མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམག་དཔོན་དམ་པ་ཉི་མ་བསྟན་འཛིན་ལགས་ལ་མྱ་ངན་ཞུས།

བོད་ཀྱི་དུས་བབ།
༢༠༢༠/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ལྷོ་ཕྱོགས་ཀྱི་ཧུན་སུར་ས་གནས་ཉེན་རྟོག་པ་དང་བོད་མི་སོགས་ནས་དམག་དཔོན་དམ་པ་ཉི་མ་བསྟན་འཛིན་ལགས་སུ་མྱ་ངན་གུས་འདུད་ཀྱི་མཛད་སྒོ་སྤེལ་ཡོད་པ་རེད།དེ་རིང་ཕྱི་ཟླ་༩་ཚེས་༡༢ ཉིན་རྒྱ་གར་ལྷོ་ཕྱོགས་ཧུན་སུར་གྲོང་སྡེའི་རྒྱ་གར་ཉེན་རྟོག་པ་རྣམས་དང་ས་གནས་ཡུལ་མི། ཧུན་སུར་རབས་རྒྱས་གླིང་གཞིས་ཆགས་ཀྱི་བོད་མི་ཁག་ཅིག་དང་རྒྱ་གར་གསར་འགོད་པ་བཅས་མི་གྲངས་བརྒྱ་ལྷག་གིས་ཧུན་སུར་གྲོང་བརྡལ་གྱི་རྒྱ་གར་ཉེན་རྟོག་ལས་ཁུངས་སུ། ཉེ་སྔོན་བོད་འཕགས་ས་མཚམས་སུ་འདས་གྲོངས་སུ་ཕྱིན་པའི་དམག་དཔོན་ཉི་མ་བསྟན་འཛིན་ལགས་ཀྱི་ཆེད་དུ་མྱ་ངན་གུས་འདུད་དང་ཆེ་བསྟོད་ཀྱི་མཛད་སྒོ་ཞིག་ཚོགས་ཡོད་པ་རེད། བྱེད་སྒོ་དེ་ནི་ཧུན་སུར་གཞིས་ཆགས་ནང་གནས་སྡོད་བོད་དམག་ཟུར་པ་Dy Idr Tashi dhondup(USPP)སྡིང་དཔོན་གྱི་གོ་གནས་ཡོད་པ་བཀྲིས་དོན་གྲུབ་ལགས་དང་། ཧུན་སུར་ཉེན་རྟོག་པའི་དཔོན་པོ་མཐོ་ཤོས་ལ་ཏི་ཤི་ཀུ་མར་ལགས་གཉིས་ཀྱིས་གོ་སྒྲིག་གནང་བ་ཞིག་རེད་འདུག་ལ། མྱ་ངན་གུས་བཏུད་ཀྱི་བྱེད་སྒོ་དེའི་ཐོག་དམག་དཔོན་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་པར་མདུན་དུ་ཉེན་རྟོག་དཔོན་པོ་ཚོས་མེ་ཏོག་གི་ཕྲེང་བ་ཕུལ་བ་དང་མྱ་ངན་གུས་བཏུད་ཞུས་ཤིང་། རྒྱ་གར་གྱི་རྒྱལ་གླུ་བླངས་པ་དང་ངག་བཅད་ཀྱི་མྱ་ངན་གུས་བཏུད་ཞུས་ཡོད་པ་རེད། དེའི་ཐོག་ཉེན་རྟོག་པའི་འགོ་ཁྲིད་མཐོ་ཤོས་ལ་ཏེ་ཤི་ཀུ་མར་་ལགས་ནས་ཡུལ་སྐད་ཐོག་ནས་ཉི་མ་བསྟན་འཛིན་ལགས་ཀྱི་སྙིང་སྟོབས་དང་བྱས་རྗེས་ལ་གུས་བཀུར་བསྔགས་བརྗོད་ཀྱི་གཏམ་བཤད་གནང་ཡོད་པ་རེད།

ཁོང་གིས་གཏམ་བཤད་ནང་དོན་གཙོ་བོ་ང་ཚོ་རྒྱ་གར་མི་མང་རྣམས་བློ་བདེ་བག་ཕེབས་ངང་འཚོ་བ་སྐྱེལ་རྒྱུ་བྱུང་བ་དེ་ནི་གཙོ་བོ་བོད་པའི་དམག་མི་ཚོས་རང་སྲོག་བློས་གཏོང་གིས་རྒྱ་གར་གྱི་མཐའ་མཚམས་སྲུང་སྐྱོབ་བྱས་པའི་བཀའ་དྲིན་ལ་རྟེན་ནས་བྱུང་བ་ཡིན་སྟབས། ང་ཚོས་ནམ་ཡང་བཀའ་དྲིན་རྗེས་དྲན་བྱེད་དགོས་སྐོར་གཏམ་བཤད་གནང་ཡོད་པ་རེད།

ཡང་བྱེད་སྒོ་དེ་གོ་སྒྲིག་གནང་མཁན་་སྡིང་དཔོན་བོད་དམག་ཟུར་པ་བཀྲིས་དོན་གྲུབ་ལགས་ཀྱིས། དམག་དཔོན་ཉི་མ་བསྟན་འཛིན་ལགས་ཀྱི་སྐོར་ལོ་རྒྱུས་ངོ་སྤྲོད་གནང་བ་དང་། གསར་འགོད་པ་ཚོའི་དྲི་བར་ལན་འདེབས་གནང་སྐབས། རྒྱ་གར་ནི་བོད་མི་ཚོར་བཀའ་དྲིན་ཆེན་པོ་ཡིན་པར་བརྟེན། དམག་དཔོན་ཉི་མ་བསྟན་འཛིན་ལགས་རྒྱ་གར་གྱི་ཆེད་དུ་རང་སྲོག་དོར་བར་སྤོབས་པ་བྱེད་བཞིན་ཡོད་པ་མ་ཟད། རྒྱ་གཞུང་གིས་བོད་དམག་རྣམས་ག་དུས་དམག་ལ་ཡོང་དགོས་པའི་བརྡ་བཏང་ཡང་གྲ་སྒྲིག་ཨང་གསར་ཡིན་པའི་གཏམ་བཤད་གནང་ཡོད་སྐོར་བརྗོད་བྱུང་།

དེ་བཞིན། དམག་དཔོན་ཉི་མ་བསྟན་འཛིན་ལགས་ཀྱི་ཆེད་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནང་ཡོད་པའི་དམག་མི་ཟུར་པ་རྣམ་པས་ཀྱང་མྱ་ངན་གུས་བཏུད་དང་མཆོད་འབུལ་སྨོན་ལམ་གྱི་བྱེད་སྒོ་ཞིག་སྦེལ་ཀོབ་གཞིས་གྲོང་དང་པོའི་དཔའ་བོའི་རྡོ་རིང་མདུན་ཐང་དུ་གནང་ཡོད་པ་མ་ཟད། ཧུན་སུར་གཞིས་ཆགས་ནང་གི་བོད་དམག་ཟུར་པ་ཚོས་ཀྱང་ཉིན་བརྒྱ་དུས་གཅིག་ཏུ་རང་རང་གི་ཁྱིམ་དུ་མྱ་ངན་དང་མཆོད་འབུལ་སྨོན་ལམ་གནང་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 2

  1. Sonam Gyaltsen says:
    ལོ་ 6 སྔོན།

    ཚང་མས་སྲོག་ཟེར་བ་དེ་རྩ་ཆེན་པོ་གང་འདྲ་ཡིན་པ་མཁྱེན་བསལ་རེད་པ་ རྒྱ་གར་བ་དཔོན་རིགས་དང་བསྙན་འཕྲིན་སོགས་ལ་ ཏིབ་ཏི་ བཡི། ཤ་བཱཤ དཔའ་བོ་རེད་ བསྟོད་ར་ཚིག་སྐམ་པོ་གཅིག་གི་སྲོག་རྩ་ཆེན་པོ་དེ་ལ་ ལ་བདག་གིས་རེད་པས་ ? དཔའ་བོ་རེད། བོད་དོན་མ་རེད་པ། རྒྱ་གར་ཁོ་རང་ཚོ་ མི་ 20 རྐྱེན་འདས་ཕྱིན་པ་དེ་ལ་ག་ཚད་ངར་གྱི་འདུག རྒྱ་མི་ལ་ཤ་ལན་་་ རྒྱ་མིའི་ ཅ་ལག་བཀག་གི་ཡིན་ Apps Bann བཀག་གི་ཡིན། ད་དུང་༧གོང་ས་མཆོག་ལ་ BHARAT RATNA ཤ་ལན་གྱི་གཟེངས་བརྟགས་ཕུལ་དགོས་རེད། ༧གོང་ས་མཆོག་རྒྱ་གར་གྱི་རྒྱ་དམར་ལ་ཤ་ལན་སློག་ཡ་བེད་སྤྱོད་བྱེད་ས་རེད་པས་ ? རྒྱ་གར་གྱི་དོན་ལ་་་ བོད་པའི་ བང་ལ་དེཤ ཀར་གིལ། ལ་དྭགས་སོགས་ལ་རང་སྲོག་ཤོར་ དཀའ་ལས་ག་ཚད་བརྒྱབ་ཡོད་ བོད་དམག Hunting Dog ? འདུ་ཤེས་མ་གཏོགས་མིན་འདུག་ག བཟང་པོ་ལ་བཟང་ལན། ངན་པ་ལ་ངན་ལན། ༼ རྒྱ་གར་ད་དུང་བོད་དོན་ཐོག་ལ་ཁ་ཚིག་གཅིག་ཀྱང་བསྒྲགས་ཀྱི་མེད།༽ ང་ཚོའི་བོད་པས་འདྲན་གསོ་ 59 མིན། 54 ཡིན། 1954 ལོར་ རྒྱ་གར་གྱི་་་ བོད་རྒྱ་ཁོངས་ལ་སྤྲད། རྒྱ་དཀར་ནག་གཉིས་ Paanch Sheel Agreements གྲོས་མཐུན་ཆིངས་ཡིག་བཞག 56 ལོར་ ༧གོང་ས་མཆོག་བོད་ལ་ཕར་ཕྱིར་སློག་བཏང་པ་རེད་པ། ད་ལྟ་རྒྱ་དམར་གྱི་ བསུན་གཙེར་དང་དཀའ་ངལ་ཕྲད་ཡ་དེ་རྒྱ་གར་རང་གི་བཟོས་པ་རེད། དམག་ཞབས་ཉི་མ་བསྟན་འཛིན་ལགས་ད་ལན་རྒྱ་གར་གྱི་ཆེད་འཇིག་རྟེན་འདི་དང་ནང་མི་བུ་ཕྲུག་ཚང་མ་ཁ་བྲལ་དགོས་ཐུག ང་ཚོ་བོད་པ་རྒྱ་གར་གྱི་ བསྟོད་ར་ཚིག་སྐམ་པོ་ལ་ དཔའ་ངོམ་ཡ་དང་སྤོབ་པ་བྱེད་ཡ་གང་ཡང་མ་རེད། ཁོང་ལ་སྙིང་རྗེ་སྒོམ། མ་ཎི་ཡག་པོ་གྲངས་རོགས། ད་དུང་བོད་དམག་སྲོག་ཉན་ཤོར་བའི་ཉན་ཁ་ཡོད། གཞོན་ནུ་ཚོགས་པ་ཟེར་མཁན་དང་། མགོ་རེ་དམར་པོ་དཀྲིས་མཁན་ཚོ་ལ་ ཡ་ང་སྙིང་རྗེ་ནི་མེད། ཆོས་ནི་མཁས་མི་ལེན། ངོ་ཚ་ཡ་ནི་མེད།

    Reply
    • Lobsang says:
      ལོ་ 6 སྔོན།

      Sonam Gyaltsen la, I did not understand your motive and narrow thought. Indian government policy makers and decision to surrender Tibet is assumption but everything is too early to predict. As a matter of fact, we are indebted to India for its tremendous support which kept us alive to fight back to China. Therefore, if our soldier in Indian Army sacrifice for India, it is worthwhile and makes us proud.

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese