མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེས་ན་དམིགས་ཡུལ་ངན་པ་སུ་ལ་ཡོད་དམ།

བོད་ཀྱི་དུས་བབ།
༢༠༢༠/༠༥/༢༧
Share on FacebookShare on TwitterShare on EmailShare on Whatsapp

སྒྲོལ་མ་ཉེར་གཅིག

 

   ༧གོང་ས་མཆོག་ལ་བསྟན་བཤིག་ཟེར་མཁན་ཞིག་ཡོད་ན། ད་ལན་སྲིད་སྐྱོང་བཀའ་ཤག་གིས་གསར་འགོད་གསལ་བསྒྲགས་ཤིག་མ་སྤེལ་ཐབས་མེད་ཡིན་རྒྱུ་རེད། གལ་སྲིད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་གཉིས་པའི་ནང་དུ་ “བཅའ་ཁྲིམས་འདིས་བོད་མིའི་སྒྲིག་འཛུགས་ཀྱི་མངའ་ཁོངས་སུ་གཏོགས་པའི་བོད་མི་ཡོངས་ལ་ཁྱབ་པ་ཡིན།” ཞེས་བཀོད་ཡོད་པ་ལྟར་ལག་བསྟར་གནང་གི་ཡོད་ན། ཧ་ཅང་ནག་ཉེས་ཆེན་པོ་རེད། རྒྱུ་མཚན་གང་ཡིན་ཞེ་ན། “བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་དང༌། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང༌། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་བཅས་ཡིན།” ཞེས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་དང་པོའི་ནང་དུ་འདི་ལྟར་གསལ་ཡོད་སྟབས། “བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས”ལ་གཞི་མེད་བསྐུར་འདེབས་བྱས་ན། གཞུང་མང་གཉིས་ཀའི་ངོས་ནས་རང་དགར་བཟོད་ཐབས་ཡེ་ནས་མེད།

 

   མདང་དགོང་ཐུབ་བསྟན་ཐོགས་མེད་ལགས་ཀྱི་བརྙན་ཐུང་ཞིག་ལ་ཉན་པ་ཡིན། དེ་རིང་ཞོགས་པ་ཆོས་རིག་བཀའ་བློན་གྱི་མིང་ཐོག་ནས་སྤེལ་བཞིན་པའི་ཡི་གེ་ཤོག་ལྷེ་གཅིག་ཅན་ཞིག་མཐོང་སོང་། ལས་ཤོག་དང་མཚན་རྟགས་ངོ་མ་ཡིན་མིན་མི་ཤེས་མོད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ངོས་སུ་ སྤྱི་ལོ་༢༠༢༠/༥/༢༦ ཉིན་ཆོས་རིག་བཀའ་བློན་གྱིས་སྤེལ་བའི་གནས་ཚུལ་དེ་འདྲ་ཞིག་མཐོང་རྒྱུ་མི་འདུག ཡིག་ཐོག་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་དེ་འདྲ་ཞིག་མཐོང་ལམ་དུ་མ་གྱུར། གསལ་བསྒྲགས་དང་གསལ་བཤད་སོགས་གང་ཡིན་ཡང་མི་ཤེས་པས་ཡིག་འཁྱར་ཞིག་ཡིན་རྒྱུ་རེད་བསམ་སོང་། ཡིན་ན་ཡང་། རྗེས་སུ་ཤེས་རྟོགས་བྱུང་བ་ལྟར་ན། དེ་ནི་ཆོས་རིག་ལས་ཁུངས་ཀྱི་ངོ་དེབ་ཐོག་ལ་སྤེལ་བའི་གནས་ཚུལ་ཞིག་ཡིན་འདུག་ལ། “དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གནད་དོན་ཁག་ཅིག་ཐོག་གནས་ལུགས་གསལ་བཤད་གནང་བ་གཤམ་གསལ།” ཞེས་བཀོད་ཡོད་པ་ངོ་དེབ་དེའི་ཐོག་མཐོང་རྒྱུ་འདུག ཡང་ཡ་མཚན་པ་ཞིག་ལ་གནས་ཚུལ་དེ་སྤེལ་ནས་ཆུ་ཚོད་དྲུག་ཙམ་གྱི་རྗེས་སུ། “དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ནས་གསལ་བཤད་འཕར་མ།” ཞེས་པ་ཞིག་སྤེལ་ནས་ཐོག་མའི་གསལ་བཤད་དེ་བཀའ་ཤག་གི་གསལ་བཤད་མིན་ཚུལ་བཤད་འདུག མི་མང་མང་ཚོགས་ནས་གཞི་འཛིན་ས་གང་ཡིན་མི་རྙེད་པ་ལྟ་བུའི་ཆེད་ཡིན་ནམ། ཡང་ན། ད་ལན་ཆོས་རིག་བཀའ་བློན་གྱིས་བྱ་སྤུ་གནོན་གྱི་སྒྲིག་འཛུགས་ཟེར་བ་ཞིག་ཡོད་པ་བརྗེད་སོང་བ་ནི་ཨེ་ཡིན། དོན་ངོ་མའི་ཆ་ནས། ཆོས་རིག་བཀའ་བློན་གྱིས་ཏཱ་ལའི་བླ་མ་བསྟན་བཤིག་ཡིན་པ་ངོས་ལེན་བྱས་འདུག དེ་ཡང་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱི་གནོན་ཤུགས་ལ་སྐྲག་ནས་ཡིན་པ་གསལ་པོ་རེད། སྤྱིར་བཏང་ཆོས་རིག་ལས་ཁུངས་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བློན་ཆེན་ལས་ཁུངས་གཙོ་གྲས་ཤིག་པས། ཆོས་རིག་བཀའ་བློན་གྱི་བཀའ་ཁྱབ་གང་གནང་བ་རྣམས་བཀའ་ཤག་གི་ཐག་ཆོད་ཡིན་པར་གོ་དགོས་པ་རེད། གཡུ་ཐོགས་ཀརྨ་དགེ་ལེགས་སྒེར་གྱི་གསལ་བཤད་ཡིན་ཟེར་བའི་ཚབ་ཏུ་ཆོས་རིག་བཀའ་བློན་སྒེར་གྱི་གསལ་བཤད་ཡིན་ཚུལ་བཤད་པ་ནི། ཤེས་བཞིན་དུ་ཧམ་བཤད་དང་བསམ་གཟས་ནས་སྤྱི་ཚོགས་དཀྲུག་ན་འདོད་པ་ཙམ་རེད། ཀུན་སློང་མ་དག་པའི་སྐྱོན་དང་འགན་མ་ཁུར་བའི་ནོར་འཁྲུལ་ཡང་རེད།

 

ད་ནི་གཡུ་ཐོགས་ཀརྨ་དགེ་ལེགས་ཟེར་བའི་གྲྭ་རྒན་དེས་མངོན་སུམ་འཛེམ་མེད་དུ་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་སྤེལ་བ་མང་དྲགས་སོང་། གྲྭ་རྒན་འདིས་བཀའ་བློན་གྱི་མིང་གི་རྒྱབ་ཏུ་ཡིབ་ནས་རང་དོན་བསྒྲུབས་པ་མང་དྲགས་སོང་། ད་ལོ་ཡང་མི་མང་གི་མདུན་ལ་ཡོང་ནས་ཧམ་པ་བཤད་ཡོང་གི་འདུག སྤྱི་ནོར་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། འཛམ་བུ་གླིང་གི་དད་ལྡན་མང་ཚོགས་ཀྱི་རེ་འདོད་བསྐོང་ཆེད། བརྙན་འཕྲིན་བརྒྱུད་ལམ་ལ་བརྟེན་ནས་ཐུགས་རྗེ་ཆེན་པོའི་དབང་ཆེན་གནང་རྒྱུ་ཡིན་པ་དེ། བསྟན་པ་བཤིག་བྱེད་ཀྱི་སྟ་རེ་ཡིན་ཚུལ་བཤད་མཁན་མདོ་སྟོད་སྤྱི་ཟུར་ཨོ་རྒྱན་སྟོབས་རྒྱལ་ལ་སྤྲུལ་སྐུ་དང་རིན་པོ་ཆེ་ཞེས་གང་ཡག་ཡག་དང་གང་སྙན་སྙན་འདྲ་ཞིག་བཤད་འདུག ཨོ་རྒྱན་སྟོབས་རྒྱལ་ཟེར་བའི་མི་དེས་རང་གི་སེམས་ལ་གང་དྲན་དྲན་ཙམ་ཞིག་ཁ་ནས་ཤོར་བ་ཡིན་ཚུལ་བཤད་པ་ནི་བདེན་པ་རེད། ཡིན་ན་ཡང་། བོད་མིའི་འདི་ཕྱི་གཉིས་ཀའི་སྐྱབས་མགོན། འཛམ་གླིང་ཞི་བདེའི་དེད་དཔོན། སྤྱི་ནོར་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བསྟན་པའི་དགྲ་བོ་རེད་ཟེར་མཁན་ལ་དམིགས་ཡུལ་ངན་པ་མེད་པར་ཡིད་ཆེས་ཡོད་ན། དེས་ན་དམིགས་ཡུལ་ངན་པ་ཡོད་མཁན་གྱི་མི་དེ་སུ་རེད། དམིགས་ཡུལ་ངན་པ་སུ་ལ་ཡོད་དམ། ད་དུང་ཨོ་རྒྱན་སྟོབས་རྒྱལ་ཟེར་བའི་མི་དེས། ཏཱ་ལའི་བླ་མ་ཞེས་ཐད་ཀར་གོང་ས་མཆོག་གི་མཚན་སྨོས་ནས་གཞི་མེད་བསྐུར་འདེབས་བྱས་ཡོད་པ་ལ་མང་ཚོགས་ནས་བསམ་འཆར་དང་ཐུགས་ཁུར་གནང་དགོས་ངེས་ཡིན་པ་དེ་ལ་དོན་མེད་བློ་ཕམ་ཞེས་ཁྱད་གསོད་མ་རུང་བའི་ཚིག་འདི་དག་གིས་ཡང་བསྐྱར་འབངས་གྱེན་ལོག་གི་སྒོ་མོ་རྡུང་རྩིས་ཡིན་ནམ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༡ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 2

  1. བདེན་དོན། says:
    ལོ་ 6 སྔོན།

    རིགས་གནས་གསར་བརྗེའི་ལིང་དགག་ཁུང་དགག་འགོ་བཙུགས་བྱས་འདུག ཧཧཧ། སྤེན་ཚེ་དང་བཀྲས་མཐོང་གི་ཨ་ཕྲུག་སྐབས་འཚོལ་རིང་ལུགས་པ་ཚོས་ཚེར་མ་ལ་སྐོར་ནས་རི་བོང་ལ་འཇབ་རྡོ་གཞུ་རྩིས་་འདུག དེའི་སྟེང་ཁམས་འབྲོག་ཀླད་སྟོང་བ་སྐྱག་སྤྲུལ་གྱི་ལྐུགས་རྟགས་བསྣན་ན་དེ་བས་ཀྱང་ལྟད་མོ། ཧཧཧཧ།

    Reply
  2. སྟོང་ཐུབ་བསྟན། says:
    ལོ་ 6 སྔོན།

    ༄༅། །དེང་སང་༧གོང་ས་མཆོག་ལ་སྐྱོན་བརྗོད་པའི་གཏམ་ཞིག་ལ་བརྟེན་ནས་སྤྱི་ཚོགས་དྲ་ལམ་ན་དཀྲུག་ཤིང་ཆེན་པོ་ཞིག་སློང་རྒྱུར་འབད་བརྩོན་བྱེད་མཁན་མང་པོ་འདུག །དུས་བབ་ཚོས་ཀྱང༼ དེས་ན་དམིགས་ཡུལ་ངན་པ་སུ་ལ་ཡོད་དམ་༽ ཞེས་པས་འགོ་བརྗོད་བཞག་པ་འདི་ལ་ཡང་གོ་རྒྱུ་ངན་པ་ཞིག་འདུག་སྙམ། ༼ དེས་ན༽ ཞེས་པའི་རྒྱུ་མཚན་འདྲེན་པའི་ཚིག་དེས་དུས་བབ་ཚོའི་སེམས་ནང་ཡོད་པའི་ན་ཚ་རྙིང་པ་ཞིག་དམིགས་ཡུལ་ངན་པ་ལ་བསྙད་ནས་གཙོ་འདོན་བྱས་པ་འདྲ་པོ་འདུག། གང་ལྟར། དམིགས་ཡུལ་ངན་པ་གཞན་ལ་ཡོད་མེད་དོགས་པའི་དྲི་བ་འདིས་རང་ལ་དམིགས་ཡུལ་ངན་པ་ཡོད་པ་གསལ་སྟོན་བྱས་འདུག་པ་མ་ཚད། རྩ་བའི་གནས་ཚུལ་དོན་གཞན་ཞིག་ལ་བསྒྱུར་ནས་དམིགས་ཡུལ་གཞན་གྱི་ཆེད་བེད་སྤྱོད་བཏང་ཡོང་དུས་རྩ་བའི་གནས་ཚུལ་ངན་པ་ཅི་ཞིག་ཡིན་ཡང་དེ་ལ་དགག་པ་བྱེད་པའི་བསམ་པ་འགྱུར་ནས་དོན་གཞན་དང་དམིགས་ཡུལ་གཞན་ལ་བསམ་གཞིག་མི་བྱེད་ཀ་མེད་རེད།
    མ་ཚད་རྩོམ་རྙོག་འདིར་བལྟས་དུས་རྩོམ་ཉམས་དང་དོན་སྙིང་མེད་པ་མ་ཚད། རྩོམ་རྙོག་འདི་སྤེལ་དགོས་དོན་ཡང་ཐུབ་བསྟན་ཐོག་མེད་ཀྱི་སྐད་ཆ་མཉན་ནས་ཡིན་ཚུལ་བཤད་འདུག །བཟང་པོར་བརྟེན་ནས་བཟང་དང་ངན་པར་བརྟེན་ནས་ངན་ཟེར་བའི་དཔེ་ལྟར། སྤྱི་ཚོགས་གཏོར་སེམས་དང་ཆོལ་ཁ་ཕྱོགས་རིས་ཁོ་ནས་སེམས་ཁམས་རྟག་ཏུ་འཁྲུགས་པའི་མིའི་རྒྱུ་རྐྱེན་ལ་བརྟེན་ན་འབྲས་བུ་ཡང་དེ་ལྟ་བུ་ལས་འབྱུང་མི་ནུས་པ་ནི་རྒྱུ་འབྲས་རྟེན་འབྲེལ་གྱི་འབྲེལ་བ་ལས་ཤེས་ཐུབ།
    བོད་པའི་སྤྱི་ཚོགས་སྦར་མོ་གང་པོ་འདི་རྙོགས་ཁྲས་རྟག་ཏུ་བཀང་ཡོད་པ་ནི། གཏམ་བཤད་མཁན་དང་ཉན་མཁན་འདི་དག་གི་ཉེས་པ་ཡིན་ལ། གསར་ཁང་ཞིག་ལ་མཚོན་ན། མི་འཆར་གཏམ་ཅན་གྱི་དབང་དུ་སོང་ནས་བསམ་མེད་ཀླད་སྟོང་གི་རྩོམ་རྙོག་འདི་འདྲ་སྤེལ་བ་ནི་བསམ་ཡུལ་ལས་འདས་པ་ཡིན་པས་དེ་ནི་དུས་བབ་ལ་གསར་ཁང་གི་འགྲོ་སྟངས་ཙམ་ཡང་མེད་པའི་དོན་རྟགས་ཅི་མ་ཡིན། དམིགས་ཡུལ་ངན་པ་ནི་རང་གཞན་སུ་ལ་ཡོད་ཀྱང་ངན་པ་ཡིན་ནོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese