མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕགས་ལམ་འཛུགས་སྐྲུན་ཆེད་མི་མང་གི་ས་ཆ་གཞུང་བཞེས་གཏོང་གི་འདུག

བོད་ཀྱི་དུས་བབ།
༢༠༢༠/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ནས་བོད་རེབ་གོང་ཐུན་རིན་རྫོང་མི་མང་སྲིད་གཞུང་ཟེར་བས་ཟི་ལིང་གྲོང་ཁྱེར་ནས་ཁྲིན་ཏུའུ་གྲོང་ཁྱེར་བར་དུ་མེ་འཁོར་ལྕགས་ལམ་འཛུགས་བསྐྲུན་ཆེད་ས་གནས་མི་མང་གི་ས་ཆ་གཞུང་བཞེས་གཏོང་གི་ཡོད་འདུག

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ (༢༠༡༥) ཡིག་ཆ་ཨང་ ༦༡ པ་ཟེར་བ་སྟེ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ལེགས་སྒྲིག་དང་། གསར་བསྒྱུར་བྱས་རྗེས་ཀྱི་མཚོ་སྔོན་ཞིང་ཆེན་གྱི་ས་ཆ་བསྡུ་ལེན་གྱི་གཅིག་གྱུར་གྱི་ལོའི་ཐོན་ཚད་ཚད་གཞི་དང་ས་ཆ་བསྡུ་ལེན་ས་ཁུལ་གྱི་ཕྱོགས་བསྡུས་ས་ཆའི་རིན་གོང་སྤྱི་བསྒྲགས་ཟེར་བ་དེ་གཞིར་བཟུང་། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ནས་ལྕགས་ལམ་འཛུགས་བསྐྲུན་ཆེད་ས་ཞིང་བསྡུ་ལེན་བྱ་འཆར་ཡོད་པའི་ཁོངས་སུ། འབྲེལ་ཡོད་གཞུང་ནས་རྩད་ཞིབ་ཐིག་ལེན་དང་ས་མཚམས་གཏན་འཁེལ་སོགས་ཀྱི་ལས་དོན་མགོ་འཛུགས་བྱས་ཡོད་པས། ཞིང་ལས་འདེབས་འཛུགས་དང་འཛུགས་བསྐྲུན་བྱེད་རིགས་ལ་ཁ་གསབ་དངུལ་གཅིག་ཀྱང་མེད་སྐོར་བསྒྲགས་འདུག

ཐུན་རིན་རྫོང་གིས་དེའི་སྐོར་ལ་བརྡ་ཐོ་ཞིག་བསྒྲགས་པའི་ནང་དུ། ཐུན་རིན་རྫོང་གི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་ལ་སྐུལ་འདེད་དང་། ལྕགས་ལམ་འགྲིམ་འགྲུལ་གྱི་རྨང་གཞི་སྒྲིག་བཀོད་ཆུ་ཚད་ཇེ་མཐོར་གཏོང་བ། ཟི་ལིང་དང་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ལས་ཐུན་རིན་ལམ་མཚམས་ལས་གྲྭའི་འཛུགས་བསྐྲུན་གྱི་ས་ཆའི་དགོས་མཁོ་འགན་སྲུང་བཅས་བྱ་ཆེད། ས་ཞིང་དོ་དམ་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབ་གཞིར་བཟུང་ཞིང་། ཐུན་རིན་རྫོང་མི་མང་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད་ཐག་གཅོད་བྱས། ཅེས་བཀོད་དེ་ས་གནས་སུ་ལྕགས་ལམ་བཟོ་ཆེད་ས་ཆ་བསྡུ་འཆར་ཡོད་པ་བསྒྲགས་འདུག

ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་དེ་ལས་ཐུན་རིང་རྫོང་ཁོངས་ཀྱི་ཐོ་རྒྱ་གྲོང་རྡལ་ཁྱུང་བོ་སྡེ་བ་ནས་མགོ་བཙུགས་ཏེ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་རྒན་རྒྱ་ཡུལ་ཚོ་བར་དུ་བཟོ་འཆར་ཡོད་པ་དང་། ལས་གཞི་དེའི་རིང་ཚད་ལ་སྤྱི་ལེ་ ༤༩།༧ དང་། བསྡུ་ལེན་བྱེད་རྩིས་ཡོད་པའི་ས་ཞིང་ལ་ཁྱོན་མུའུ་ ༡༣༢༠ ཡོད་པ་རེད། དེའི་ནང་ཐོ་རྒྱ་གྲོང་རྡལ་གྱི་མཁར་ཕྱི་ནང་གི་སྡེ་བ་བཞི་དང་སྡོང་སྐམ་སྡེ་བ། ཁ་རྒྱ། གླིང་རྒྱ། ཁྱུང་བོ། སེར་རྒྱ། ཞོ་འོང་དཔྱི་སྡེ་བ་སོགས་དང་འབྲེལ་བ་ཡོད་འདུག

སྤྱིར་རྒྱ་ནག་གཞུང་དང་སྤྱི་གཉེར་ཚོང་ལས་ཁང་སོགས་ཀྱིས་བོད་ཁུལ་གྱི་དཔལ་འབྱོར་དང་འཚོ་བ་ཡར་རྒྱས་ལ་ཁ་གཡར་ཏེ་བཟོ་གྲྭ་གསར་རྒྱག་དང་སྤྱི་གླིང་། གཏེར་ཁ་སྔོག་འདོན་ས་ཚིགས་སོགས་གསར་རྒྱག་བྱས་ཏེ། མི་མང་གི་ཞིང་ས་གཞུང་བཞེས་བཏང་སྟེ་ཁ་གསབ་དངུལ་སྤྲོད་རྒྱུ་ཁས་ལེན་བྱས་ཡོད་ཀྱང་།  མི་མང་ལ་ཁྲིམས་ཀྱི་གོ་རྟོགས་དེ་ཙམ་མེད་སྟབས་དངུལ་དུས་ཐོག་ཏུ་མ་ཐོབ་པ་དང་གཏན་ནས་མ་ཐོབ་པ། སོོ་ནམ་པའི་ས་ཆ་དང་འབྲོག་ས་ཤོར་བར་བརྟེན་འཚོ་གནས་གསར་པ་ཞིག་ལ་བརྟེན་སྐབས་དཀའ་ཁག་མི་ཉུང་བ་ཞིག་དང་འཕྲད་བཞིན་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢ སྔོན་ལ།
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་སྒྲགས།

ཆུ་ཚོད་ ༤ སྔོན་ལ།
Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

༢༠༢༦/༠༧/༢༤
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

༢༠༢༦/༠༧/༢༤
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

༢༠༢༦/༠༧/༢༤
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese