མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཅའ་ཁྲིམས་དང་འགལ་བའི་ཐག་གཅོད་ཅིག་མ་རེད་དམ།

བོད་ཀྱི་དུས་བབ།
༢༠༢༠/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས།

           ཁ་སང་དེ་རིང་གི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་སྤྱི་འཐུས་རྒྱུན་ལས་བར་གྱི་རྩོད་གཞིའི་བྱུང་རིམ་སོགས་མི་གླེང་བར་ཐད་ཀར་དུ་གནད་དོན་གཉིས་སྐོར་བསམ་འཆར་འདོན་རྒྱུར།

ཀ༽ རྒྱུན་ལས་ནས་ཚོགས་འདུ་ཕྱིར་འགྱངས་ཟེར་བ་བཅའ་ཁྲིམས་དང་འགལ་ཡོད།

“དོན་ཚན་བཞི་བཅུ་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ།

འཆར་ཅན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ཚོགས་ཚེས་དང༌། དུས་ཡུན། ས་གནས་བཅས་སྤྱི་འཐུས་རྒྱུན་ལས་དང་གོ་བསྡུར་ཐོག་སྤྱི་འཐུས་ཚོགས་གཙོ་ལྷན་རྒྱས་ཀྱིས་གཏན་ལ་ཕབ་པ་ལྟར་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་སོ་སོར་ཚོགས་བསྐོང་བརྡ་ཁྱབ་གཏོང་རྒྱུ་དང༌། ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ།”

དོན་ཚན་འདིས་ཟླ་དྲུག་རེ་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་རེ་ངེས་པར་འཚོགས་དགོས་པ་གཏན་འཁེལ་ཟིན་ཡོད་པས། སྤྱི་འཐུས་རྒྱུན་ལས་ནས། “སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠ པ་དེ་བཞིན་དེ་སྔོན་གྱི་ཟླ་༩་ཚེས་༡༦ རེས་གཟའ་ལྷག་པ་ནས་ཚེས་༢༤ རེས་གཟའ་ཕུར་བུ་བར་ལས་དུས་ཉིན་གྲངས་བརྒྱད་རིང་འཚོགས་རྒྱུའི་གསལ་བསྒྲགས་བྱས་ཡོད་ཀྱང་། གཏན་འབེབས་དུས་ཚོད་ཐོག་འཚོགས་མི་དགོས་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༦ པ་དང་། དོན་ཚན་༤༩ པའི་ནང་གསེས་༢ པའི་དགོངས་དོན་ལྟར་ཕྱི་ལོ་༢༠༢༡་ཟླ་༣ པའི་བར་ཕར་འགྱངས་གནང་བ་ཡིན།”         ཞེས་བསྒྲགས་འདུག

འོ་ན། ཟླ་༣ པའི་ནང་ཚོགས་དུས་༡༡ པ་འཚོགས་དགོས་པས། ཚོགས་དུས་༡༠ པ་དང་༡༡་པ་གཉིས་བསྟུད་མར་འཚོགས་ན་ཡང་། “ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ།” ཞེས་པ་དང་འགལ་ཡོད་པ་བསྙོན་མེད་རེད། འོན་ཀྱང་རྒྱུན་ལས་རྣམ་པས་བཅའ་ཁྲིམས་ཀྱི་དགོངས་དོན་དང་འགལ་མེད་ཚུལ་ལ། བཅའ་ཁྲིམས་དོན་ཚན་༦ པ་དང་། དོན་ཚན་༤༩ པའི་ནང་གསེས་༢ པ་བཀོད་འདུག་པས། དེར་ཅིག་གཟིགས།

“དོན་ཚན་ཞེ་དགུ་པ། སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་ཀྱི་ཉུང་ཚད།

༡ སྤྱི་འཐུས་ལྷན་ཚོགས་དང༌། དེའི་རྒྱུན་ལས་གཉིས་ཀར་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་འཛོམས་ན་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་བྱ་རྒྱུའི་མཚོན་རང་རང་གི་ལས་དོན་བྱེད་པའི་དབང་ཆ་ཡོད། འོན་ཀྱང་སྤྱི་འཐུས་རྩ་འབོར་དང་ངོ་ཡོད་ཆ་བགོས་རྩིས་སྐོར་སྐབས་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས།

༢ སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ།”

དོན་ཚན་འདི་ལས། ཉུང་མཐའི་ཚད་གཞི་ནི་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་འཛོམས་དགོས་པ་དེ་རེད། ད་ལྟའི་སྤྱི་འཐུས་ཀྱི་གྲངས་འབོར་ནི་༤༥ ཡི་གསུམ་ཆའི་གཉིས་ནི་༣༠ ལོངས་དགོས། རྒྱ་གར་རང་ན་ཡང་སྤྱི་འཐུས་༣༠ ལྷག་ཡོད་འདུག ཚོགས་འདུ་ལ་ཡོང་ཐུབ་པ་མི་འདུག་ཅེས་སྙན་ཞུ་འབུལ་མཁན་ཡང་བྱུང་མེད་ཚོད། དེ་བས་རྒྱུན་ལས་ཀྱི་ཚོད་དཔག་འདི་ཡང་དག་ཅིག་མ་རེད།  གང་ལྟར་ཚོད་དཔག་བྱས་ཏེ་ཚོགས་དུས་ཕར་འགྱངས་གནང་བ་དང་གཅིག ཕར་འགྱངས་ཀྱི་དུས་ཡུན་རིང་དྲགས་པའམ་ཚོགས་དུས་༡༠་དེ་ཕྱིར་བསྡུ་ཆགས་པ་འདི་གཉིས་ཁྲིམས་ཀྱི་དབང་ཚད་ལས་བརྒལ་བ་ཞིག་ཅི་ལ་མིན།

དེ་ནས་རྒྱུ་མཚན་གཉིས་པ་ལ།

“དོན་ཚན་དྲུག་པ། རྒྱལ་སྤྱིའི་ཁྲིམས་ལུགས་དང༌། ཡུལ་ཁྲིམས་ལ་བརྩི་སྲུང༌།

བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དང༌། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་རྒྱལ་སྤྱིའི་ཁྲིམས་ལུགས་དང༌། ལྷག་དོན་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་དང་མི་འགལ་བ་བྱ་རྒྱུ།” ཞེས་པ་འདི་རེད། རྒྱ་གར་གཞུང་གིས་མི་གྲངས་སུམ་བཅུ་བརྒལ་བའི་འདུ་འཛོམས་བྱེད་མི་ཆོག་པའི་བཀའ་ཁྱབ་བསྒྲགས་ཡོད་དམ་ཅི། དེ་མེད་ན་ཡུལ་ཁྲིམས་དང་འགལ་ཚུལ་ཅི་ཡིན་ནམ།

མདོར་ན། ཚོགས་དུས་ཕྱིར་འགྱངས་གནང་ཚུལ་བཅའ་ཁྲིམས་ཀྱི་དགོངས་དོན་དང་མ་འགལ་ཚུལ་ལ་ཁག་དཀྲི་བྱེད་ས་མི་འདུག་པས། འདི་ངོས་ལེན་མ་གནང་ན་ཁྲིམས་འགལ་ཆེད་བཟོས་ཀྱི་ཉེས་པ་ཇེ་ལྕིར་འགྲོ་སྲིད།

ཁ༽ ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་ལུགས་དང་འབྲེལ་བའི་ཐག་གཅོད་དབང་ཚད་ཡོད།

དོན་ཚན་རེ་དྲུག་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད།

“ ༡ ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང༌། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན།”

“ ཆ གོང་གསལ་དོན་ཚན་ཁག་ནང་མ་གསལ་བའི་རྩོད་གཞི་ཁག་བཅས་ལ་གཟུ་བོའི་ཚུལ་གྱིས་ཁྲིམས་ཞིབ་ཐག་གཅོད་བྱ་རྒྱུ་དང༌།

ཇ གཞན་ཡང་ཁྲིམས་ཞིབ་ཁང་འོག་མ་རྣམས་དང༌། ཁྲིམས་དོན་དང་འབྲེལ་བའི་ལས་ཁུངས་ཁག་གི་ལས་དོན་བྱེད་ཕྱོགས་དང༌། འཛིན་སྐྱོང་གི་བྱ་བར་ཞིབ་འཇུག་ལམ་སྟོན་དང༌། སྟངས་འཛིན་བྱ་རྒྱུའི་དབང་ཆ་ཡོད།” ཅེས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན་པས། དངོས་སུ་ཞུ་གཏུགས་ཡོད་མེད་ལ་མ་ལྟོས་པའི་“རྩོད་གཞི་ཁག་བཅས་” དང་ “ཁྲིམས་དོན་དང་འབྲེལ་བའི་ལས་ཁུངས་ཁག་གི་ལས་དོན་བྱེད་ཕྱོགས” ལ་ཁྲིམས་ཞིབ་ཐག་གཅོད་དང་སྟངས་འཛིན་བྱ་རྒྱུའི་དབང་ཚད་བཅའ་ཁྲིམས་ཀྱིས་གནང་འདུག་པས། སྤྱི་འཐུས་རྒྱུན་ལས་ཀྱིས་བཅའ་ཁྲིམས་དང་འགལ་བའི་དབང་ཚད་བཀོལ་ཉེས་འདིའི་ཐད་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འགན་འཁུར་སྟངས་འདི་འོས་པར་མ་ཟད་དགོས་ངེས་ཤིག་རེད།

མཐའ་དོན། ཚོགས་དུས་༡༠ པ་ཕར་འགྱངས་ཀྱི་གསལ་བསྒྲགས་དེ་ཕྱིར་བསྡུ་གནང་ནས་ཁྲིམས་དོན་དང་མཐུན་པ་ཞིག་གནང་མ་ཐུབ་ན། རྒྱ་ཆེའི་མི་མང་གིས་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་བྱེད་དགོས་པ་ལས་འོས་མེད་དོ།།

མཆན། གོང་གསལ་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༥ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༦ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༦ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༧ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

མཆན། 5

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 6 སྔོན།

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་ཁྲིམས་ལུགས་ཡོངས་སུ་རྫོགས་པའི་རྩ་བ་ཡིན་པ་ནས་བཙན་བྱོལ་བོད་མིའི་དཀྱིལ་འཁོར་གྱི་ནང་དུ་ཡོད་པའི་བོད་མི་སྤྱི་སྒེར་ཚང་མས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་བློ་གཏད་བརྩི་བཀུར་ཉམས་ལེན་ཞུ་དགོས་པ་དེ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཆེ་ཤོས་དེ་ཡིན་པའི་ངོ་སྤྲོད་ཞུ་འདོད་བྱུང་ལ་བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་འཁོད་པའི་བོད་ཀྱི་ཡུལ་མི་ཟེར་བའི་ནང་གསེས་བཞི་པ་ནང་གསལ་། གོང་གསལ་དོན་ཚན་ཁག་ལག་ལེན་དུ་བསྟར་ཆེད་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་ཤིག་གཏན་འབེབས་བྱ་རྒྱུ་གསལ་ཡོད་ནཡང་བཅའ་ཁྲིམས་ཀྱི་ནུས་པ་འཐོན་ནས་མི་ལོ་བཅུ་ཕྲག་གསུམ་ལ་ཉེ་བའི་སྐབས་འདིར་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་ད་ལྟ་ཡང་བཟོ་མ་ཐུབ་པ་དེ་ཁྲིམས་བཟོ་སྡེ་ཚན་གྱིས་ཞན་ཆ་ལ་ངོས་འཛིན་ཞུས་ན་མ་འགྲིག་པའི་ཉེས་པ་གང་ན་ཡོད་།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 6 སྔོན།

    ཁ་སྣོན་གསལ་བཤད་ཙམ་དུ།
    རྒྱུན་ལས་ཀྱི་ཚོགས་དུས་༡༠ ཕར་འགྱངས་བྱེད་དགོས་པའི་གལ་ཆེའི་རྒྱུ་མཚན་གཅིག་ལ། “་་་གྲོས་ཚོགས་ཚོགས་པའི་དབང་དུ་བཏང་ཡང་རྒྱལ་སྤྱིའི་འགྲུལ་བཞུད་སྒོ་རྒྱ་བསྡམས་པའི་རྐྱེན་གྱིས་འགྲོ་འོང་གི་དཀའ་ངལ་ཡོད་པའི་ཆ་ནས་ཕྱི་རྒྱལ་དུ་ཡོད་པའི་སྤྱི་འཐུས་མང་ཆེ་བ་ཕེབས་མི་ཐུབ་པ་དང་། རྒྱ་གར་ནང་ནས་ཀྱང་སྤྱི་འཐུས་ཇི་ཙམ་ཕེབས་ཐུབ་ཀྱི་ཡོད་མེད་རྟོགས་ཐབས་དཀའ་བའི་གནས་སྟངས་ཀྱི་ཆ་ནས་ད་ལན་ཐག་གཅོད་དེ་འདྲ་ཞིག་མ་བྱས་ཀ་མེད་ཆགས་སོང་” ཞེས་གྲོས་ཚོགས་ཀྱི་ཉུང་མཐའི་གྲངས་ཚད་མི་ལོངས་པར་ཚོད་དཔག་བྱས་འདུག
    ངས་བསམ་ཚུལ་འདི་ཕུལ་དོན། ཁྲིམས་ཞིབ་ཁང་ལ་རྒྱབ་སྐྱོར་དང་སྤྱི་འཐུས་རྒྱུན་ལས་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་པ་ཞིག་མིན་པར་གནད་དོན་འདི་གལ་འགངས་ཆེན་པོར་བརྩིས་ནས་བྲིས་པ་ཡིན།

    Reply
  3. ལྷ་དགའ་ཐུབ་བསྟན། says:
    ལོ་ 6 སྔོན།

    རྒན་ལགས་ཀྱིས་ཡག་པོ་བྲིས་འདུག་པས་རྒྱབ་སྐྱོར་ཡོད་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རྩ་ཁྲིམས་མི་བརྩི་མཁན་ལ་ཆད་པ་ལྕི་མོ་གཅོད་དགོས་།

    Reply
  4. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 6 སྔོན།

    བཅའ་ཁྲིམས་དང་འགལ་བའི་ཐག་གཅོད་རེད་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་མི་མང་གི་བླ་སྲོག་ཡིན་པ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སྲུང་སྐྱོབས་ཀྱི་འགན་དེ་ཡང་མང་གཙོའི་ཀ་བ་གསུམ་ལ་ཡོད་ན་ཡང་སྤྱི་འཐུས་ནས་བཅའ་ཁྲིམས་སྲུང་སྐྱོབས་བྱ་རྒྱུའི་ཚབ་ཏུ་བཅའ་ཁྲིམས་ལ་འགན་མ་ཁུར་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཉེས་ཆད་ཀྱི་བཀའ་ཁྱབ་མ་གནང་ཐབས་མེད་བྱུང་བ་མ་རེད་དམ?

    Reply
  5. Gendun says:
    ལོ་ 6 སྔོན།

    སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་དོན་དངོས་བྲིས་འདུག་པར་ཐུགས་རྗེ་ཆེ།
    དྲང་བདེན་གྱི་ཁྲིམས་ཀྱི་རྒྱབ་ནས་ལང་ཐག་ཆོད་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese