མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༠ ལོའི་སེམས་གུ་ཡངས་ཀྱི་གཟེངས་རྟཊ་ལྕམ་ནན་སི་པོ་ལོ་སི་མཆོག་ལ་ཕུལ་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་སེམས་གུ་ཡངས་ཀྱི་གཟེངས་རྟཊ་འོས་གཞིའི་ཁོངས་ཨ་རིའི་གྲོས་ཚོགས་འོག་མའི་ཚོཊ་གཙོ་ལྕམ་ནན་སི་པོ་ལོ་སི་མཆོག་གི་དབུས་པའི་གྲོས་ཚོགས་འཐུས་མི་ཇིམ་མེག་གྷ་ཝན་མཆོག་དང་ཁོར་ཡུག་ལས་འགུལ་བ་བུ་མོ་གྷེ་རེ་ཊ་ཐན་བྷག་ལགས་བཅས་འདུགདེ་རིང་ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བཞུགས་སྒར་དྷ་སའི་ནོར་བུ་གསོལ་མགྲོན་ཁང་དུ། བོད་ཀྱི་མཛངས་མའི་འགྲན་བསྡུར་གྱི་གཙོ་གཉེར་བ་བློ་བཟང་དབང་རྒྱལ་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ཕྱི་ལོ་ ༢༠༢༠ ལོའི་སེམས་གུ་ཡངས་ཀྱི་གཟེངས་རྟགས་ (Free Spirit Award) དེ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པི་ལོ་སི་ (Nancy Pelosi) མཆོག་ལ་ཕུལ་བ་གསལ་བསྒྲགས་གནང་སོང་།

དེ་ཡང་ཐོག་མར་གཟེངས་རྟགས་དེ་ལྕམ་སྐུ་ནན་སི་པི་ལོ་སི་ (Nancy Pelosi) མཆོག་ལ་འབུལ་དགོས་པའི་རྒྱུ་མཚན་སྐོར་ལ་བློ་བཟང་དབང་རྒྱལ་ལགས་ཀྱིས། ལྕམ་ནན་སི་པོལ་སི་མཆོག་ནི་འཛམ་གླིང་གི་ས་གནས་གང་སར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བ་དང་ཁོར་ཡུག་ཉམས་རྒུད་དུ་འགྲོ་བཞིན་པ། དེ་བཞིན་སྤྱི་ཚོགས་བདེ་འཇགས་སོགས་ཀྱི་གནད་དོན་ཐད་བཀའ་མོལ་ཤུགས་ཆེན་གསུང་མཁན་ཞིག་ཡིན་སྐོར་དང་། བོད་དོན་ཐོག་དམིགས་བསལ་གྱིས་ཐུགས་འགན་བཞེས་ཏེ་ལོ་ངོ་མང་པོའི་རིང་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་པ་དང་། ཨ་རིའི་ཆབ་སྲིད་པ་དྷ་སར་ཕེབས་ཏེ་བོད་དོན་ཐོག་རྒྱབ་སྐྱོར་གྱི་རྣམ་པ་སྟོན་མཁན་ཤུགས་ཆེ་ཤོས་དེ་ཁོང་ཆགས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཛ་དྲག་གི་གནས་སྟངས་ཆགས་སྐབས་དང་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཤུགས་ཆེན་གཏོང་བཞིན་པར་ངོ་རྒོལ་གྱི་རྣམ་པ་སྟོན་ཆེད་དང་། ཕྱི་ལོ་ ༢༠༡༧ ལོར་བསྐྱར་དུ་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་ཆེད་ཁོང་མོ་དྷ་སར་ཐེངས་གཉིས་རིང་ཕེབས་ཡོད་སྐོར། དེ་བཞིན་ཡུ་གུར་དང་ཧོང་ཀོང་གི་གནས་སྟངས་ཐད་གླེང་སློང་བྱེད་ཀྱི་ཡོད་པ་སོགས་ལ་བརྟེན་ནས། ཐེངས་འདིའི་སེམས་གུ་ཡངས་ཀྱི་གཟེངས་རྟགས་དེ་བཞིན་ལྕམ་སྐུ་ནན་སི་པི་ལི་སི་མཆོག་ལ་ཕུལ་གྱི་ཡོད་སྐོར་བརྗོད་སོང་།

ཡང་གཟེངས་རྟགས་ཕུལ་སྟངས་དང་གཟེངས་རྟགས་ཀྱི་འོས་གཞིའི་ཁོངས་འོས་མི་ག་ཚོད་ཅིག་ཡོད་མེད་སྐོར་ལ་ཁོས། སེམས་གུ་ཡངས་ཀྱི་གཟེངས་རྟགས་སུ་ངོས་འཛིན་ཕྱག་ཁྱེར་ཞིག་དང་ཁ་བཏགས་ཤིག་ཡོད་པ་ལས་ཕྱག་ཁྱེར་དེ་ (PDF) ལ་བསྒྱུར་ཏེ་དྲ་ལམ་བརྒྱུད་ལྕམ་སྐུ་མཆོག་ལ་གཏོང་རྒྱུ་ཡིན་པ་དང་། ཁ་བཏགས་དྲ་ལམ་ནས་གཏོང་ཐབས་མེད་སྟབས་སྤྱན་འབུལ་ཞུས་ཏེ་སེམས་གཏིང་ནས་ཁོང་མོར་ནད་མེད་ཚེ་རིང་དང་། ཕྱག་ལས་ཐ་དག་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད་སྐོར་དང་། ཐེངས་འདིའི་གཟེངས་རྟགས་ཀྱི་འོས་གཞིའི་ཁོངས་སུ་ཨ་རིའི་གྲོས་ཚོགས་ནང་བོད་དོན་གྲོས་འཆར་གལ་ཆེན་ཁག་ཅིག་འདོན་གནང་མཁན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷ་ཝན་ (Jim McGovern) ལགས་དང་། རང་ལོ་ ༡༧ ཡིན་པའི་སི་ཝེ་ཌན་ (Sweden) རྒྱལ་ཁབ་ཀྱི་ཁོར་ཡུག་ལས་འགུལ་བ་བུ་མོ་གྷེ་རེ་ཊ་ཐན་བྷག་ (Greta Thunberg) ལགས་བཅས་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།བློ་བཟང་དབང་རྒྱལ་ལགས་ཀྱིས་ཕྱི་ལོ་ ༢༠༠༣ ནས་བཟུང་ལོ་ལྟར་སྤྱི་ཚོགས་ནང་གཟེངས་སུ་ཐོན་ཏེ་ཕྱག་ལས་སྣ་ཚོགས་གནང་མཁན་རྣམས་ལ་སེམས་གུ་ཡངས་ཀྱི་གཟེངས་རྟགས་ཞེས་པ་ཞིག་ཆེ་བསྟོད་དང་ངོས་འཛིན་བྱ་ཆེད་འབུལ་གྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོའི་སེམས་གུ་ཡངས་ཀྱི་གཟེངས་རྟགས་ (Free Spirit Award) དེ་འཛམ་གླིང་ཡུ་གུར་མི་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་རཱ་བྷི་ཡ་ཁ་ཏིར་ (Rabiya Kadeer) ལགས་ལ་ཕུལ་ཡོད་པ་རེད།

དེ་བཞིན་བློ་བཟང་དབང་རྒྱལ་ལགས་ཀྱིས་སེམས་གུ་ཡངས་ཀྱི་གློག་བརྙན་གཟེངས་རྟགས་དང་། བོད་ཀྱི་རོལ་དབྱངས་གཟེངས་རྟགས། ཧི་མ་ལ་ཡའི་མཛངས་མའི་གཟེངས་རྟགས་སོགས་གོ་སྒྲིག་ཞུ་བཞིན་ཡོད་པའི་ཁྲོད། ཕྱི་ལོ་ ༢༠༠༢ ལོར་མགོ་འཛུགས་བྱས་པའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ནི་གྲགས་ཆེ་ཤོས་གྲས་ཤིག་ཡིན་པ་རེད་ལ། བོད་ཀྱི་མཛངས་མའི་སྡིངས་ཆབརྒྱུད་ད་བར་ཁྱོན་བོད་ཀྱི་མཛངས་མ་ ༡༦ བདམས་ཐོན་བྱུང་ཡོད་པ་དང་། དེའི་ནང་ནས་བུད་མེད་ཁག་ཅིག་རྒྱལ་སྤྱིའི་སྡིངས་ཆ་གང་འཚམ་ཞིག་གི་ནང་མཉམ་ཞུགས་བྱེད་པའི་གོ་སྐབས་རག་ཡོད་པ་མ་ཟད། བོད་ཀྱི་མཛངས་མའི་མིང་ཐོག་ནས་བོད་དོན་དྲིལ་བསྒྲགས་སོགས་ཀྱང་བྱས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་བོད་ཀྱི་མཛངས་མ་དང་རྒྱལ་སྤྱིའི་མཛངས་མའི་འགྲན་བསྡུར་གོ་སྒྲིག་པ་སོགས་ལ་གནོན་ཤུགས་སྤྲད་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།

འོན་ཀྱང་། ཕྱི་ལོ་ ༢༠༡༩ ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་བུད་མེད་གཅིག་གིས་ཀྱང་མཉམ་ཞུགས་བྱས་མེད་སྟབས་འགྲན་བསྡུར་ཕྱིར་འཐེན་བྱས་ཡོད་པ་དང་། འདི་ལོའི་ལོ་མགོ་ནས་བཟུང་རྒྱ་ནག་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་གང་སར་ཁྱབ་པར་བརྟེན། ཕྱི་ལོ་ ༢༠༢༠ ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་དེ་བཞིན་འཚོགས་ཐུབ་མེད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༡༥ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༡༥ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 1

  1. Sonam Gyaltsen says:
    ལོ་ 5 སྔོན།

    སྔོ་རི། ཙོག་གེ་སྡད་རོགས། Joke མ་སློང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese