མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧི་མ་ལ་ཡའི་སྲིད་ཇུས་ཀྱི་ནོར་འཁྲུལ་ཚབས་ཆེན།

བོད་ཀྱི་དུས་བབ།
༢༠༢༠/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

  ——ཇི་ལྟར་སྲིད་བློན་ནེ་རུས་མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་གར་གྱི་ཤུགས་རྐྱེན་ཉམས་བཅུག་པ་དང་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་བཏང་བའི་གནས་ཚུལ།

བླ་གཙུག་འཛིན་གྱིས་བསྒྱུར།

རྒྱ་གར་ལོ་གཉིས་ཀྱི་གཏན་འཇགས་མ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མིར་བདམས་ཐོན་བྱུང་བ་རེད། དེ་ནི་སྲིད་བློན་ནེ་རུ་ཁོང་གི་བཀའ་དྲིན་ཅིས་ཀྱང་ཡིན། རྒྱ་གར་གྱི་སྲིད་བློན་གཉིས་པ་ནེ་རུས་ཐེངས་གཉིས་ལ་རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མི་བྱེད་པའི་གོ་སྐབས་དང་ལེན་བྱས་མེད་རྐྱེན། དེང་སང་རྒྱ་གར་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་མ་ཡིན་པའི་ཚོགས་མི་བྱེད་པའི་གོ་སྐབས་འདི་ཙམ་ལས་ཐོབ་ཐང་མེད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མི་ལྔ་ནི། ཨ་རི་(USA)དང་ཨུ་རུ་སུ།(Russia) རྒྱ་ནག་(China)དང་དབྱིན་ཇི།(England) ཧྥ་རན་སི་(France)བཅས་ལྔ་ཡིན།

སྲིད་བློན་ནེ་རུས་ནག་ཉེས་གང་བསགས་པའི་ཐོ་གཞུང་ནི་མི་ཀུན་གྱི་བསམ་ཡུལ་འདས་པའི་རིང་པོ་ཡིན། ཕལ་ཆེར་དེབ་གཅིག་ཆ་ཚང་ཁ་གང་ཐུབ་པ་ཡིན། དངོས་ཡོད་གནས་ཚུལ་ཞིག་ལ། རིག་གནས་ཀྱི་མཁའ་དབུགས་གསར་བ་བསྐྲུན་འདོད་པའི་བློ་སྟོབས་ལྡན་པའི་སྐྱེ་བོ་སྐོར་ཞིག་གིས་སྲིད་བློན་གྱི་ལོ་རྒྱུས་ཀྱི་ནག་ཉེས་རྣམས་བསྡུ་རུབ་བྱེད་ཀྱིན་ཡོད།(1) འོན་ཀྱང་། སྐབས་བབ་ཀྱི་བརྗོད་བྱ་ནི་སྲིད་བློན་གྱི་ནོར་འཁྲུལ་ཆེ་ཤོས་སུ་འདོད་པའི་རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མིའི་ནང་འཛུལ་ཞུགས་བྱེད་པར་དགག་པ་བྱས་རྐྱེན་གྱི་ཧི་མ་ལ་ཡའི་སྲིད་ཇུས་ཀྱི་ནོར་འཁྲུལ་ཚབས་ཆེན་དེའི་སྐོར་ཆགས་ཡོད།

༡༩༥༠ལོའི་ཨ་རིའི་གོ་སྐབས།

༡༩༥༠ལོའི་ཟླ་༨ནང་སྲིད་བློན་གྱི་སྤུན་མཆེད་ཀྱང་ཡིན་པ། སྐབས་དེའི་རྒྱ་གར་གྱི་ཨ་རིའི་ནང་གི་སྐུ་ཚབ་དོན་གཅོད་ Vijaya Lakshmi Panditཡིས་ཨ་རིའི་རྒྱལ་ས་ Washington ནས་སྲིད་བློན་ལ་ཏར་འཕྲིན་བཏང་བའི་ནང་། “ཨ་རིའི་ཕྱི་འབྲེལ་ལས་ཁུངས་ཀྱི་རྩོད་གླེང་ཆེན་པོར་གྱུར་བའི་གནས་ཚུལ་ཞིག་སྲིད་བློན་ཁྱེད་ནས་མཁྱེན་རྟོགས་ཡོང་ཕྱིར་འཕྲིན་འདི་བྲིས་ཡིན། རྩོད་གླེང་དེ་ནི་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མིའི་ཁྲོད་ནས་ཕྱིར་འཕུད་གཏོང་རྒྱུ་དང་རྒྱ་གར་དེའི་ཚབ་ཏུ་ཡར་འཇུག་བྱེད་དགོས་པའི་གནད་དོན་དེ་ཆགས་ཡོད། འདང་དགོང་ངས་ཨ་རིའི་རྒྱལ་སའི་དཔྱོད་བརྗོད་པ་མིང་གྲགས་ཅན་ Marquis Childsབརྒྱུད་ནས་གོ་ཐོས་བྱུང་བ་ལ། (John Foster) Dullesཡིས་ཨ་རིའི་ཕྱི་འབྲེལ་ལས་ཁུངས་ཀྱི་མིང་ཐོག་ནས་སྐུ་ཞབས་Childsལ་རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་སུ་འཇུག་པའི་གནས་ཚུལ་དེའི་སྐོར་དམངས་ཚོགས་ལ་ཤུགས་རྐྱེན་ཡག་པོ་ཞིག་འཇོག་དགོས་སྐོར་བརྗོད་འདུག་པ་དང་། གནས་ཚུལ་དེ་གོ་རྗེས་ངས་ཁོ་ལ་རྒྱ་གར་གྱི་ལངས་ཕྱོགས་གང་ཡིན་འགྲེལ་བརྗོད་བྱས་ཏེ། གནས་ཚུལ་དེའི་རིགས་གློ་བུར་ཐག་ཆོད་བྱུང་ཚེ་རྒྱ་གར་ཕྱོགས་ནས་བརྡ་ལན་ཡག་པོ་ཡོང་རྒྱུ་མིན་སྐོར་སོགས་ལམ་སྟོན་བྱས།”(2) ཞེས་འཁོད། Vijaya Lakshmi Panditཡིས་རྒྱལ་ཁབ་ཀྱི་ཁེ་ཕན་རྒྱབ་ཏུ་དོར་ཞིང་རྒྱ་གར་མི་དམངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མི་བྱེད་འདོད་མེད་པའི་བརྡ་ལན་རྫུན་མ་སྤྲད་དེ་ཨ་རིའི་མི་དམངས་མགོ་སྐོར་བཏང་བ་རེད། རུལ་སུངས་དང་འཇོན་ཐང་མེད་པ་ནི་ལྕགས་སྒོར་གྱི་ངོས་གཉིས་དང་འདྲ་བ་ཡིན། སྲིད་བློན་ནེ་རུས་འཕྲིན་ལན་ཞིག་བཏང་པའི་ནང་། “ཁྱེད་ཀྱི་འཕྲིན་ཡིག་ཏུ་གསལ་བ་ལྟར་ན། ཨ་རིའི་ཕྱི་འབྲེལ་ལས་ཁུངས་ནས་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མིའི་ཁོངས་ནས་ཕུད་ཐབས་དང་རྒྱ་གར་དེའི་ཚབ་ཡར་འཇུག་བྱེད་འཆར་ཡོད་པ་ནི་རྒྱ་གར་མི་མང་གིས་ངོས་ལེན་རྩ་བ་ནས་བྱེད་ཐབས་བྲལ་བའི་གནས་ཚུལ་ཞིག་ཡིན། གནད་དོན་འདི་ཉིད་ཕྱོགས་གང་ཐད་ནས་བལྟས་ཀྱང། བྱ་བ་ཡག་པོ་ཞིག་གཏན་ནས་མིན། དེ་ནི་རྒྱ་ནག་ལ་དམའ་འབེབས་དང་རྒྱ་དཀར་ནག་གཉིས་བར་རྩོད་རྙོག་འབྱུང་རྐྱེན་ཉག་ཅིག་རེད། ཨ་རིའི་ཕྱི་འབྲེལ་ལས་ཁུངས་ཅི་ཙམ་གྱིས་མ་དགའ་བར་གྱུར་ཀྱང། ང་ཚོས་གནད་དོན་དེ་ཁས་ལེན་བྱེད་ཐབས་རྩ་ནས་མེད། ང་ཚོས་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མིར་མུ་མཐུད་བཞུགས་ཐབས་ལ་འབད་པ་བྱེད་དགོས་པ་ཡིན། རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིར་ཞུགས་པའི་ཆ་རྐྱེན་ཐམས་ཅད་ཚང་ཞིང་ཚོགས་མིར་ཞུགས་ཐུབ་པའང་ང་ལ་ཡིད་ཆེས་དམ་པོ་ཡོད། འོན་ཀྱང། ང་ཚོས་རྒྱ་དཀར་ནག་གི་འབྲེལ་བ་བློས་བཏང་ནས་དེ་ལྟར་བྱེད་ཐུབ་ཐབས་མེད།”(3) སྲིད་བློན་ནེ་རུ་རང་ཉིད་འཛམ་གླིང་དབུ་འཁྲིད་དུ་འདོད་པའི་འཁྲུལ་སྣང་དེས་རྒྱ་གར་ཕོངས་འདུག་པའི་མ་ཚད། ཁོས་རྒྱ་གར་རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ལ་སྣང་མེད་བྱས། ཁོ་དང་ཁོའི་སྲིང་མོ་གཉིས་ཀྱིས་ངན་པ་དཔུང་སྡེབ་ཀྱིས་རྒྱ་གར་ལ་ཐོབ་པའི་གོ་སྐབས་བཟང་པོ་དེ་བརླགས་པ་རེད། རྒྱ་ནག་དང་ཨ་རི། ཨུ་རུ་སུ་དང་པ་ཀི་སི་ཐན་སོགས་ཀྱིས་གོ་མཚོན་སྒྲིག་བཞིན་པའི་སྐབས་སུ། སྲིད་བློན་ནེ་རུ་ཡིས་ད་དུང་རྒྱ་གར་གྱི་དམག་མི་ཇེ་ཉུང་གཏོང་དགོས་སྐོར་དང་ཉེན་རྟོག་པའི་དཔུང་ཁག་ཙམ་གྱིས་རྒྱལ་མཚམས་སྲུང་ཐུབ་པར་བརྗོད་ཀྱིན་ཡོད།(4)

བོད་དོན་ལ་ཁྲེལ་མེད།

ཕྱི་ལོ་༡༩༡༢ལོར་བོད་རྒྱ་འོག་ནས་རང་བཙན་ཐོབ་པ་དང་བོད་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་བ་ཡིན། བོད་ནི་རྒྱ་དཀར་ནག་གཉིས་ཀྱི་བར་གནས་རྒྱལ་ཁབ་ཆེ་ཤོས་ཆགས་ལ། རྒྱ་ནག་གི་ས་མཚམས་ལ་བར་གནས་རྒྱལ་ཁབ་ཡོད་པ་ནི་རྒྱ་གར་ལ་མཚོན་ན་ཆབ་སྲིད་ཀྱི་དགེ་མཚན་ཆེན་པོ་ཞིག་ཡིན་པ་ས་དཔྱད་རིག་པའི་རྨང་གཞིའི་ཤེས་བྱ་ལྟ་བུར་གྱུར། འོན་ཀྱང་། རྒྱ་གར་གྱིས་བོད་ཀྱི་སྟོབས་ཤུགས་གོང་འཕེལ་གཏོང་བར་རོགས་རམ་གཏན་ནས་བྱས་མེད་པར་མ་ཟད། ལྷ་ས་གཞུང་གིས་གོ་མཚོན་རོགས་སྐྱོར་ཡང་ཡང་ཞུས་ཀྱང་རྒྱ་གར་གྱིས་ཁས་ལེན་མ་བྱས་པ་རེད། དོན་གྱིས་བོད་རྒྱ་ནག་གི་ཆ་ཤས་ཡིན་དགོས་པ་སྲིད་བློན་ནེ་རུའི་བསམ་བློའི་ནང་སྔོན་ནས་ཡོད་པ་འདྲ།

ལོ་རྒྱུས་སྟེང་ས་ཁོངས་བཙན་འཛུལ་གྱི་ཧམ་སེམས་ལྡན་པའི་རྒྱ་ནག་ལ་མཚོན་ན། སྲིད་བློན་གྱིས་གནས་ཚུལ་ལ་སྣང་མེད་བྱས་རྐྱེན་རྒྱལ་མཚམས་འགོག་སྲུང་གི་ནུས་པ་གང་ཡང་མེད་པའི་བོད་རྒྱལ་ཁབ་ལ་བཙན་འཛུལ་བྱེད་པའི་ཧམ་སེམས་ཇེ་ཆེར་གྱུར། རྒྱ་གར་གྱིས་འཆར་གཞི་དང་བསམ་གཞིག་གང་ཡང་མེད་པར་ཨ་རིའི་ཕྱི་འབྲེལ་ལས་ཁུངས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མིའི་ས་མིག་གོ་སྐབས་བློས་གཏོང་བྱས་ཏེ་ཟླ་ངོ་གཉིས་ཙམ་འགོར་རྗེས་ཏེ། ཕྱི་ལོ་༡༩༥༡ལོའི་ཟླ་༡༠ཚེས་༢༤ཉིན་རྒྱ་ནག་གིས་རྒྱལ་ས་པེ་ཅིང་ནས་བོད་ལ་ཞི་བའི་བཅིངས་གྲོལ་བྱེད་པའི་འགོ་བཙུག་ཟིན་པའི་གསལ་བསྒྲགས་བཏང་བ་རེད། རྒྱ་ནག་གི་དམག་མི་འབོར་ཆེན་ཞིག་རྒྱ་བོད་ས་མཚམས་བརྒལ་ཏེ་རྒྱལ་ས་ལྷ་སའི་ཕྱོགས་སུ་བསྐྱོད་ཀྱིན་ཡོད། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་གནས་ཚུལ་དེས་རྒྱ་གར་མི་མང་གི་སེམས་ལ་ཕོག་ཐུག་ཆེན་པོ་བཟོས་ཡོད་པ་དང་བཙན་འཛུལ་གྱི་ཉིན་གཉིས་པར་རྒྱ་གར་གཞུང་གིས་རྒྱ་ནག་ལ་འཕྲིན་བསྐུར་ཏེ། རྒྱ་ནག་གིས་བོད་ཀྱི་གནས་ཚུལ་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པར་རྒྱ་གར་ལ་ཁས་ལེན་བྱས་ཡོད་སྐོར་བརྗོད་པ་རེད། ཟླ་༨ཚེས་༣༠ཉིན་རྒྱ་ནག་གི་ཡིག་ལན་འབྱོར་བའི་ནང། བོད་ཀྱི་གནས་ཚུལ་རྒྱ་ནག་ནང་ཁུལ་གྱི་གནས་ཚུལ་ཡིན་སྐོར་དང་ཕྱིའི་རྒྱལ་ཁབ་ཀྱིས་ཐེ་གཏོགས་བྱེད་པ་བཟོད་ཐབས་མེད་སྐོར་སོགས་བརྗོད་དེ་ཁོང་ཁྲོའི་རྣམ་འགྱུར་བསྟན་པ་རེད།(5)

སྲིད་བློན་ལས་རོགས་Sardar Vallabhbhai Patelགྱིས་རྒྱ་ནག་ནས་འབྱོར་བའི་ཡིག་ལན་དེ་གུས་བརྩི་མེད་པའི་རྩུབ་སྤྱོད་ཀྱི་རྣམ་འགྱུར་ཞིག་ཏུ་འགྲེལ་བརྗོད་བྱས་ཤིང་། ཁོང་གིས། “དེ་ནི་གྲོགས་པོ་གཉིས་བར་གྱི་སྐད་ཆ་ཞིག་མ་ཡིན་པར། མི་འགྱངས་བར་དགྲ་རུ་འགྱུར་ངེས་པའི་གང་ཟག་གཉིས་བར་གྱི་སྐད་ཆ་ཞིག་རེད།”(6) ཅེས་བརྗོད། སྲིད་བློན་ནེ་རུ་ད་དུང་ཁུ་སིམ་སིམ་གང་ཡང་མ་བྱས་པར་བསྡད་པ་རེད། བྱེེད་ཐབས་བྲལ་བའི་གནས་སྟངས་འོག་ལྷ་ས་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུག་བྱེད་པར་ཐག་བཅད་ནས་རྒྱ་གར་གྱི་རྒྱབ་སྐྱོར་ཞུས་མོད། དེ་ལའང་སྲིད་བློན་ནེ་རུས་དཀའ་ངལ་འཕར་མ་འཕྲད་པར་ཞེད་སྣང་བྱས་ཏེ། བོད་པ་རྣམས་ལ་ཞུ་གཏུག་བྱེད་མི་རུང་ཚུལ་གྱི་བསླབ་བྱ་བརྒྱབ་པར་མ་ཟད། ཨུ་ཚུགས་ཀྱིས་ཞུ་གཏུག་བྱེད་དགོས་ཟེར་ན། སོ་སོས་ཐབས་ལམ་འཚོལ་དགོས་པ་ལས་རྒྱ་གར་གྱིས་རྒྱབ་སྐྱོར་མི་བྱེད་ཅེས་བརྗོད་པ་ཡིན། མཐར་ El Salvadorཞེས་པའི་རྒྱལ་ཁབ་ཆུང་ཆུང་ཞིག་གིས་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་རྒྱབ་སྐྱོར་བྱས་པ་ཡིན།

ཧང་སངས་དགོས་པ་ཞིག་ལ། སྲིད་བློན་ནེ་རུས་རྒྱ་ནག་གིས་ཡོངས་གྲགས་ཀྱིས་བོད་ལ་བཙན་ནོགན་དང་རྒྱ་གར་ལ་བརྙས་བཅོས་བྱས་པ་ཤེས་བཞིན་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིར་ངོས་ལེན་བྱེད་དགོས་ཚུལ་རེ་བ་བཏོན་པ་ཡིན། རྒྱ་དཀར་ནག་གི་གནད་དོན་གྲོས་མོལ་སྐབས་ཀྱི་རྒྱ་གར་དོན་གཅོད་Subimal Duttཡིས་གསུངས་པ་ལྟར་ན། ཐམས་ཅད་ལ་ཡོངས་གྲགས་ཀྱི་གནས་ཚུལ་ཏེ་རྒྱ་དཀར་ནག་གཉིས་དགྲ་ཟླར་འགྱུར་ངེས་ཀྱི་གནད་དོན་དེ་སྲིད་བློན་གྱིས་གཏན་ནས་ངོས་ལེན་བྱས་མེད་པ་ཡིན། “རྒྱ་གར་གྱི་གནད་དོན་ཐོག་སྲིད་བློན་གྱི་ལངས་ཕྱོགས་ནི། པེ་ཅིང་གཞུང་འབྱུང་འགྱུར་རྒྱ་གར་གྱི་ཉེན་ཁ་ཆགས་མི་སྲིད་པ་དང་། རྒྱ་ནག་ནང་ཁུལ་གྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བསྒྱུར་བཅོས། ཞིང་ལས་གསར་བརྗེ་སོགས་ལ་མགོ་འཐོམ་ནས་ཕྱིའི་རྒྱལ་ཁབ་ལ་བཙན་གནོན་བྱེད་ཁོམ་མེད་ཅེས་ཁོང་གིས་བརྗོད་པ་རེད།”(7)

༡༩༥༥ལོའི་ཨུ་རུ་སུའི་གོ་སྐབས།

རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་གཏན་འཇགས་ཚོགས་མི་ཆགས་པའི་གོ་སྐབས་གཉིས་པ་ཨུ་རུ་སུའི་གོ་སྐབས་དེ་ཡིན། ཕྱི་ལོ་༡༩༥༥ལོར་སྲིད་བློན་ནེ་རུ་གཞུང་འབྲེལ་ཐོག་ཨུ་རུ་སུར་ཕྱོགས་བསྐྱོད་སྐབས་བྱུང་བ་རེད། བློན་ཆེན་Nikolai Bulganinགྱིས་རྒྱ་གར་དང་བཀའ་མོལ་བྱས་ཚུལ་བརྗོད་སྐབས། “ང་ཚོས་རྒྱལ་སྤྱིའི་གནས་སྟངས་དང་ཞི་འགྲིག་གི་སྐོར་སོགས་གྲོས་མོལ་བྱས་པར་མ་ཟད། རྒྱ་གར་བདེ་འཇགས་ལྷན་ཚོགས་ཐེངས་དྲུག་པའི་ཚོགས་མི་བྱེད་དགོས་ཚུལ་གྱི་འདུན་པའང་བསྟན།”(8) ཞེས་གསུངས། ཨ་རིས་རྒྱ་གར་ལ་གོ་སྐབས་སྤྲད་པ་ཤེས་ནས། ཨུ་རུ་སུས་རྒྱ་གར་ཨ་རིའི་ཕྱོགས་གཏོགས་སུ་མི་འགྱུར་ཆེད་གོ་སྐབས་གཅིག་མཚུངས་ཀྱིས་སྤྲད་པ་ཡིན། འོན་ཀྱང་། བློ་རིག་རྟུལ་བའི་སྲིད་བློན་ནེ་རུས་དངོས་ཡོད་གནས་སྟངས་ལ་ངོས་འཛིན་བྱེད་མ་ཐུབ་པར། གོ་སྐབས་དེ་ཉིད་དང་ལེན་བྱས་མེད། སྲིད་བློན་ནེ་རུས། “རྒྱ་ནག་སོགས་ཡུལ་ལུང་གཞན་ཚོགས་མིར་མ་ཞུགས་གོང་། གནད་དོན་འདི་ངོས་ལེན་རྩ་ནས་བྱེད་ཐུབ་ཐབས་མེད། ངས་བལྟས་ན་ང་ཚོས་དང་པོ་རྒྱ་ནག་ཚོགས་མིར་འདུག་ཐབས་བྱེད་དགོས་པ་ཡིན” ཞེས་ཨུ་རུ་སུའི་བློན་ཆེན་ལ་ལན་བཏབ་པ་རེད། སྲིད་བློན་ནེ་རུས་རྒྱ་ནག་རྒྱ་གར་གྱི་སྔོན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མི་ཆགས་པར་རེ་བསྐུལ་བྱས་པར་མ་ཟད། ཕལ་ཆེར་Indonesiaདང་Egypt། Yugoslaviaསོགས་རྒྱལ་ཁབ་གཞན་རྣམས་ཀྱང་རྒྱ་གར་གྱི་སྔོན་ལ་ཚོགས་མིར་འདེམས་དགོས་པ་དང་རྒྱ་གར་གྱིས་ནམ་ཡང་བསྒུག་ཐུབ་ཅེས་ཟེར་འདོད་པ་ཡིན་ནམ།

དེ་བཞིན་ཕྱོགས་བསྐྱོད་སྐབས་སྲིད་བློན་ནེ་རུས་༡༩༥༠ལོའི་ཨ་རིའི་གོ་སྐབས་སྐོར་དང་རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་ནང་འཛུལ་ཞུགས་དགོས་མིན་སྐོར་སོགས་རང་གི་ལངས་ཕྱོགས་རྣམས་གསལ་བོར་འཁོད་པའི་ཡིག་ཆ་ཞིག་ཏུ། “རྒྱ་ནག་ལྟ་བུ་སྟོབས་ཆེན་རྒྱལ་ཁབ་ཅིག་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མིར་མ་འཐུས་པ་ཤིན་ཏུ་བློ་ཕམ་ཞིག་ཡིན། དེ་བཞིན་རྒྱ་གར་ཚོགས་མིར་ཞུགས་དགོས་སྐོར་བསམ་ཚུལ་འདོན་མཁན་རྣམས་ལ་གནད་དོན་དེ་རྒྱ་གར་གྱིས་ཁས་ལེན་བྱེད་ཐབས་མེད་ཅེས་གསལ་བོ་བྱས་ཏེ་ཞུས་པ་ཡིན། རྒྱ་གར་ལ་ཚོགས་ཞུགས་ཀྱི་ཆ་རྐྱེན་སོགས་ཚང་ནའང་། དུས་སྐབས་འདི་ལྟ་བུ་ཞིག་ལ་ཚོགས་ཞུགས་ཀྱི་འདོད་པ་གཏན་ནས་མེད་སྐོར་ཞུ་རྒྱུ་བྱུང་། རྒྱ་ནག་ལ་ཚོགས་ཞུགས་ཀྱི་ཐོབ་ཐང་ཡོད་པས་དང་པོ་རྒྱ་ནག་ཚོགས་མིར་འཇུག་རྒྱུ་དེ་གཙོ་བོ་ཡིན་པ་དང། དེའི་རྗེས་རྒྱ་གར་གྱི་གནད་དོན་ལ་ཟུར་དུ་གྲོས་བསྡུར་བྱེད་ཆོག་གི་རེད།”(9) ཅེས་འཁོད།

སྲིད་བློན་ནེ་རུའི་མི་ཚེ་ལོ་རྒྱུས་འབྲི་མཁན་Sarvepalli Gopalགྱིས། “ཁོང་གིས་ཨུ་རུ་སུས་རྒྱ་གར་བདེ་འཇགས་ལྷན་ཚོགས་ཐེངས་བདུན་པའི་ཚོགས་མིར་ཞུགས་དགོས་སྐོར་ཞུས་པར་ངོས་ལེན་བྱས་མེད་པ་དང་། རྒྱ་ནག་ལ་གོ་སྐབས་དང་པོ་སྤྲོད་དགོས་སྐོར་གསུངས་འདུག”(10) ཅེས་བྲིས། སྲིད་བློན་གྱིས་རྒྱ་ནག་ལ་ཞེན་ཆགས་ཀྱི་ནད་ཕོགས་པ་བཞིན་རྒྱ་གར་གྱི་སྔོན་ལ་རྒྱ་ནག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྐུབ་སྟེགས་རག་ཐུབ་པར་འབད་པ་ཤ་སྟག་བྱས། འོན་ཀྱང་། དེ་ལས་གལ་ཆེ་བ་ཞིག་ནི་གྲོས་ཚོགས་ནང་གནད་དོན་དེའི་སྐོར་གླེང་སློང་བྱས་མེད་པས། སྲིད་བློན་ནེ་རུ་ལ་རྒྱ་གར་ཚོགས་ཞུགས་བྱེད་འདོད་མེད་ཅེས་པའི་ཐག་ཆོད་ཀྱི་དབང་ཆ་སུས་སྤྲད་པ་རེད་དམ། ཁོང་གིས་རྒྱ་གར་ཕྱི་འབྲེལ་གྱི་ལས་དོན་རྣམས་ལ་སྲིད་ཇུས་དང་ལྡན་པའི་བསམ་བློ་དང་རིག་ལམ་གང་ཡང་མེད་པར་གཞི་མེད་ཀྱི་ཐག་གཅོད་དུ་མ་བྱས་ཤིང་རང་ཉིད་ཀྱི་སློབ་སྟོན་པའི་ལམ་སྟོན་སོགས་ལའང་རྩིས་མེད་བྱས། སྲིད་གཞོན་ Patelགྱིས་འཕྲིན་ཡིག་བཏང་སྟེ་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་རྒྱུ་རྒྱབ་སྐྱོར་བྱེད་པར་ཉེན་ཁ་ཆེ་སྐོར་སོགས་སྲིད་བློན་ནེ་རུ་ལ་ཉེན་བརྡ་བཏང་བ། “ཨུ་རུ་སུའི་ཕྱོགས་ཁག་ཕུད་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིར་ཞུགས་པའི་རྒྱབ་སྐྱོར་བྱེད་མཁན་ང་ཚོ་གཅིག་པུ་རེད། རྒྱ་ནག་གིས་ང་ཚོར་ཡིད་ཆེས་བྱེད་ཀྱི་མེད། སྤྱི་ཡོངས་ནས་ཁོ་ཚོ་དོགས་པ་དང་ཐེ་ཚོམ་གྱི་སྒང་ན་ཡོད། དམངས་ཚོགས་ཀྱི་བསམ་བློ་གཏོང་ཕྱོགས་ཀྱང་དེ་འདྲ་རེད་འདུག མ་མཐའ་ཡང་ཕྱིའི་རྣམ་འགྱུར་སྟོན་སྟངས་དེ་འདྲ་རེད། དོགས་པ་བྱེད་ཀྱིན་པར་མ་ཟད། དོགས་པ་དང་འབྲེལ་འཁོན་འཛིན་གྱི་བསམ་བློ་ཡང་ཡོད་པ་རེད།”(11) ཅེས་འཁོད།

གཡུ་འབྲུག་གི་གཏམ་མགོ་གཉིས་མ།

སྲིད་བློན་ནེ་རུ་རྒྱ་ནག་ལ་ངོ་དགའ་བྱེད་པར་བྲེལ་བ་བྱེད་ཀྱིན་པའི་སྐབས། དམར་པོའི་གཞུང་གིས་རྒྱ་གར་ལ་རྒྱབ་ནས་གྲི་བསྣུན་པ་ཡིན། སྐུ་ཞབས་Duttལགས་ཀྱིས་དཔྱད་ཞིབ་བྱས་པ་ལྟར་ན། “སྟབས་མ་ལེགས་པ་ཞིག་ལ། རྒྱ་ནག་གི་འགོ་འཁྲིད་གསར་པ་རྣམས་ཀྱིས་སྲིད་བློན་ནེ་རུའི་སེམས་བཟང་བཅངས་པ་དྲིན་དུ་འདོད་ཀྱིན་མེད།”(12) ཕྱི་ལོ་༡༩༤༩ལོའི་ཟླ་༩ནང་རྒྱ་ནག་གཞུང་གིས་སྟངས་འཛིན་འོག་གི་གསར་ཁང་ཞིག་ནས། སྲིད་བློན་ནེ་རུ་ལ་སྐྱོན་བརྗོད་དྲག་པོ་བྱས། ཡང་རྒྱ་ནག་གི་དུས་དེབ་ཅིག་ཏུ་སྲིད་བློན་ནེ་རུས་དབྱིན་ཇིའི་བཙན་རྒྱལ་རིང་ལུགས་པའི་ལྟ་བ་བཟུང་སྟེ། བོད་ལ་དབང་བསྒྱུར་བྱེད་པའི་བཙན་འཛུལ་གྱི་ཧམ་སེམས་ཆེན་པོ་བཅངས་ཡོད་སྐོར་སོགས་ཀྱང་བྲིས་པ་རེད། དེ་བཞིན་ཕྱི་ལོ་༡༩༥༡ལོའི་ཟླ་༤ཚེས་༡༡ཉིན། “Shanghaiལྟ་ཞིབ་” ཅེས་པའི་དུས་དེབ་ཅིག་ཏུ། “དོན་གྱིས་སྲིད་བློན་ནེ་རུས་ཨ་རིའི་རྒྱབ་སྐྱོར་བཙལ་ཏེ། རྒྱ་གར་མི་དམངས་མགོ་སྐོར་གཏོང་བ་དང་ཁ་བཤད་དོན་ལ་མི་གནས་པའི་ཁྲམ་པའི་རང་གཤིས་འཛིན་པ་ཙམ་ཡིན།” ཞེས་བྲིས།

སྐུ་ཞབས་Duttཡིས་དཔྱད་ཞིབ་བྱས་པར། “ལྟ་ཚུལ་དེ་དག་གིས་༡༩༥༦ལོའི་ཟླ་༨རྗེས་ནས་རྒྱ་ནག་དང་ཨུ་རུ་སུ་གཞུང་འཛིན་པས་རྒྱ་གར་ལ་ལྟ་སྟངས་ཅི་ཡོད་གསལ་བོ་མཚོན་ཐུབ། ཁོ་ཚོས་སྲིད་བློན་ནེ་རུ་དབྱིན་ཇིའི་བཙན་རྒྱལ་རིང་ལུགས་པའི་ལག་ཆ་ཡིན་ཚུལ་བཤད་པ་རེད། གནད་དོན་ཆེན་པོ་ཞིག་ནི། སྐབས་དེར་རྒྱ་གར་གྱི་དམར་ཤོག་ཚོགས་པའི་ནང་སྲིད་བློན་ནེ་རུ་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་ཡོད། ཕྱི་ལོ་༡༩༤༩ལོའི་ཟླ་༡༠ཚེས་༡༩ཉིན། རྒྱ་གར་དམར་ཤོག་ཚོགས་པའི་འཚམས་འདྲི་བྱས་པའི་ལན་ལ། མའོ་ཙེ་ཏུང་གིས་ཏར་འཕྲིན་ཞིག་བཏང་བའི་ནང་། “དཔའ་ངར་ལྡན་པའི་རྒྱ་གར་དམར་ཤོག་ཚོགས་པ་དང་རྒྱ་གར་གྱི་རྒྱལ་གཅེེས་རིང་ལུགས་པ་རྣམས་ཀྱི་གཅིག་སྒྲིལ་དང་འཐབ་རྩོད་ཀྱི་ནུས་ཤུགས་ལ་བརྟེན་ནས། རྒྱ་གར་བཙན་རྒྱལ་རིང་ལུགས་པ་དང་བཙན་རྒྱལ་རིང་ལུགས་པར་ལག་འབྲེལ་བྱེད་མཁན་རྣམས་ཀྱི་གཉའ་གནོན་འོག་ནས་ཐར་ཐུབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད། རང་དབང་གི་རྒྱ་ནག་དང་མཚུངས་པར་སྤྱི་ཚོགས་རིང་ལུགས་ལྡན་པའི་རང་དབང་གི་རྒྱ་གར་ཞིག་བསྐྲུན་ཐུབ་པ་ཡིན།”(13) ཞེས་བྲིས།

Bandungགི་ནོར་འཁྲུལ་ཚབས་ཆེན།

སྲིད་བློན་ནེ་རུས་རྒྱ་གར་གྱི་ཚབ་ཏུ་རྒྱ་ནག་མཉམ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ནང་ཞུགས་པའི་ལམ་བཟོས་པ་སྨོས་ཅི་དགོས། ཨེ་ཤ་ཡ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཁྲོད་རྒྱ་ནག་ལ་མཐོང་སྣང་ཡག་པོ་བསྐྲུན་མཁན་ཡང་སྲིད་བློན་ཁོང་ལས་གཞན་སུ། མའོ་ཙེ་ཏུང་གིས་འགོ་འཁྲིད་པའི་རྒྱ་ནག་དམར་ཤོག་རིང་ལུགས་ཀྱི་བཙན་འཛུལ་ལ་ཨེ་ཤ་ཡའི་རྒྱལ་ཁབ་ཐམས་ཅད་འཇིགས་སྣང་སྐྱེས་ཏེ། ཀུན་གྱི་མིག་གིས་ཡར་ལྟ་བྱེད་ས་རྒྱ་གར་ཆགས་ཡོད་ནའང་། སྲིད་བློན་ནེ་རུས་རྒྱལ་ཁབ་དེ་དག་གི་འགོ་འཁྲིད་ནས་རྒྱ་ནག་ལ་འཐབ་རྩོད་བྱེད་པའི་ཚབ་ལ། རྒྱལ་ཁབ་དེ་དག་རྒྱ་ནག་གི་ཕྱོགས་གཏོགས་ཡོང་བར་འབད་པ་བྱས། ཕྱི་ལོ་༡༩༥༥ལོའི་Indonesiaཚོགས་འདུའི་སྟེང་སྲིད་བློན་ནེ་རུས་ལས་ཀ་དེ་དངོས་སུ་ལག་ལེན་བསྟར་བ་ཡིན། དང་ཐོག་ Pakistanདང་Sri Lanka།  Indonesiaསོགས་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་དམར་པོའི་གཞུང་ངོས་འཛིན་མེད་སྐོར་དང་ཚོགས་འདུར་འབོད་མི་དགོས་པའི་བསམ་ཚུལ་བཏོན་ནའང་། སྲིད་བློན་ནེ་རུས་ཚོགས་འདུར་ཞུགས་པ་ཙམ་གྱིས་གཞུང་ལ་ངོས་འཛིན་བྱས་པར་མི་འགྱུར་ཚུལ་དང་རྒྱ་ནག་སྐད་གཏོང་དགོས་ཚུལ་སོགས་ནན་ཞུས་ཀྱིས་དེ་དག་གི་ལྟ་སྟངས་བསྒྱུར་བ་ཡིན།

སྐུ་ཞབས་Duttཡིས་སྲིད་བློན་ནེ་རུས་ཚོགས་འདུ་ཉིད་སྤྲོ་སྣང་ལྡན་པར་བཟོས་ཚུལ་དང་ཚོགས་ཐོག་ནས་ཅི་ལྟར་ཨེ་གླིང་གི་བྱས་རྗེས་སྙན་གྲགས་ཅན་གྱི་རྒྱལ་ཁབ་ཅིག་ངོས་འཛིན་བྱས་ཚུལ་བརྗོད་ཅིང་། “སྲིད་བློན་ནེ་རུའི་མགྲོན་པོ་རྣམས་ལས་རྒྱུན་ཡོང་བྱེད་མཁན་ཞིག་ནི་རྒྱ་ནག་བློན་ཆེན་ཀྲུའུ་ཨིན་ལེ་Chou En-laiཡིན། བློན་ཆེན་ལ་མཚོན་ན་Asian-Africanཚོགས་འདུར་ཚོགས་ཞུགས་བྱས་པ་ཐོག་མ་ཡིན་ལ། ཁོ་ལྷོད་པོ་དང་འཚབ་འཚུབ་གང་ཡང་མེེད་མོད། རང་ཉིད་ཀྱི་ལངས་ཕྱོགས་སོགས་བརྟན་པོ་འཛིན་ཤེས་ཀྱིན་མེད། སྲིད་བློན་ནེ་རུས་ཁོ་ལ་བདག་སྐྱོང་བྱས་པ་ཡིན། ཚོགས་འདུའི་བར་སེང་ནས་ཁོང་གཉིས་ཀྱིས་Bandungགྲོང་ཁྱེར་གྱི་སྲང་ལམ་དུ་མང་ཚོགས་ཀྱི་མདུན་ནས་ཕན་ཚུན་ལག་པ་འཇུས་ཏེ་ཡུན་རིང་ཁ་བརྡ་བྱས།”(14) ཞེས་བྲིས།

རྒྱ་ནག་དམར་ཤོག་གཞུང་འཛིན་པར་མཚོན་ན་Bandungཚོགས་འདུ་ནི་གཞུང་གསར་པ་ངོས་འཛིན་ཡོང་བ་དང་ཁྱབ་བསྒྲགས་བྱེད་པའི་གོ་སྐབས་ཆེན་པོ་ཞིག་ཡིན། ཀྲུའུ་ཨིན་ལེ་Chou En-laiཡིས་Thailandདང་Laos། ཁམ་བྷོ་ཌི་ཡ་ Cambodiaསོགས་ཀྱི་སྐུ་ཚབ་རྣམས་ལ་རྒྱ་ནག་སྲིད་གཞུང་གསར་བས་ཁོ་ཚོའི་རྒྱལ་ནང་གི་གནས་ཚུལ་སོགས་ལ་ཐེ་གཏོགས་གཏན་ནས་མི་བྱེད་པའི་དམ་བཅའ་བྱས་པ་དང་ལྷག་པར་ཁོང་གི་གཏམ་བཤད་ཅིག་ཏུ་རྒྱ་ནག་མི་མང་གིས་ཨ་རི་ལ་མཛའ་གྲོགས་ཀྱི་འདུ་ཤེས་བཅངས་ཡོད་སྐོར་དང་རྒྱ་གཞུང་གིས་ཨ་རི་དང་ལྷན་ཐའེ་ཝན་གཙོས་པའི་ཨེ་ཤ་ཡ་ཤར་མའི་གནད་དོན་རྣམས་ཞི་འཇགས་ཡོང་ཆེད་གྲོས་མོལ་བྱེད་པར་འདུན་པ་ཆེན་པོ་ཡོད་སྐོར་ཡང་བཤད་པ་རེད།

རྒྱ་ནག་གི་གཡོ་སྒྱུ།

དམར་ཤོག་གཞུང་ལ་དམིགས་ཡུལ་ཡག་པོ་གང་ཡང་མེད། ལོ་ངོ་བཞི་བཅུའི་རིང་མི་སེར་ནང་འཁྲུག་རྐྱེན་གཏོར་སྐྱོན་ཐེབས་པ་སླར་གསོ་ཡོང་བར་བསྒུགས་ཡོད། སྲིད་བློན་ནེ་རུས་གླེན་རྟགས་སྟོན་བཞིན་རྒྱ་ནག་ལ་རོགས་པ་བྱེད་མཁན་གྱི་མི་སྣ་འཁྲབ་ནས་རྒྱ་ནག་གི་རེ་འདོད་འགྲུབ་པར་བྱས། སྲིད་བློན་ནེ་རུའི་འབད་བརྩོན་བྱས་པར་བརྟེན། འཛམ་གླིང་མི་མང་གི་མིག་ལམ་ནས་རྒྱ་ནག་ཉེན་ཁ་ཞིག་ཏུ་མི་མཐོང་བར་གྱུར། གནས་ཚུལ་འདི་ལ་བརྟེན་ནས་མཐར་ཨ་རིས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོབ་ཐང་ཐའེ་ཝན་དུ་ཡོད་པའི་རྒྱ་ནག་གོ་མིན་ཏང་གི་ལག་ནས་བླངས་ཏེ་རྒྱ་ནག་དམར་པོའི་གཞུང་ལ་སྤྲད་དགོས་ཁེལ་བ་ཡིན། དུས་ཀྱི་སྔ་གཞུག་ཙམ་ལས་རྒྱ་ནག་གིས་རྒྱ་གར་ལ་བློ་མེད་བྱེད་རྒྱུ་ཡིན་པ་གཏན་ཁེལ་རེད།

ཕྱི་ལོ་༡༩༥༧ལོར་རྒྱ་ནག་གིས་Aksai Chinརྒྱ་ཁོངས་སུ་བཅུག་ནས་འཁོར་ལམ་སོགས་བསྐྲུན་པ་རེད། དེ་དུས་སྲིད་བློན་ནེ་རུས་རྒྱ་ནག་ལ་སྐྱོན་བརྗོད་བྱས་མེད་ལ། རྒྱ་གར་གྱི་ལག་ནས་ཤོར་ཟིན་པའི་ས་རྣམས་ཕྱིར་ལེན་རྩིས་ཀྱང་བྱས་མེད། ཁོང་གིས་རྒྱ་གར་གྲོས་ཚོགས་ནང་ས་ཆ་དེའི་ས་གཤིས་ངན་རབས་དང་ས་དེར་ “རྩ་ཉག་མ་གཅིག་ཀྱང་མི་སྐྱེ་” ཞེས་བཤད་པ་རེད། གྲོས་ཚོགས་འཐུས་མི་Mahavir Tyagiཡིས་སྲིད་བློན་ལ་དགག་པ་བྱས་ནས། ས་གནས་འདིར་ཡང་རྩ་ཉག་མ་གཅིག་ཀྱང་མི་སྐྱེ་བས་འདི་ཡང་གཞན་ལ་སྤྲད་པས་འགྲིག་གམ།”(15) ཞེས་གྲོས་ཚོགས་ནང་རྩོད་པ་བྱས་མྱོང་བ་རེད།

སྲིད་ཇུས་མི་ཤེས་མཁན་གྱི་སྲིད་བློན་ནེ་རུས་གནས་ཚུལ་མང་པོ་ཞིག་རྟོགས་མ་ཐུབ་པར་ལུས། ས་ཆ་དེར་རྩ་ཡོད་མེད་གནད་དོན་མིན། གནད་དོན་དངོས་རྒྱ་ནག་ས་ཆ་དེ་བརྒྱུད་ནས་Gilgit-Baltistanདང་Kashmirདང་Pakistanསོགས་ལ་ཤུགས་རྐྱེན་སླེབས་ཐུབ་པ་དེ་ཡིན། སྲིད་བློན་གྱིས་གནས་ཚུལ་ལ་སྣང་མེད་བྱས་པ་དང་རྒྱ་གར་གྱི་དམག་མི་གྲ་སྒྲིག་མ་བྱས་པའི་རྐྱེན་གྱིས། རྒྱ་ནག་བློ་ཁོག་ཇེ་ཆེར་གྱུར་ནས། ཕྱི་ལོ་༡༩༦༢ལོར་རྒྱ་ནག་མི་མང་བཅིངས་གྲོལ་དམག་༨༠༠༠༠ཧི་མ་ལ་ཡའི་ས་མཚམས་སུ་བཏང་ནས་རྒྱ་གར་གྱི་ས་ཆ་མང་པོ་བཙན་འཕྲོག་བྱས།

མཐའ་སྡོམ།

སྲིད་བློན་ནེ་རུས་རྒྱ་ནག་གཙོས་རྒྱལ་ཁབ་གཞན་དང་འབྲེལ་བ་བྱེེད་སྐབས། འབར་རྫས་སྦས་པའི་ས་གནས་སུ་མིག་བཙུམ་ནས་འགྲོ་བ་ལྟ་བུའི་ཐག་གཅོད་མང་པོ་བྱས། རྒྱ་གར་ལ་རྐྱེན་ངན་ཞིག་བྱུང་བ་ནི། རང་བཙན་ཐོབ་པ་དང་འོས་འདེམས་མ་བྱས་པར་སྲིད་བློན་ཆགས་པའི་སྐུ་ཞབས་ནེ་རུའི་ལག་ཏུ་ཤོར་བ་དང་ཁོའི་བློ་སྟོབས་ཞན་པའི་མི་གཤིས་ཉིད་སྲིད་བློན་བྱེད་པར་འོས་འཚམ་གཏན་ནས་མིན། སྲིད་བློན་ནེ་རུའི་སྐྱོན་ཆེ་ཤོས་རྒྱ་གར་གྱི་བཟོ་ལས་དང་སློབ་གསོ། དམག་ཤུགས་སོགས་བསྐྱར་གསོ་བྱས་མེད་དེ་ཡིན། ཁྱིམ་མཚེས་རྒྱལ་ཁབ་རྣམས་ཀྱི་ཉེན་ཁ་ཆེ་སྐབས་དམག་ཤུགས་སོགས་སྟོབས་ཤུགས་ཆེ་དགོས་པ་སྨོས་ཅི་དགོས། འོན་ཀྱང་། ཁོས་ཞི་བདེ་ཁ་ལ་འཁུར་བའི་ལས་ཀ་སླ་ཤོས་དེ་བྱས་ནས་རང་ཉིད་ཡིད་འཚིམ་ནས་བསྡད་པ་ཡིན།

སེམས་ཁམས་རིག་པ་བ་Jordan Petersonགྱིས་བརྗོད་པ་བཞིན། “རང་ཉིད་ཀྱི་ཁང་པའང་ཐད་ཀར་མེད་པ་རྣམས་ཀྱིས་འཛམ་གླིང་བསྒྱུར་བཅོས་བྱེད་པར་ཤིན་ཏུ་གཟབ་དགོས།” ཡང་ཁོང་གིས་སྐད་ཆ་ཞིག་ཏུ། སྒེར་ལ་སེམས་ཀྱི་དཀའ་ངལ་སྣ་ཚོགས་ཡོད་པ་རྣམས་ཀྱིས་རྒྱུན་དུ་དཀའ་ངལ་དེ་དག་ལ་གཡོལ་ཐབས་བྱེད། གཡོལ་ཐབས་རིགས་གཅིག་གནད་དོན་དང་འཕྲད་སྐབས་བཟང་སྤྱོད་རྫུན་མ་བསྟན་ཏེ་རང་གི་གྲོགས་པོ་དང་ཁྱིམ་མཚེས་སོགས་བསླུ་ཐབས་བྱེད་ཅེས་ཟེར།(16) སྲིད་བློན་ནེ་རུའི་འདོད་པ་ནི་འཛམ་གླིང་དབུ་ཁྲིད་རྣམས་ཀྱི་མིག་ནང་རང་ཉིད་མི་ཡག་པོ་ཞིག་མཐོང་རྒྱུ་དེ་ཡིན་མོད། མཐར་རང་ཉིད་ལུས་ལ་གྱོན་གོས་གང་ཡང་མེད་པའི་རྒྱལ་པོ་ལྟ་བུའི་གནས་སྟངས་ཆགས་པ་རེད། ཡ་མཚན་པ་ཞིག་ནི། སྲིད་བློན་ཁོང་གིས་ཡིད་ཆེས་བྱེད་པའི་རྒྱ་ནག་པས་ཁོང་གི་སྒྲོབ་བཤད་རྣམས་ཀྱི་རྐུབ་བཏོན་པ་རེད།

དཔྱད་གཞི།

  1. Rajnikant Puranik, Nehru’s 97 Major Blunders, https://www.amazon.com/Nehrus-Major-Blunders-Rajnikant-Puranik-ebook/dp/B01J93IFWS
  2. Vijaya Lakshmi Pandit Papers 1st Installment (Pandit I), Subject File No. 59
  3. Vijaya Lakshmi Pandit Papers, 1st Installment (Pandit I), Subject File No. 60
  4. Jayanta Kumar Ray, India’s Foreign Relations, 1947-2007, page 117
  5. Subimal Dutt, With Nehru in the Foreign Office, page 82
  6. Ashok Kalyan Verma, Rivers of Silence: Disaster on River Nam Ka Chu, 1962 and the Dash to Dhaka, page 203
  7. Subimal Dutt, With Nehru in the Foreign Office, page 76
  8. Selected Works of Jawaharlal Nehru, second series, Vol 29
  9. Selected Works of Jawaharlal Nehru, second series, Vol 29, page 303
  10. Sarvepalli Gopal, Jawaharlal Nehru: A Biography, Vol 2, page 248
  11. Ravindra Kumar, Life and Work of Sardar Vallabhbhai Patel, page 15
  12. Subimal Dutt, With Nehru in the Foreign Office, page 76
  13. Subimal Dutt, With Nehru in the Foreign Office, page 76
  14. Subimal Dutt, With Nehru in the Foreign Office, page 98
  15. TFT Post, https://tfipost.com/2020/06/nothing-to-do-with-balochistan-the-khan-of-kalat-wanted-join-india-but-nehru-rejected-the-offer/
  16. Jordan Peterson, YouTube, https://www.youtube.com/watch?v=qTk-69f64KU

མ་ཡིག་གི་འབྲེལ་ཐག http://indiafacts.org/himalayan-blunder-how-nehru-screwed-india-at-the-un-and-strengthened-china/?fbclid=IwAR1sHhCjjbI9oer3m1W1A92OO1uXXixLeZ-hiZx9nau8ervUOmMjtwgdOPg

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 3

  1. དགེ་སྒྲུབ། says:
    ལོ་ 5 སྔོན།

    ཉམས་ཆུང་རིང་ལུགས་ཀྱིས་ཕམ་ཁ་ཉོ་བ་ལས་ཞི་བདེ་བསྐྲུན་མི་ནུས་ལ་རྒྱལ་ཁ་ནི་དེ་བས་ལེན་མི་ཐུབ།
    ནེ་རོའི་ནུས་མེད་ཀྱི་བྱེད་ཐབས་དང་ནེ་རོའི་ཉམས་ཆུང་རིང་ལུགས་གྱིས་རྒྱ་གར་རྒྱལ་ཁབ་ཆེན་པོ་རྗེས་ལུས་སུ་ཁྲིད་དང་ཁྲིད་བཞིན་ཡོད་ལ་
    དཔྱོད་ཤེས་མེད་པའི་བོད་པ་འགའ་རེས་ཀྱང་ནེ་རོའི་ཉམས་ཆུང་རིང་ལུགས་ཡོན་ཏན་དུ་རློམ་ནས་བོད་མི་རྣམས་རྗེས་ལུས་སུ་ཁྲིད་དང་ཁྲིད་བཞིན་ཡོད་པ་འདི་ཤེས་དགོས་ལ། ཤེས་ལྡན་རྣམས་ཀྱིས་གང་མྱུར་གིས་སྤང་བླང་ཚུལ་བཞིན་བྱས་ན་རྒྱལ་ཁ་ལོན་ཐུབ།

    Reply
  2. དགེ་སྒྲུབ། says:
    ལོ་ 5 སྔོན།

    ནེ་རོ་མེད་ན་རྒྱ་དམར་མེད།

    Reply
  3. ཇོ་རུ says:
    ལོ་ 5 སྔོན།

    Rakesh Krishnan Simha རྩོམ་པ་པོའི་མིང་བཀོད་ན་ལེགས་པར་སེམས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese