མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་གདོང་ལྤགས་བཤུ་བའི་གོ་སྐབས།

བོད་ཀྱི་དུས་བབ།
༢༠༢༠/༠༤/༢༡
Share on FacebookShare on TwitterShare on EmailShare on Whatsapp

 རིགས་ཞེན་རལ་གྲི།

ཞི་ཅིན་ཕིན་རྒྱ་ནག་གི་དབུ་ཁྲིད་ལ་སླེབས་སྐབས། བོད་མི་མང་པོ་ཞིག་གིས་རེ་འབྲས་དོན་སྨིན་ཡོང་བར་རེ་ལྟོས་ལྷོད་མེད་བྱས་ནའང་བོད་དོན་ཐག་གཅོད་ནི་ཁོ་པའི་རྨི་ལམ་གྱི་ཟུར་ཙམ་ལ་ཡང་སླེབས་མེད་པར་མ་ཟད། ཁོ་པའི་རྨི་ལམ་ནི་དང་པོར་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་གཡོ་ཐབས། གཉིས་པ་རིག་གཞུང་སིམ་འཛུལ་གྱི་གཡོ་ཐབས། གསུམ་པ་དྲག་པོའི་སྟོབས་ཤུགས་ཀྱི་གཡོ་ཐབས་བཅས་ལ་བརྟེན་ནས་མཐར་ཁ་གཏིང་ལོག་པའི་འཛམ་གླིང་ཧྲིལ་པོ་དབང་སྒྱུར་བྱ་རྒྱུ་དེ་རེད། དེ་ལྟའི་རྨི་ལམ་ཁྲོད་བོད་ནི་ཁ་དྲག་དབང་བཙན་གྱིས་དབང་སྒྱུར་བྱ་ཡུལ་ཞིག་དང་། རིག་གཞུང་བརྗེ་བསྒྱུར། མི་སེར་སྤེལ་ཡུལ་བཅས་ལས་བོད་ལ་སེལ་དགོས་པའི་གནད་དོན་ཞིག་ཆུ་མགོ་གྱེན་ལོག་གི་ཚུལ་དུ་ཡོང་མི་སྲིད།

འོན་ཀྱང་རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་སྲིད་ཇུས་ཐད་ཁོ་པ་ཚོའི་སྲིད་དོན་རིག་པའམ་བསམ་བློའི་ཁ་ཕྱོགས་ལ་བརྟེན་ནས་གོ་བ་ལེན་པ་ལས། བོད་ཀྱི་བསམ་བློའི་ཁྱེར་སོ་དང་དེ་ལ་བརྟེན་པའི་གོ་བ་ཞིག་ནམ་ཡང་ལེན་གྱིན་མེད།  ཉིན་ཞིག་རྒྱ་ནག་གི་གཡོ་ཇུས་རྐུབ་བརྡོལ་པའི་ཉིན་མོར་བོད་དོན་ལ་ལག་པ་འཆང་ངེས་ཀྱང་དེ་ནི་ཚེར་མ་དར་བཏུམ་གྱི་གཡོ་སྒྱུ་ཞིག་ལས་མ་འདས། དེར་བརྟེན་རྒྱ་ནག་གི་རིག་གཞུང་གཞིར་བཟུང་གི་གཡོ་ཇུས་སྣ་ཚོགས་ཀྱིས་བོད་ཙམ་མ་ཟད་འཛམ་གླིང་མི་མང་ལ་བེའུ་ལྗང་འདྲིད་ཀྱི་ཤུགས་རྐྱེན་གང་ཙམ་སླེབས་ཡོད།

རི་བོང་རྡོ་རྫུས་ཀྱི་གཡོ་ཇུས་ནི་སྤྱིར་རྒྱ་ནག་གི་རྒྱལ་རབས་ནང་ལོ་ངོ་སྟོང་ཕྲག་རིང་ལག་ལེན་མཐིལ་ཕྱིན་བྱས་ནས་ཡོང་བའི་རྒྱ་ནག་གི་མགོ་བདེ་དྲན་འཕྲུལ་གྱི་རིག་གཞུང་ཞིག་ཡིན་པ་ལས་མི་རབས་གཅིག་གཉིས་ཤིག་གི་ཐབས་ཇུས་ཤིག་དེ་བས་མིན། དཔེར་ན་བོད་པའི་རིག་གཞུང་གི་དབང་གིས་སྙིང་རྗེ་ཞེས་ཟེར་བ་བོད་མིར་རང་ཆས་སུ་ཡོད་པ་བཞིན། དེང་གི་དུས་སུ་སྐམ་སའི་རྒྱ་མིའི་བསམ་བློར་ཤ་འདྲེས་ལྤགས་འདྲེས་སུ་གྱུར་ཡོད་པའི་རིག་གཞུང་ནི་རང་རྒྱལ་གཞན་ཕམ་གྱི་གཡོ་སྒྱུ་དེའོ།

ཉེ་རབས་ལོ་རྒྱུས་ནང་རྒྱ་ནག་གི་གཡོ་ཇུས་ལ་ས་སྣ་ལམ་རྒྱུས་ཆེ་ཤོས་ནི་བོད་དང་ཡུ་གུར་ཡིན་མོད། རྒྱ་ནག་གཡོ་ཐབས་ལ་མཁས་དྲགས་པས་རྒྱལ་སྤྱིའི་ཐོག་བོད་དང་ཡུ་གུར་ད་དུང་ཐེ་ཝན་བཅས་ཀྱི་སྐད་ཆར་རྣ་རྒྱབ་ལྷགས་པ་ལས་ཆ་འཇོག་བྱེད་མཁན་དཀོན་པོར་ཆགས་ཡོད། འོན་ཀྱང་གཡོ་ཇུས་གང་ཞིག་ཡིན་ཡང་མཇུག་འབྲས་ལེགས་པོ་ཞིག་བྱུང་མྱོང་མེད་པ་ནི་རྒྱ་ནག་གི་ལོ་རྒྱུས་ནང་གསལ་བ་ལྟར་གཡོ་མཐའ་འཁྱོལ་ཐབས་མེད། དེང་སང་རྒྱ་ནག་གི་གཡོ་ཐབས་རྐུབ་བརྡོལ་བར་སྣུམ་ཟད་ཀྱི་མར་མེ་ལྟར་གྱུར་པའི་དུས་འདི་ནི་བོད་ལ་མཚོན་ན་ཆེས་བླ་ན་མེད་པའི་འགྱེལ་ས་ནས་ལང་བའི་སྟབས་ལེགས་སྐབས་ཁེལ་ཞིག་ཡིན་པས་སྐབས་དོན་ཤོར་ག་ལ་རུང་།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་ཡང་དོན་དངོས་ཀྱི་འཇིག་རྟེན་འདིའི་ཆབ་སྲིད་འཐབ་རྩོད་བྱེད་པར་ཡུལ་དུས་དང་གོ་སྐབས་ལ་བསྟུན་དགོས། སྐབས་ཐོབ་གོ་སྐབས་འཆོར་མི་རུང་བ་ནི་གནད་ཀྱི་དོན་པོ་ཞིག་སྟེ། རིག་གཞུང་མི་འདྲ་བ་གཉིས་ཀྱི་བསམ་བློའི་འཁྱེར་སོ་དང་འབྲེལ་ནས་ཆབ་སྲིད་ཐག་གཅོད་ལེགས་པོ་ཞིག་མི་ཡོང་ན། མིག་ལྡན་གཡང་མཆོངས་མི་བྱེད་པར་ཐབས་གཞན་ཞིག་ཡོད་པ་ནི་ཇུས་ལན་ཇུས་འཇལ་རེད།

ན་ནིང་ད་ལོར་གཞི་ནས་རྒྱ་ནག་གི་གདོང་རིས་དམར་རྗེན་འཛམ་གླིང་འདིར་གཅིག་རྗེས་གཉིས་མཐུད་དུ་ས་རིས་ཐང་གསལ་ཆགས་བཞིན་པ་དང་། ལྷག་པར་རྒྱ་ནག་གི་ནད་དུག་འདིས་ཆར་བ་ཆུ་གྲོགས་ཀྱི་ཚུལ་དུ་འཛམ་གླིང་གི་སྐྱེ་བོ་ཀུན་གཞི་ནས་གཡོ་ཇུས་རིང་མོའི་རྨི་ལམ་དེ་ལས་བསླངས་དང་སློང་བཞིན་ཡོད་ལ། ཞི་ཅིན་ཕིན་གྱི་རྒྱ་ནག་གི་རྨི་ལམ་རིང་མོ་ཡང་བློ་ཕམ་ཡིད་ཆད་ཅིག་དང་ལྷན་དུ་མཇུག་སྒྲིལ་ལ་ཉེ། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གནད་དོན་དེ་དག་གསལ་པོར་མཁྱེན་པའི་ཐོག་ནས་དབུ་ལ་མེ་ཤོར་གྱི་དཔེ་བཞིན་ཆེས་གལ་ཆེ་བའི་གསང་བའི་ཚོགས་འདུ་བསྡུས་ཏེ་གོ་སྐབས་དམ་འཛིན་ངང་མཛུབ་མོ་རི་སྟོན་གྱིས་གནད་དོན་ཐག་གཅོད་གང་ལེགས་གནང་གིན་ཡོད་ཤས་ཆེ།

ད་ལམ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་ཁྲིད་ནས་སྦྲུལ་མདུད་སྦྲུལ་བཤིག་གིས་ཐབས་ཇུས་མང་དག་ཅིག རྒྱ་གར་དང་། ཨ་རི། ཐེ་ཝན། ཉི་ཧོང་། ཡུ་རོབ་བཅས་ལ་ཁ་འཛིན་རོགས་དན་ངང་མཉམ་ལས་བྱ་རྒྱུ་དང་། ལྷག་པར་ཐེ་ཝན་ལྷན་དུ་མཉམ་ལས་རྒྱུན་རིང་སྤེལ་དགོས་པ་མ་ཟད་བོད་མི་གཞོན་སྐྱེས་བརྒྱ་ཕྲག་འགའ་ལ་གསང་དོན་དང་། དམག་དོན། དཔལ་འབྱོར། དྲིལ་བསྒྲགས། བརྡ་འཕྲིན། འཆར་འགོད་སོགས་སྲིད་དོན་ཆེད་ལས་སྣ་མང་ཐོག་སྦྱོང་བརྡར་སྤྲོད་རྒྱུ་དང་། ཆེད་ལས་པ་དེ་དག་གིས་རིམ་བཞིན་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ། ད་དུང་འཐབ་རྩོད་མི་སྣ་གསོ་སྐྱོང་སླད་དམག་སྡེ་ཨང་ ༢༢ ཡར་རྒྱས་གཏོང་རྒྱུ་དང། དམག་ཁུངས་དང་སྲིད་དོན་ཆེད་གཞོན་སྐྱེས་གང་མང་བསྡུ་སྐོང་བྱ་དགོས། ལྷག་དོན་བརྡ་འཕྲིན་བརྒྱུད་ལམ་གྱི་འཐབ་རྩོད་པའི་དཔུང་སྡེ་གསར་སྐྲུན་བྱ་རྒྱུ་ཧ་ཅང་གལ་ཆེ། ལས་འགུལ་དེ་དག་ནི་དབུ་མའི་ལམ་གྱི་སྲིད་ཇུས་དང་མི་འགལ་བར་མ་ཟད། མགོན་པོ་གང་ཉིད་ནས་“རེ་བ་བཟང་ས་ནས་རྒྱོབས། གྲ་སྒྲིག་སྡུག་ས་ནས་བྱོས”ཞེས་གསུངས་པའི་དགོངས་དོན་དང་མཐུན་པ་ཡིན།

ཞི་ཅིན་ཕིན་གྱི་མགལ་མེའི་འཁོར་ལོའི་རྨི་ལམ་ན་མགོ་འཁོར་བཞིན་པའི་རྒྱ་ནག་དང་འཛམ་གླིང་མི་མང་གཉིད་ལས་ཇི་ལྟར་དཀྲོགས་པའི་བྱ་ཐབས། དེའི་རྗེས་ཇི་ལྟར་བྱ་དགོས་མིན་གྱི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཚོགས་ཆུང་ཟུར་འཛུགས་བྱེད་དགོས་པ་མ་ཟད། འཛམ་གླིང་གང་སར་གནས་པའི་བོད་པའི་སྤྱི་ཚོགས་ནང་རྒྱ་ནག་གིས་ཤུགས་རྐྱེན་དང་གསང་མྱུལ་བ། སྐབས་འཚོལ་བ་བཅས་ལ་སྟངས་འཛིན་ཆེད་གསང་དོན་ཚན་པ་རྒྱལ་ཁབ་སོ་སོའི་གསང་དོན་ཁང་དང་འབྲེལ་མོལ་གྱིས་ཟུར་འཛུགས་བྱས་ཏེ་བོད་མིའི་གོང་བུ་གཅིག་སྒྲིལ་ལ་ཤུགས་རྒྱག་དགོས། བོད་པ་ནང་ཁུལ་ལ་མཚོན་ན། བོད་རང་དབང་སློབ་ཕྲུག་ཚོགས་པ་དང་། གཞོན་ནུ། དགུ་བཅུ་གསུམ་སོགས་ཚོགས་པ་ཁག་མཉམ་འབྲེལ་གྱིས་རང་དབང་སླར་གསོའི་དྲིལ་བསྒྲགས་ཀྱི་ལས་འགུལ་རྒྱ་ཆེན་པོ་ཞིག་སྤེལ་དགོས་པ་མ་ཟད། རྣམ་དཔྱོད་ལྡན་པའི་བྱེད་ཐབས་མང་པོ་ཞིག་གོ་སྒྲིག་བྱ་དགོས།

ཁ་ཚ་དགོས་གཏུགས་ཀྱི་དོན་གནད་ཁག་ཅིག་ནི། རྒྱལ་སྤྱིའི་ཐོག་ནད་དུག་གི་གོ་སྐབས་འདི་བཟུང་ནས་ཐེ་ཝན་གྱིས་ཇུས་ལན་ཇུས་འཇལ་གྱིས་འཕྲོད་བསྟེན་ལས་འགུལ་སྤེལ་བཞིན་པ་ལྟར། བོད་པས་བོད་ནང་དུ་རྒྱ་གཞུང་གིས་གཡོ་ཇུས་ཇི་འདྲ་ཞིག་བྱས་ཡོད་པ་དཔེར་བརྗོད་དེ་བོད་ལ་ལག་བསྟར་བྱས་པའི་གཡོ་ཇུས་ཁག་འཛམ་གླིང་ཧྲིལ་བོར་ལག་བསྟར་བྱས་དང་བྱེད་བཞིན་པའི་ཁུངས་ལུང་གསལ་བོར་བཟོས་ཏེ་གཡོ་སྒྱུའི་གདོང་རིས་དམར་རྗེན་དུ་འདོན་རྒྱུ་དེ་རེད།

དཔེར་ན། བོད་ལ་རྒྱ་ནག་གིས་ཐོག་དང་པོར་དབང་སྒྱུར་བྱེད་སྐབས་དཔལ་འབྱོར་གྱི་བསླུ་བྲིད་བྱས་པ་ལས་དམག་བརྒྱབ་མེད། སྐབས་དེར་དམངས་ཁྲོད་ཀྱི་ཁ་རྒྱུན་ལ་“རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་རེད། དངུལ་རྡ་ཡང་ཆར་བ་འབབ་འབབ་རེད་”ཅེས་བརྗོད་ཡོད། དེ་ནས་རིམ་བཞིན་དམག་ཐབས་དང་སྡུག་སྦྱོང་སྣ་ཚོགས། ལྷག་པར་བོད་ལ་སྤེལ་བའི་ལས་འགུལ་ཏེ། དཔལ་འབྱོར། རིག་གཞུང་། སྐད་ཡིག མི་སེར་སྤེལ་ཡུལ་བཅས་ཀྱི་གཡོ་བྱུས་ཀྱི་དབང་སྒྱུར་འོག་མཛེས་སྡུག་ལྡན་པའི་བོད་འདི་དམྱལ་ཁམས་ལྟ་བུར་བསྒྱུར་ཡོད། དེ་རིང་གི་དུས་སུ་ཡང་མུ་མཐུད་ནས་རིག་གཞུང་དང་སྐད་ཡིག་བརྗེ་བསྒྱུར་གྱི་ལས་འགུལ་ཉིན་མཚན་ལྟོས་མེད་དུ་འབད་པ་ལྷུར་ལེན་གྱིས་ཁོ་པ་དག་གི་འདོད་དོན་སྐོང་བཞིན་ཡོད། བྱེད་ཐབས་དེ་དག་ནི་དེང་གི་དུས་སུ་རྒྱལ་སྤྱིའི་ཁྲོད་ཆུ་ལ་ཆུ་བཞག་གི་ཚུལ་དུ་སྤེལ་དང་སྤེལ་བཞིན་ཡོད་པས། དེའི་མཇུག་འབྲས་ནི་བོད་ཀྱི་དཀའ་སྡུག་ཁག་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་འཛམ་གླིང་མི་མང་གིས་རིམ་བཞིན་མྱང་དགོས་པ་མཛུབ་མོ་རི་སྟོན་གྱིས་དོན་ཚན་རེ་རེ་ནས་གསལ་འདོན་བྱ་རྒྱུ་ཧ་ཅང་གལ་ཆེ།

བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་རང་བཞིན་ཅན་ཞིག་ཡོང་བར་ཐབས་བརྒྱ་ཇུས་སྟོང་གིས་ཚ་ཚ་འུར་འུར་ངང་ལས་འགུལ་སྣ་མང་སྤྱི་ཚོགས་དྲ་རྒྱ་དང་། བརྙན་འཕྲིན་བརྒྱུད་ལམ་ཁག་ལ་སྤེལ་ཏེ། འཛམ་གླིང་མི་མང་རྒྱ་ནག་ལ་ལྟ་སྟངས་ལེགས་པོ་མེད་པའི་སྐབས་འདིར་བོད་དོན་འདི་མེ་ལ་མར་ཁུ་བླུགས་པ་ནང་བཞིན་ཞིག་ཡོང་བར་འབད་པ་བྱ་དགོས། ཐེ་ཝན་གྱི་སྲིད་འཛིན་གྱིས་སྤྱི་ཚོགས་དྲ་རྒྱ་ཁྲི་ཋིར་(Twitter)ནང་གནད་དོན་སྤེལ་བཞིན་པ་མིག་དཔེར་འོས་པ་ལས། དུས་སྐབས་འདི་འདྲར་ང་ཚོས་ཁ་ལག་བཟོ་སྟངས་དང་ནད་འགོག་བྱེད་སྟངས། ཞལ་འདེབས་འབུལ་རྒྱུའི་དྲིལ་བསྒྲགས་ཙམ་གྱི་སྣང་བ་བན་བུན་ཞིག་གིས་དྲ་ལམ་ན་མགོ་འཁོར་ག་ལ་རུང་། བརྒྱུད་ལམ་འདྲ་མིན་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་བཞིན་པའི་ཁོངས་སོ་སོར་བོད་དོན་དང་རྒྱ་ནག་གི་གཡོ་ཇུས་ངོ་མ་གསལ་སྟོན་ཆེད་སྐད་ཡིག་འདྲ་མིན་ནང་སྤེལ་རྒྱུ་དང་། བརྒྱུད་སྐུལ་བྱེད་པར་འབད་པ་བྱ་རྒྱུ་ཧ་ཅང་གལ་ཆེ།

ད་ལན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུ་འཁྲིད་ནས་ལས་དོན་འདི་འདྲ་སྤེལ་ན་དོན་ངོ་མར་བོད་རྒྱལ་བཙན་པོ་རིམ་བྱོན་ལ་ངོ་གནོང་མི་དགོས་པ་ཞིག་དང་། མི་རབས་རྗེས་མ་དག་ལ་མིག་ལྟོས་དཔེ་སྟོན་གྱིས་ཡིད་འགུལ་ཐེབས་པའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་དབུ་ཚུགས་པས་རང་རིགས་སྐྱེ་བོ་ཀུན་གྱིས་རྒྱབ་སྐྱོར་གང་ལེགས་གནང་དགོས་པ་མ་ཟད་རང་ཁྲིའི་ལས་དོན་ཚགས་ཚུད་ཀྱིས་ཆོས་ལུགས་དང་། ཆོལ་ཞེན། ནང་ཁུལ་སྲིད་དོན་པའི་རྩོད་རྙོག སྐབས་འཚོལ་བ་བཅས་ཀྱི་ཤོག་སྦུབས་རླུང་འཚང་གི་ཚོར་བ་ཉི་ཚེ་བ་རང་མགོ་ཆུ་འདྲེན་གྱི་དབང་དུ་མ་སོང་ཞིང་མགོ་མ་འཁོར་བར་ལམ་ནོར་ལྡོག་ཤེས་བྱས་ཏེ། བོད་བཙན་པོའི་སྲིད་དབང་བསྐྱར་གསོ་བྱེད་པའི་ཁ་ཐོག་ལག་བཞག་གི་གོ་སྐབས་བླ་ན་མེད་པ་ཞིག་ཡིན་པ་ངོས་ཟིན་རྒྱུ་ཧ་ཅང་གལ་ཆེ།

གལ་ཏེ་དེ་ལས་ལྡོག་ཚེ་བྱེས་བཞུགས་བོད་མིས་བསྒྲུབ་དགོས་པའི་ལས་དོན་ཕྱར་བ་གྲུ་འདེགས་མ་བྱས་པ་དང་། གོ་སྐབས་ཡོད་བཞིན་དུ་མི་རིགས་ཤིག་མིག་མཐོང་གཡང་བསྐྱུར་གྱིས་ཐལ་ཟིང་འགལ་འཛོལ་གྱི་ལོ་རྒྱུས་ནག་པོ་ཞིག་མི་རབས་ཕྱི་མ་རྣམས་ཀྱི་མདུན་དུ་ལྷག་རྒྱུ་གདོན་མི་ཟ་བས་ཡིད་གཟབ་གནང་གལ་ཆེ་བས་གཞེན་སྐུལ་དུ།

ཕྱི་ལོ་༢༠༢༠ ལོའི་ཟླ་ ༤ ཚེས་ ༢༠ ཉིན་སྤེལ།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༡༠ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༡༣ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

མཆན། 10

  1. ཐོས་པ་དགའ། says:
    ལོ་ 6 སྔོན།

    བསོད་ནམས་རྒྱལ་མཚན་ལགས། སྲིད་སྐྱོང་བློ་སེང་གིས་སྤེན་ཚེའི་གདོང་ལྤགས་བཤུ་བསམ་ཀྱང་། ཐ་མ་རང་ཉིད་ཀྱི་གདོང་ལྤགས་བཤུས་ཡོད་པ་རེད། ད་དེ་ཚོ་ཚར་པ་རེད། མཇུག་རྫོགས་པ་རེད། གླེང་དགོས་དོན་མི་འདུག སྐབས་སུ་བབས་པ་ང་ཚོའི་མི་རིགས་ཀྱི་གནད་དོན་གླེང་བའི་དུས་རེད། དགྲ་ནང་ཁུལ་མ་རེད། དགྲ་ཕྱི་ལ་ཡོད་པ་དེ་རེད།

    Reply
  2. Tador18 says:
    ལོ་ 6 སྔོན།

    ཞི་ཅིན་ཕིན་རྒྱ་ནག་གི་དབུ་ཁྲིད་ལ་སླེབས་སྐབས། བོད་མི་མང་པོ་ཞིག་གིས་རེ་འབྲས་དོན་སྨིན་ཡོང་བར་རེ་ལྟོས་ལྷོད་མེད་བྱས་ནའང་བོད་དོན་ཐག་གཅོད་ནི་ཁོ་པའི་རྨི་ལམ་གྱི་ཟུར་ཙམ་ལ་ཡང་སླེབས་མེད་པ་རེད། (སྐད་འདི་ཚོ་གཅིག་བདེནའདུག)
    རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་སྲིད་ཇུས་ནི་ནས་འབྲུ་ཆང་ལ་བསྒྱུར་ཏེ་འཛམ་གླིང་མི་མང་བཟི་རུ་འཇུག་བྱེད་ཀྱི་ལག་ཆ་ཞིག་ལས། བོད་དོན་ཟེར་བ་ཞིག་རྣ་བའི་ཟུར་ལའང་གཡོར་མྱུང་མེད། (འདི་ལྟར་བཅོས་ན་འོས་པར་སྙམ།)
    རི་བོང་རྡོ་རྫུས་ཀྱི་གཡོ་ཇུས་ནི་རྒྱ་ནག་གི་རྒྱལ་རབས་ནང་ལོ་ངོ་སྟོང་ཕྲག་རིང་ལག་ལེན་མཐིལ་ཕྱིན་བྱས་ནས་ཡོང་བའི་རྒྱ་ནག་གི་རིག་གཞུང་གཤའ་མ་ཞིག་རེད། (འདི་ལྟར་བཅོས་ཤིན་ཏུ་འོས།)

    Reply
  3. བསོད་ནམས་རྒྱལ་མཚན། says:
    ལོ་ 6 སྔོན།

    སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ དགོས་ཡ་རྒྱ་དམར་གྱི་དཔོན་རིགས་ཚོ་ལྤགས་པ་མ་བཤུས་བ་བྱེད། མི་དགོས་པའི་སྤེན་པ་ཚེ་རིང་ལྤགས་པ་བཤུས། ?

    Reply
  4. བསོད་ནམས་རྒྱལ་མཚན། says:
    ལོ་ 6 སྔོན།

    ? ཡག་པོ་བཀོད་འདུག ཁྱེད་ལྟ་བུ་སྲིད་སྐྱོང་མ་ལང་མ་གཏོག ཆག་སྒོ་བསླངས་ས་རེད་ད།

    Reply
  5. ཐོས་པ་དགའ། says:
    ལོ་ 6 སྔོན།

    ཧཧཧཧ བདེ་འཇགས་ཕོ་ཉ་ལགས། ནང་འཁྲུགས་ཕྲན་བུ་རེ་འབྱུང་བཞིན་པ་དེ་ཚོ་ནི་དགྲ་བོ་རྒྱ་དམར་ལ་ཁ་གཏད་གཅོག་རན་པའི་སྐབས་སུ་ལྡོག་རྩ་གཅིག་ལ་བསྒྲིལ་དགོས་པ་རེད། ནང་ཁུལ་གྱི་རྩོད་སྙོག་དེ་ཚོ་ཡང་རྒྱ་གཞུང་ལ་ཁ་གཏད་གཅོད་པའི་གཞུང་ངམ་སྒྲིག་འཛུགས་ཤིག་སྲ་གཏན་ཡོང་བའི་ཆེད་དུ་རེད། ལར་ནས་ནང་ཁུལ་གྱི་ཙ་གེ་ཙིག་གེ་དེ་འདྲ་ཡང་བྱུང་སྲིད་པ་ཞིག་རེད། འོན་ཀྱང་དུས་རྒྱུན་དུ་བོད་མི་ནང་ཁུལ་ལ་དགྲ་བོ་ཡིན་བསམ་པའི་འདུ་ཤེས་མི་འཛིན་མི་རུང་སྙམ།

    Reply
  6. འདམ་སྐྱེས། says:
    ལོ་ 6 སྔོན།

    དགོངས་ཚུལ་ལ་རྗེས་སུ་ཡི་རང་དང་གཞུང་མང་ཡོངས་ནས་ཐུགས་སྣང་གནང་གལ་ཆེ་བ་མཐོང་།།

    Reply
  7. བདེ་འཇགས་ཕོ་ཉ། says:
    ལོ་ 6 སྔོན།

    ཐོས་པ་དགའ་ལགས། རིགས་ཞེན་རལ་གྲིའི་བཤད་པ་བདེན་མོད། ང་བཅས་ད་དུང་ནང་འཁྲུག་བརྒྱབ་མ་ཚར། དུས་ཚོད་མི་འདུག་ལོ།

    Reply
  8. འདམ་སྐྱེས། says:
    ལོ་ 6 སྔོན།

    ༄། །དུས་བབ་གསར་ཁང་ནས་གལ་ཆེའི་གསར་གནས་ཁག་དུས་བསྟུན་སྤེལ་བར་ལེགས་བརྗོད་ཡོད་ཡོད། འདིའི་སྔོན་བོད་སྨན་དང་འབྲེལ་གནས་དང་
    ད་ལམ་གོང་གསལ་གྱི་དགོངས་ཚུལ་འདི་དོན་དང་ལྡན་པ་གལ་ཆེན་དུ་མཐོང་། དེས་ན་རང་གཞུང་མཆོག་དང་རང་རིགས་ཡོངས་ཀྱིས་གོ་སྐབས་དམ་འཛིན་གྱིས་དུས་བསྟུན་ལས་དོན་ལ་འབད་བརྩོན་ལྷོད་གཡེང་དུ་མ་སོང་བར་གནང་རྒྱུ་ཆེས་གལ་ཆེན་དུ་མཐོང་། སྤྱིར་ད་སྐབས་རང་གཞུང་དང་གཞུང་མིན་ཚོགས་པ་རེ་ཟུང་དང་སྒེར་རེ་ཟུང་ནས་ནས་ཀྱང་ཐུགས་སྣང་གནང་དང་བཞིན་ལ་བསྔགས་བརྗོད་ཡོད།།

    Reply
  9. འདམ་སྐྱེས། says:
    ལོ་ 6 སྔོན།

    དུས་བབ་གསར་ཁང་ནས་དུས་བསྟུན་གལ་ཆེའི་གསར་གནས་མང་པོ་སྤེལ་དང་སྤེལ་བཞིན་པར་ལེགས་བརྗོདཡོད། ད་ལམ་གོང་གསལ་དགོངས་ཚུལ་ཐུགས་སྣང་ཆེན་པོས་གནང་བ་འདི། དོན་དང་ལྡན་ཞིང་ང་ཚོའི་རང་གཞུང་དང་མང་ཚོགས་བཅས་པས་ཐུགས་སྣང་ཆེ་བཞེས་ཀྱིས་གོ་སྐབས་དམ་འཛིན་སྔར་ལྷག་གནང་རྒྱུར་ཆེས་གལ་ཆེན་དུ་མཐོང་། སྤྱིར་རང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་རེ་ཟུང་གི་གནང་བ་དང་སྒེར་རེ་ཟུང་ནས་ཀྱང་གནང་དང་གནང་བཞིན་ལ་ཡིད་རང་དང་བསྔགས་བརྗོད་ཡོད།།

    Reply
  10. ཐོས་པ་དགའ། says:
    ལོ་ 6 སྔོན།

    གནང་ལ་ཁེལ་བའི་རྩོམ་ཡིག་གཅིག་བྲིས་འདུག བོད་མིའི་སྒྲིན་འཛུགས་ཀྱི་མཛད་གཙོ་རྣམ་པས་ངེས་པར་དུ་རྩོམ་ཡིག་འདིའི་རིགས་ལ་ཐུགས་སྣང་རེ་གནང་བའི་དུས་ལ་བབས་འདུག གོ་སྐབས་ཤོར་ན་མི་ལེགས་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese