགེ་རྩ་ཚོགས་པ། བཀའ་བརྒྱུད་སྨོན་ལམ་བཅས་ནས་རྒྱ་གར་དབུས་དང་མངའ་སྡེའི་ཏོག་དབྱིབས་རིམས་འགོག་བྱ་འགུལ་ལ་རྒྱབ་སྐྱོར་ཆེད་ཁྱོན་ཧིན་སྒོར་འབུམ་ ༢༨ ཀྱི་ཞལ་འདེབས་གནང་ཡོད་འདུག

དེ་ཡང་ཁ་སང་ཕྱི་ཚེས་ ༡༠ ཉིན་ཀུན་སྐྱོང་དགེ་རྩ་ཚོགས་པས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གི་མཚན་ཐོག་ལ་ཕུལ་བའི་ཕྱག་ཡིག་ནང་། སྲིད་བློན་མུ་དྷི་མཆོག་ནས་སྣེ་ཁྲིད་པའི་རྒྱ་གར་དབུས་གཞུང་གིས་རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་མི་འགྲོ་བའི་ཆེད། དེར་དུས་བསྟུན་འགོག་རྒོལ་དང་སྟངས་འཛིན་གང་ལེགས་གནང་ཡོད་པ་དེར་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད་སྐོར་དང་། ༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་བཀའ་དགོངས་བཞིན། ཀུན་སྐྱོང་དགེ་རྩ་ཚོགས་པའི་ཁྱབ་ཁོངས་དགོན་སྡེ་ཁག་ཏུ་རྒྱ་གར་དང་འཛམ་གླིང་ཡོངས་སུ་འགོས་ཁྱབ་ཕྱིན་པའི་ཏོག་དབྱིབས་ནད་ཡམས་འདི་ཞི་བའི་ཞལ་འདོན་སྨོན་ལམ་འདེབས་མུས་ཡིན་པ་མ་ཟད། རྒྱ་གར་གཞུང་གི་ཏོག་དབྱིབས་རིམས་འགོག་ལས་འགུལ་ལ་རྒྱབ་སྐྱོར་དང་། གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཀུན་སྐྱོང་དགེ་རྩ་ཚོགས་པ་བརྒྱུད་སྲིད་བློན་གྱི་གཟིགས་སྐྱོང་ཐེབས་རྩར་(PM Cares fund) ཧིན་སྒོར་འབུམ་ ༡༢ ཀྱི་ཞལ་འདེབས་འབུལ་རྒྱུ་ཡིན་སྐོར་་གསུངས་འདུག

དེ་བཞིན་ཁ་སང་ཀུན་སྐྱོང་དགེ་རྩ་ཚོགས་པས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཇེ་རཱམ་ཋ་ཀོར་མཆོག་ལ་ཕུལ་བའི་ཕྱག་བྲིས་ནང་། ད་ལྟའི་ཆར་ཧི་མ་ཅལ་གཞུང་གི་ཐབས་བྱུས་བཟང་པོ་ལ་བརྟེན་ནས་མངའ་སྡེའི་ནང་ཏོག་དབྱིབས་ནད་ཡམས་སྟངས་འཛིན་གང་འཚམ་གནང་ཐུབ་ཡོད་པ་དང་། སྤྱི་ཁྱབ་བློན་ཆེན་མཆོག་ནས་མངའ་སྡེའི་ཏོག་དབྱིབས་རིམས་འགོག་ལས་འགུལ་ཚགས་ཚུད་སྤེལ་བཞིན་པར་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད་སྐོར་དང་། ༸རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་བཀའ་དགོངས་ལྟར། མངའ་སྡེའི་རིམས་འགོག་ལས་འགུལ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད། སྤྱི་ཁྱབ་བློན་ཆེན་མཆོག་གི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་ ༣ གྱི་ཞལ་འདེབས་གནང་རྒྱུ་ཡིན་སྐོར་བཀོད་འདུག་ལ། ཅི་སྟེ་མངའ་སྡེ་གཞུང་ལ་རིམས་འགོག་ལས་འགུལ་ཐད་ཕྱག་རོགས་དགོས་ཚེ། དགེ་རྩ་ཚོགས་པས་ནམ་ཡིན་ཡང་དང་ལེན་བྱ་རྒྱུ་ཡིན་སྐོར་ཡང་གསུངས འདུག

ཀུན་སྐྱོང་དགེ་རྩ་ཚོགས་པས་འབྲས་ལྗོངས་མངའ་སྡེ་གཞུང་ལ་ཡང་རིམས་འགོག་ལས་འགུལ་ཆེད་ཧིན་སྒོར་འབུམ་ ༣ གྱི་ཞལ་འདེབས་ཕུལ་འདུག་ཅིང་། ༸རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་རྡོ་རྗེ་མཆོག་ནས་བཀའ་ཕེབས་པ་ལྟར། བཀའ་བརྒྱུད་སྨོན་ལམ་ངོས་ནས་སྲིད་བློན་གྱི་གཟིགས་སྐྱོང་ཐེབས་རྩ་དང་། བྷི་ཧར་མང་སྡེ་གཞུང་གཉིས་ལ་ཧིན་སྒོར་འབུམ་ ༥ རེའི་ཞལ་འདེབས་ཕུལ་འདུག་པ་མ་ཟད། གནས་མཆོག་རྡོ་རྗེ་གདན་གྱི་གྷ་ཡ་རྫོང་ཁོངས་ཀྱི་ས་གནས་ཡུལ་མི་དགོས་ངེས་ཅན་རྣམས་ལ་བཟའ་ཆས་ཀྱིས་མཚོན་པའི་དགོས་མཁོ་རིགས་སྦྱིན་གཏོང་གནང་འདུག

གཞན་ཡང་། ཟླ་འདིའི་ཕྱི་ཚེས་༨ཉིན་ཧི་མཱ་ཅལ་ཀང་ར་རྫོང་ཁོངས་སྦིར་རྙིང་དགོན་དཔལ་ཡུལ་ཆོས་འཁོར་གླིང་འདུས་སྤྱི་ནས་རྒྱ་གར་དབུས་གཞུང་དང་། མངའ་སྡེ་གཞུང་དམངས་གཉིས་ལ་གདུང་སེམས་མཉམ་སྐྱེད་ཀྱིས་སྔོན་འགོག་གི་ངལ་སེལ་དང་། དེ་བཞིན་གཉན་རིམས་འདིས་མནར་བའི་ཉམ་ཐག་གི་ནད་པ་རྣམས་ཀྱི་ཆེད་དུ་དམིགས་ཏེ། Prime Minister Cares Fund རྒྱ་གར་སྲིད་བློན་མཆོག་གི་ངལ་སེལ་ཐེབས་རྩ་རུ་ཧིན་སྒོར་འབུམ་གསུམ་དང༌། ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་གྱི་ངལ་སེལ་ཐེབས་རྩ་རུ་ཧིན་སྒོར་འབུམ་གཉིས་བཅས་བསྡོམས་པའི་ཧིན་སྒོར་ལྔ་འབུམ་ཐམ་པ་ཕུལ་ཡོད་པ་དང་བསྟུན། ནད་ཡམས་འདི་ཉིད་མྱུར་དུ་ཞི་ནས་འཛམ་གླིང་གི་འགྲོ་བ་རྣམས་ཞི་བདེའི་འཚོ་བ་ལ་རོལ་ཐུབ་པའི་བདེན་ཚིག་གསོལ་སྨོན་གནང་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༣ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 2

  1. Karma Tenzin Nyima says:
    ལོ་ 6 སྔོན།

    ཧ་ཅང་གི་ལེགས་སོ། མའོང་པར་བཀའ་བརྒྱུད་པ་ཡོངས་སུ་རྫོགས་པ་མཉམ་དུ་ཞལ་འདེབས་གནང་ན་དེ་བས་ལེགས་སོ།

    Reply
  2. འབྲོང་བུ་སོག་ཚ། says:
    ལོ་ 6 སྔོན།

    སློབ་དཔོན་ཆེན་པོ་ཞི་བ་ལྷས།
    སེམས་ཅན་ནད་པ་ཇི་རྙེད་པ། མྱུར་དུ་ནད་ལས་ཐར་གྱུར་ཅིག །འགྲོ་བའི་ནད་རྣམས་མ་ལུས་པ། རྟག་ཏུ་འབྱུང་བ་མེད་པར་ཤོག། །།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese