མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་གར་རྒྱལ་ཡོངས་ཁྱིམ་སྡོད་བཀའ་རྒྱ་བདུན་ཕྲག་གཉིས་ཕྱིར་འགྱངས་བྱས།

བོད་ཀྱི་དུས་བབ།
༢༠༢༠/༠༥/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་རྒྱལ་ཡོངས་ཏོག་དབྱིབས་རིམས་ནད་ཀྱི་ཁྱིམ་སྡོད་བཀའ་རྒྱ་ཕྱི་ཟླ་ ༥ ཚེས་ ༡༧ བར་མུ་མཐུད་ལག་བསྟར་གནང་གཏན་འཁེལ་འདུགརྒྱ་གར་ནང་སྲིད་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱ་གར་རྒྱལ་ཡོངས་ཏོག་དབྱིབས་རིམས་ནད་ཀྱི་ཁྱིམ་སྡོད་བཀའ་རྒྱ་ཕྱི་ཟླ་ ༥ ཚེས་ ༤ ནས་བདུན་ཕྲག་གཉིས་ཕྱིར་འགྱངས་བྱས་ཏེ། ཕྱི་ཟླ་ལྔ་པའི་ཚེས་ ༡༧ བར་མུ་མཐུད་ལག་བསྟར་གནང་གཏན་འཁེལ་ཡོད་པ་དང་། དུས་སྐབས་དེའི་རིང་ཏོག་དབྱིབས་རིམས་ནད་ཤུགས་ཆེར་ཁྱབ་པའི་ས་ཁུལ་དམར་པོའི་ནང་ཞིང་ལས་དང་དྲ་ལམ་ཚོང་ལས་རིགས་བྱེད་ཆོག་པ་དང་། ས་ཁུལ་ལྗང་གུའི་ནང་རྒྱལ་ཡོངས་སུ་བཀག་འགོག་བྱས་ཡོད་པའི་རིགས་མིན་ན་རིམ་གྱིས་སྒོ་ཕྱེ་བ་དང་ལས་དོན་གཉེར་ཆོག་པ་མ་ཟད། ས་ཁུལ་དེ་རིགས་ནང་རིམ་གྱིས་སྤྱི་སྤྱོད་རླངས་འཁོར་ནང་འདུག་སྟེགས་བརྒྱ་ཆ་ཕྱེད་ཙམ་བྱས་ཏེ་འགྲོ་སྐྱོད་ཆོག་སྐོར་བསྒྲགས་འདུག

ཐེངས་འདིའི་བཀའ་ཁྱབ་དེ་ནི་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དབུས་པའི་བློན་ཆེན་རྣམ་པ་འདུ་འཛོམས་ཀྱིས། རྒྱ་གར་ནང་གི་ཏོག་དབྱིབས་ནད་པའི་ཁ་གྲངས་དང་ཕྱོགས་ཡོངས་ཀྱི་གནས་བབ་བསྐྱར་ཞིབ་བྱས་པ་བརྒྱུད་ནས་བྱུང་བ་ཞིག་ཡིན་པ་དང་། རྒྱ་གར་འཕྲོད་བསྟེན་བློན་ཆེན་ཧར་ཤི་ཝར་ཌན་(Harsh Vardhan)མཆོག་གིས། ཏོག་དབྱིབས་ནད་དུག་དང་འཐབ་འཛིང་བྱེད་པར་རྒྱ་གར་གྱིས་གོམ་པ་སྔོན་ལ་སྤོ་བཞིན་ཡོད། ཅེས་བརྗོད་ཡོད་འདུག

ཁྱིམ་སྡོད་བཀའ་རྒྱའི་ནང་ཁྱོན་ཡོངས་ནས་དེ་སྔའི་བཀག་སྡོམ་ལྟར་ལག་བསྟར་གནང་འཆར་ཡོད་ན་ཡང་། དུས་སྐབས་དེའི་རིང་རྒྱ་གར་གྱི་སྐམ་མཚོ་གནམ་གསུམ་གྱི་འགྲུལ་སྐྱོད་དང་། སྤྱི་ཚོགས་ནང་རིག་གནས་དང་ཆོས་ལུགས་སོགས་ཀྱིས་མི་མང་འདུ་འཛོམས། རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་དང་ཤེས་ཡོན་ལྟེ་གནས་ཁག ཟ་ཁང་དང་མགྲོན་ཁང་རིགས་གཅིག་ཀྱང་སྒོ་ཕྱེ་མི་ཆོག་པ་མ་ཟད།  བྱིས་པ་དང་བུད་མེད་སྦྲུམ་མ། ལོ་ན་མཐོ་བོའི་རྒན་པའི་རིགས་ངེས་པར་འགྲོ་དགོས་པའི་ལས་དོན་འཕྲད་ན་མ་གཏོགས་ཕྱི་ལ་མ་ཐོན་རོགས་ཞེས་བརྗོད་འདུག

དེ་བཞིན་ཁྱིམ་སྡོད་བཀའ་རྒྱའི་སྐབས་སྒོ་ཕྱེ་ཆོག་པའི་རིགས་ལ། སྨན་ཁང་དང་དངུལ་ཁང་དགོས་མཁོ་ཆེ་བའི་ཅ་དངོས་དང་སྨན་བཟོ་གྲྭ། དེ་བཞིན་འཕྲུལ་ལས་བཟོ་གྲྭ་དང་འཐག་ལས་བཟོ་གྲྭ། ཆུ་དང་གློག་བཟོ་མཁན། གད་སྙིགས་དབོར་མཁན། གྲོང་ཁྱེར་གྱི་ཁང་པ་འཛུགས་སྐྲུན་རིགས་མི་གྲངས་ཚོད་འཛིན་དང་སྤྱི་ཚོགས་རྒྱང་བཀྱེད་ཀྱི་གོ་རིམ་ལྟར་སྒོ་ཕྱེ་ཆོག་པ་དང་། ཏོག་དབྱིབས་རིམས་ནད་ཤུགས་ཆེར་ཁྱབ་པའི་ས་ཁུལ་དམར་པོའི་ནང་ཞིང་ལས་དང་དྲ་ལམ་ཚོང་ལས་རིགས་བྱེད་ཆོག་པ་དང་། ས་ཁུལ་ལྗང་གའི་ནང་རྒྱལ་ཡོངས་སུ་བཀག་འགོག་བྱས་ཡོད་པའི་རིགས་མིན་ན་རིམ་གྱིས་སྒོ་ཕྱེ་བ་དང་ལས་དོན་གཉེར་ཆོག་པ་མ་ཟད། ས་ཁུལ་དེ་རིགས་ནང་རིམ་གྱིས་སྤྱི་སྤྱོད་རླངས་འཁོར་ནང་འདུག་སྟེགས་བརྒྱ་ཆ་ཕྱེད་ཙམ་བྱས་ཏེ་འགྲོ་སྐྱོད་ཆོག་སྐོར་བརྗོད་འདུག

གཞན་ཡང་། ཁྱིམ་སྡོད་བཀའ་ཁྱབ་འདི་དང་འབྲེལ་ནས་ཏོག་དབྱིབས་ནད་དུག་གི་ཁྱིམ་སྡོམ་བཀའ་རྒྱའི་འོག སོ་སོའི་རང་ཁྱིམ་དུ་ལོག་མ་ཐུབ་པའི་ལས་མི་དང་སློབ་མ། དེ་བཞིན། ཡུལ་སྐོར་བ་སོགས་མངའ་སྡེ་གཅིག་ནས་གཅིག་ལ་འགྲོ་བར་འབྲེལ་ཡོད་མི་མང་ནས་སྙན་ཞུའི་ལམ་ནས་ས་གནས་གཞུང་ལ་འབྲེལ་གཏུག་བྱས་ཚེ། དབུས་གཞུང་གི་གོ་སྒྲིག་འོག་དམིགས་བསལ་མེ་འཁོར་བརྒྱུད་མི་མང་རྣམས་སོ་སོའི་རང་ཁྱིམ་དུ་སྐྱེལ་འདྲེན་བྱ་འཆར་ཡོད་པ་དང་། ཕྱི་ཚེས་ ༣ ཉིན་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས་རྒྱལ་ཡོངས་བསྒྲགས་གཏམ་ཞིག་སྤེལ་འཆར་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

ཆུ་ཚོད་ ༢༤ སྔོན་ལ།
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

༢༠༢༣/༠༩/༢༢
དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཟླ་རྗེས་མ་ནས་༧གོང་ས་མཆོག་གིས་མཛད་འཕྲིན་གང་མང་ཞིག་བསྐྱང་འཆར་འདུག

༢༠༢༣/༠༩/༢༢
ནེའུ་ཡོག་གྲོང་ཁྱེར་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ། པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་བ་ནས་བླངས།
Mobile App

རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༣/༠༩/༢༡
༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist