གསོན་པོ་དང་མྱི་གླེན་པ་གཉིས་ཀྱིས་རྩོམ་སྒྲིག་བྱས།
གཅིག སྐྱེས་སྐར་རོལ་སྐབས་ཀྱི་ཅ་ དངོས།
སྐྱེས་སྐར་རོལ་མཁན་ལ།
འཕྲེད་དར་རམ་ཁ་ཡིག མཆོད་མེ། སྤྲི ་གོར། ལོ་གྲངས། བོད་ལྭ། ཁ་བཏགས།
ནང་མི་དང་སྐྱེས་སྐར་དེ་ལ་ཞུགས་ མཁན་གྱི་གྲོགས་པོ་གྲོགས་མོ་ལ།
ཁ་བཏགས། ལེགས་སྐྱེས། གསལ་བཤད། ལེ གས་སྐྱེས་ལ་གཏན་འཁེལ་མེད་མོད། བྱི ས་པའི་མ་འོངས་འཚོ་བ་དང་ཀུན་སྤྱོ ད་ལེགས་ལམ་དུ་གཏོང་བར་ཕན་པ་ལས། མི་ཆེན་ཚོས་དབང་ཐང་དང་རྒྱུ་འབྱོ ར་ངོམས་པའི་སྟེགས་བུ་རུ་གཏན་ནས་ གཏོང་མི་རུང་། འཛེམ་བྱ། སྐྱེ ས་སྐར་ལེགས་སྐྱེས་ལ་མེ་མདའ་སོ གས་མཚོན་ཆའི་རིགས་གཏན་ནས་སྟེར་ མི་རུང་ཞིང་། ལེགས་སྐྱེས་ཆེ་མི་ རུང་། གལ་སྲིད་ཆེ་སོང་ན་སྐྱེས་ སྐར་ནི་ལོ་ལྟར་རྒྱུན་མི་ཆད་པ་ བསྟུད་མར་འོང་བས་སྔར་ལོ་ལས་ཕྱི ར་ལོ་ལེགས་སྐྱེས་ཆུང་ན་བྱིས་པ་ ཡིད་མ་ཚིམ་པ་དང་ཁོ་ཆད་པའི་འདུ་ ཤེས་སྐྱེ་བར་བཤད།
གཉིས། སྐྱེས་སྐར་གླུ་གཞས།
གཞས་ཚིག༢༠༡༧ལོར་རང་རིག་སྐྱིད་ ཀྱིས་བརྩམས།
ཁྱེད་ཀྱི་སྐྱེས་སྐར་ལ་རྟེན་ འབྲེལ་ཞུ།
ཁྱེད་ཀྱི་སྐྱེས་སྐར་ལ་རྟེན་ འབྲེལ་ཞུ།
བརྩེ་བའི( )ཁྱེད་ཀྱི་སྐྱེས་སྐར་ལ།
ཚེ་རིང་ནད་མེད་ལོ་བརྒྱ།
ཚེ་རིང་ནད་མེད་ལོ་བརྒྱ།
གསུམ། སྐྱེས་སྐར་རོལ་སྐབས།
ཐོག་མར་སྐྱེས་སྐར་ཁ་ཡིག་སྦྱར། སྐྱེ ས་སྐར་རོལ་མཁན་དེ་ཉིད་ཀྱིས་བོད་ ལྭ་གྱོན། སྐེ་ལ་ཁ་བཏགས་བསྒྲོན། སྐྱེས་སྐར་སྤྲི་གོར་འགྲམ་ལ་མཆོ ད་མེ་བསྒྲོན་རྗེས་མཆོད་མེ་ཁྱེར་ ནས་མཆོད་ཁྲིའི་སྟེང་དུ་བཞག དེ་ ནས་སྐྱེས་སྐར་ལ་སྨོན་འདུན་ཕུལ་ བའི་བཟའ་མི་གཉེན་ཉེ་གྲོགས་པོ་གྲོ གས་མོ་ཚང་མས་མཉམ་དུ་སྐྱེས་སྐར་ གླུ་གཞས་ལེན་པ།
བཞི། སྐྱེས་སྐར་སྤྲི་གོར་བགོ་ འགྱེད།
སྤྲི་གོར་བགོས་ནས་ལོ་རྒན་རིམ་ ལྟར་ཆེ་བ་ནས་ཆུང་བར་རང་གིས་དངོ ས་སུ་སྟེར་བ། ལེན་མཁན་གྱིས་ཚེ་ རིང་ལོ་བརྒྱ། བྱ་བ་ལམ་འགྲོ། ཁ་ ལས་དགེ། སྐྱེས་སྐར་ལ་རྟེན་འབྲེ ལ་ཞུ་སོགས་ཁ་ནས་རང་གིས་གང་ཤེས་ ཀྱི་ཤིས་ཚིག་རྗོད་པ།
ལྔ། སྐྱེས་སྐར་གྱི་དབྱངས་རྟ་དང་ ཚིག
ཐོག་མའི་སྐྱེས་སྐར་གྱི་དབྱངས་ རྟ་ནི་ཨ་མེ་རི་ཀའི་ལིར་སི་མངའ་ སྡེའི་ཤེར་བུ་མོ་སྤུན་གཉིས་ཀྱི ས་ཚང་མར་ཞོགས་པ་བདེ་ལེགས་ཞེས་ པའི་ཁམས་འདྲིའི་དབྱངས་གཞིར་བཟུ ང་སྟེ། ཁྱེད་ཀྱི་སྐྱེས་སྐར་ལ་རྟེ ན་འབྲེལ་ཞུ་ཞེས་པ་དབྱངས་རྟ་དེ་ ལ་དྲངས་པ་སྐྱེས་སྐར་གླུ་རུ་ཆགས་ པའོ།།
སྐྱེས་སྐར་དབྱངས་རྟ་དེ་ས་གནས་ དང་མི་རིགས་གང་གི་སྐད་དུ་བསྒྱུ ར་རུང་སྔར་གྱི་དབྱངས་རྟ་ལ་ད་ཐུ ག་བར་དུ་འགྱུར་བ་སོང་མེད། དབྱ ངས་ཡིག་ནི།
དྲུག སྐྱེས་སྐར་དར་བའི་ལོ་རྒྱུ ས་མདོ་ཙམ།
སྤྱི་ལོ་སྔོན་གྱི་ལོ་སུམ་སྟོ ང་ཡས་མས་སུ་ཨེ་ཅིབ་གདོད་མའི་ཆོ ས་ལུགས་སུ་སྐྱེ་བ་རྗེ་མར་ཡང་བསྐྱ ར་མི་ལུས་ཐོབ་ཕྱིར་དར་བར་བཤད། སྐ བས་དེར་ཨེ་ཅིབ་པའི་ལུགས་ལྟར་མགོ ་ལ་ཞྭ་མོ་གྱོན་པའི་རྩེ་མོ་ན་སྐ ར་མ་དང་ཚེས་རིས་ད་ལྟའི་ཁ་ཆེའི་ ཆོས་ཁང་མགོའི་ཏོག་ལྟ་བུ་ཞིག་ཏུ་ ངེས། ཕྱིས་སུ་ཚུར་རོ་མན་དུ་དར་ སྐབས་ཞྭ་མོ་དེ་བསྒྱུར་ནས་རྩེ་མོ ར་ཡེ་ཤེས་མ་ཤི་ཀའི་མཚོན་བྱེད་ལྔ ་ཡོད་པ་དེ་གྱོན་སྲོལ་བཙུགས། དེ འི་ཕྱིས་སུ་རྒུ་རུ་སུ་ལ་དར་བ་ ནས་སྐྱེས་སྐར་སྤྲི་གོར་བཟོ་སྲོ ལ་གསར་དུ་དར། སྐྱེས་སྐར་སྤྲི་གོ ར་གོར་གོར་ཡིན་པ་དེས་ཟླ་བ་མཚོན། དེའི་སྟེང་དུ་སྒྲོན་མེ་སྤར་བ་ དེས་ཟླ་བའི་འོད་མཚོན། བཤད་སྲོལ་ གཞན་དུ། ཕེ་རྒན་ནམ་ཤེ་མིན་ཟེར་ བའི་ཡེ་ཤེས་ཆོས་ལུགས་ཀྱི་ཡན་ལག་ གི་གྲུབ་མཐའི་ལུགས་སུ་སྒྲོན་མེ་ ལ་ཕུ་བཏབ་ཏེ་གསོད་པ་ནི་དུ་བ་ནམ་ མཁར་སོང་ན་ཉིན་དེར་མི་ཡུལ་དུ་མི ་གཅིག་སྐྱེས་པ་ནམ་མཁའི་ལྷ་ལྷ་མོ ་ཚོས་ཤེས་པའམ་ཁོ་ཚོར་སྐྱབས་འཇུ ག་གམ་བཅོལ་དམ་བྱས་པ་མཚོན། བྱེད་ སྟངས་དེ་ལ་ཁ་ཆེ་བ་ཚོས་འཐད་པ་མེ ད་པར་དགག་པ་ཚ་ནན་གཏང་འདུག་སྐད།
བཤད་སྲོལ་གཞན་ཞིག་ཏུ། རྒུ་རུ་ སུའི་དམངས་ཁྲོད་རིག་གནས་སུ་མི་ ཚང་མ་བདུད་གཅིག་གིས་བསྲུངས་པར་ ཡིད་ཆེས། ཕྲུ་གུ་བཙའ་དུས་བདུད་ དེས་རོགས་རམ་དང་ཚེ་གང་ལ་སྲུང་སྐྱོ བ་བྱེད། བདུད་དེ་ལྷ་ཞིག་དང་འབྲེ ལ་བ་དམ་པོ་ཡོད། དེ་ནི་བདུད་དེའི ་སྲུང་སྐྱོབ་བྱེད་པའི་ཕྲུ་གུ་དེ ་དང་སྐྱེས་སྐར་འདྲ་མཚུངས་ཡིན། རོ མ་གྱི་མི་རྣམས་ཀྱི་ལྟ་ཚུལ་དེ་ དང་ཕལ་ཆེར་འདྲ་མཚུངས་ཡིན།
ཡང་བཤད་རྒྱུན་གཞན་ཞིག་ཏུ། རྒུ ་རིགས་དམངས་ཁྲོད་དུ་ཟླ་བ་འདྲ་ བའི་སྤྲི་གོར་སྟེང་པྲ་ཚིལ་མཆོད་ མེ་བསྒྲོན་ནས་གཙུག་ལག་ཁང་ཡང་སྟེ ང་ནས་ཟླ་བའི་ལྷ་ལ་མཆོད་པ་བཤམས་ ན། རང་གི་སྨོན་འདུན་མངོན་འགྱུར་ ཐུབ་པའི་མཐུ་ནུས་ཁྱད་པར་བ་ཐོབ་ པའི་དད་པ་མཚོན། དེ་ལྟར་སྐྱེས་སྐ ར་གཏོང་སྲོལ་ནི་རྫུ་འཕྲུལ་དང་ཆོ ས་ལུགས་གང་རུང་གི་དད་པ་ལ་བརྟེན་ ནས་བྱུང་བར་བཤད།
དུས་རབས་བཅུ་དགུ་བའི་ཡར་སྔོན་ དུ་སྐྱེས་སྐར་ནི་སྐྱེས་པ་ཕོ་ལས་ བུད་མེད་ལ་གཏོང་སྲོལ་མ་མཆིས། དུ ས་རབས་བཅུ་དགུ་བར་ཐོག་མར་དབྱིན་ ཇིའི་རྒྱལ་མོས་སྐྱེས་སྐར་རོལ་ ནས་ཨ་མེ་རི་ཀ་དང་ཡོ་རོབ་སོགས་སུ ་ཕོ་མོ་འདྲ་མཉམ་གྱི་ལས་འགུལ་བྱུ ང་བ་དང་བསྟུན་དམངས་དཀྱུས་མའི་བུ ད་མེད་ཚོས་སྐྱེས་སྐར་རོལ་བའི་ འགོ་ཚུགས་ཤིང་། དོན་དེ་ཆབ་སྲིད་ ཀྱི་ངོ་བོ་རུ་བསྒྱུར་ནས་དོན་ངན་ པ་ཆེ་མ་ཆུང་གསུམ་གྱི་ལས་སྣ་ཚོ གས་བྱུང་ཚུལ་བཤད།
བདུན། བོད་པའི་སྐྱེས་སྐར་རོལ་ཚུ ལ་གླེང་དགོས་པའི་རྒྱུ་མཚན།
སྔ་རབས་བོད་མིས་སྐྱེས་སྐར་རོ ལ་ཚུལ་དང་གཏན་ནས་མི་འདྲ་བའི་ནུ བ་གླིང་མིས་སྐྱེས་སྐར་རོལ་ཚུལ་ འདི་འཛམ་གླིང་ས་སྒང་ཧྲིལ་པོར་ཁྱ བ་དང་ཁྱབ་བཞིན་པ་ལྟར་འུ་ཅག་གི་ ཡུལ་ལ་ཚ་རླབས་དེ་ལོ་རེ་ལས་ལོ་རེ ར། ཟླ་རེ་ནས་ཟླ་རེར། ཉིན་རེ་ལས་ ཉིན་རེར་ཇེ་མང་ནས་ཇེ་མང་དུ་འགྲོ ་བ་ལ་འགྲིག་མིན་གྱི་སྐད་ཆ་མེད་ ཀྱང་། ས་གནས་གཞན་དང་གཞན་དུ་དར་ བ་ལྟར་དེ་ལ་རང་མི་རིགས་ཀྱི་ཁྱད་ ཆོས་མ་འདྲ་བ་ཞིག་ཡོད་ན་ཧ་ཅང་གི་ ལེགས་པོ་རུ་སྣང་།
གོང་དུ་བོད་མིས་སྐྱེས་སྐར་རོ ལ་སྐབས་མགོ་ལ་ཤོག་ཞྭ་མི་གྱོན་པ་ ནི་ཉེ་བའི་རིག་གནས་གསར་རྗེ་དུས་ སུ་ཞྭ་མོ་ཅན་ཞེས་ཉེས་མེད་སྨྱོན་ འཛུགས་བྱས་ཏེ་མནར་གཅོད་སྣ་ཚོགས་ དང་བཙོན་ལ་བཅུག་པ། ཚེ་སྲོག་ཤོར་ བ་སོགས་གྲངས་སུ་མི་ཟིན་པས། བོད་ མི་ཚང་མས་མགོ་ལ་ཤོག་ཞྭ་གྱོན་པ་ དུས་དེ་ནས་ལྟས་ངན་ཚབ་ཆེན་དུ་བརྩི ས། ཤོག་ཞྭའི་ཚབ་ཏུ་སྐེ་ལ་དྲི་མེ ད་དྭངས་གཙང་གི་ལྷ་རྫས་ཁ་བཏགས་ཤི ག་བསྒྲོན་ན་ཚེ་རིང་ནད་མེད་བདེ་ སྐྱིད་ལྡན་པའི་རྟེན་འབྲེལ་གྱི་ མཚོན་བྱེད་ཐུབ་པ་ཧ་ཅང་ལེགས། སྤྲི ་གོར་ནི་དྲིན་ཆེན་ཕ་མ་དང་གཉེན་ ཉེ་མཛའ་གྲོགས་ཚང་མའི་བཀའ་དྲིན་ དང་བརྩེ་བ་ལ་དྲིན་ལན་མི་བརྗེད་ པའི་ཆེད་དུ་བཀོད་བསྒྲིགས་བྱས་ པའི་ལེགས་སྐྱེས་ཡིན། འགྲམ་གྱི་ མཆོད་མེ་ནི་ཤེས་རབ་སྟེ་རང་གིས་ ཤེས་རབ་ལ་བརྟེན་ནས་རྨོངས་པ་དང་ ཉེས་པ་སེལ་ནས་འཇིག་རྟེན་མི་ཡུལ་ གྱི་མུན་པ་ཚེ་སྲོག་གི་འོད་སྣང་ གིས་གསལ་བ་བྱ་བ་དང་། མཆོད་མེར་ ཕུ་མ་བཏབ་པར་མཆོད་པར་ཕུལ་ན་ལྷག་ ཏུ་རང་གི་དྲིན་ཆེན་རྩ་བའི་བླ་ མའི་ཤེས་རབ་བསྩལ་བའི་སྐུ་དྲིན་ མ་བརྗེད་པ་མཚོན་པ་ནི་ལེགས་པ་ལས་ ཀྱང་ལེགས་པའོ།། ལུས་ལ་བོད་ཆས་ མནབས་པ་ནི་ཕ་མེས་ཡང་མེས་ཀྱི་ལོ་ རྒྱུས་གོམས་སྲོལ་དང་། རང་ཉིད་དེ ་དག་གི་བུ་རབས་ཚ་རྒྱུད་ཡིན་པ་དྲ ན་སྐུལ་དང་། ཁོ་ཚོའི་སྐུ་དྲིན་ ལས་དེ་རིང་ངའི་ཚེ་སྲོག་དང་བདེ་ སྐྱིད་བྱུང་བ་མཚོན་པ་བཅས་སོ།། ད གེའོ།།
འདས་པའི་བོད་པའི་སྤྱི་ཚོགས་ནང་རང་གི་སྐྱེས་པའི་ཉིན་མོ་ལ་དགའ་སྟོན་གྱི་སྲུང་བརྩི་ཞུ་སྲོལ་ཡོད་མེད་ཀྱི་ལོ་རྒྱུས་སོགས་མ་མཐོང་ཡང་དེང་སྐབས་བོད་མི་རྣམས་ཕྱིའི་རྒྱལ་ཁབ་མང་པོའི་ནང་ཁ་ཐོར་ནས་རང་གི་འཚོ་བ་སྐྱེལ་བཞིན་པ་ནས་ཕྱིའི་རྒྱལ་ཁབ་ཀྱི་སྐད་ཡིག་དང་ལམ་ལུགས་རིག་གཞུང་སོགས་མང་པོ་བོད་མིའི་འཚོ་བའི་ནང་ཤུགས་མ་ཐུབ་ལ་སླེབ་ནས་སྐྱེས་སྐར་སྲུང་བརྩི་བྱེད་མཁན་དེ་ཁྱིམ་ཚང་གི་དཔལ་འབྱོར་ལ་ཞིག་པས་རྒྱས་བསྡུས་མང་པོ་གནང་མཁན་འདུག་པ་དེ་ཚོ་ལེགས་པའི་ཆ་ལ་སོང་དགའ་བསུ་ཞུ་འོས་པའི་བྱ་བ་བཟང་པོ་ཞིག་ཡིན་པ་དང་མ་འོངས་བོད་པའི་སྤྱི་ཚོགས་ནང་སྐྱེས་སྐར་རོལ་སྐབས་ག་རེ་གནང་དགོས་མིན་སྐོར་ལ་དོན་ཚན་བདུན་གསལ་སྟོན་གནང་བ་ལ་རྗེས་སུ་ཡིད་རངས་དང་ཐུགས་རྗེ་ཆེ་ཞུ་འདོད་བྱུང།
བོད་ཀྱི་སྐྱེས་སྐར་རོལ་སྟངས་བསླབ་བྱ་གནང་བར་བཀའ་དྲིན་ཆེ།
ཁ་ཆེའི་ཆོས་ནི་དུས་རབས་དྲུག་པ་ལ་བྱུང་བ་རེད་
ད་བར་ལོ་ཆིག་སྟོང་བཞི་བརྒྱ་ཡན་མན་གྱི་ཁྲག་མཚོ་འཁྱིལ་བའི་ལོ་རྒྱུས་ཡོད་པ་ལས་ལོ་སུམ་སྟོང་ཟེར་ན་ནོར་བ་རེད།
Scholars who study the Bible say that the earliest mention of a birthday was around 3,000 B.C.E. and was in reference to a Pharaoh’s birthday. But further study implies that this was not their birth into the world, but their “birth” as a god.
When Egyptian pharaohs were crowned in ancient Egypt, they were considered to have transformed into gods. This was a moment in their lives that became more important than even their physical birth.