མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་གཞུང་གིས་བོད་མིར་དམ་དྲག་ཆེན་པོ་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་བལ་ཡུལ་ནང་གཞུང་འབྲེལ་སྐོར་སྐྱོད་དུ་སླེབས་ཡོད་པ་དང་བལ་ཡུལ་གཞུང་གིས་བོད་མི་འདུས་སྡོད་ཆེ་ཁུལ་དམ་དྲག་ཆེན་པོ་བྱེད་ཀྱི་འདུགདེ་རིང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཝེ་ཧྥིང་ཧི (Wei Fenghe) ཟེར་བ་བལ་ཡུལ་ནང་ཉིན་གཅིག་རིང་གཞུང་འབྲེལ་སྐོར་སྐྱོད་དུ་སླེབས་ཡོད་པ་དང་བསྟུན། བལ་ཡུལ་གཞུང་གིས་བོད་མི་འདུས་སྡོད་ཆེ་སའི་ས་ཁུལ་མཆོད་རྟེན་བྱ་རུང་ཁ་ཤོར་གཡས་གཡོན་དང་། འཕགས་པ་ཤིང་ཀུན། འཇོ་ལ་ཁེལ་བསམ་གྲུབ་གླིང་གཞིས་ཆགས་དང་། དེ་བཞིན་བོད་པའི་ལས་ཁུངས་ཁག་གི་སྒོ་འགྲམ་དུ་དམག་མི་དང་ཉེན་རྟོག་པ་བགོ་འགྲེམ་བྱས་ཏེ་བོད་མིར་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་བལ་ཡུལ་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོ་ལགས་སུ། བལ་གཞུང་གིས་བོད་མིར་དམ་དྲག་ཇི་ལྟར་བྱེད་ཀྱི་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། རྒྱ་ནག་གི་བདེ་སྲུང་བློན་ཆེན་བལ་ཡུལ་དུ་སླེབས་ཀྱི་ཡོད་སྟབས། ཁ་སང་ཉིན་གྲངས་གཉིས་གསུམ་གོང་ནས་ཁོ་ཚོས་མངོན་གསལ་དོད་པོ་མེད་པའི་སྒོ་ནས་བོད་མི་ཚོས་ག་རེ་བྱེད་ཀྱི་ཡོད་མེད་དོགས་ཟོན་ལྟ་རྟོག་བྱེད་ཀྱི་འདུག་ལ། དེ་རིང་དངོས་སུ་དམག་མི་གང་ས་གང་དུ་བཀྲམས་འདུག དེ་བཞིན་ང་ཚོའི་བོད་མི་གཞིས་སྒར་རེ་ཟུང་ནང་གཞིས་མི་ཕྱི་ལོགས་ལ་བསྐྱོད་མི་ཆོག་པ་དེ་འདྲའང་བཟོས་འདུག གཞན་ཡང་མཆོད་རྟེན་ནང་དམག་མི་དང་ཆས་གོས་དཀྱུས་མའི་སོ་བ་མང་པོ་བཀྲམས་ཡོད་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འཁྲིས་སུ་གནས་སྡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་བྱས་པ་ལྟར་ན། དེ་རིང་ཞོགས་པ་ནས་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ར་དང་རྒྱལ་སྒོ་གཡས་གཡོན་དུ་དུས་རྒྱུན་དང་མི་འདྲ་བར་དམག་མི་དང་ཉེན་རྟོག་པ་ཕོན་ཆེན་འགྲེམ་འཇོག་བྱས་འདུག་པ་མ་ཟད། མཆོད་རྟེན་བྱ་རུང་ཁ་ཤོར་གཡས་གཡོན་དུ་ཡོད་པའི་རང་བཙན་ལས་ཁུངས་ཀྱིས་མཚོན་པའི་བོད་པའི་ལས་ཁུངས་ཁག་གི་སྒོ་འགྲམ་དུ་ཉེན་རྟོག་པ་རེ་ཟུང་ལངས་ཏེ་དོགས་ཟོན་ལྟ་རྟོག་བྱས་ནས་བོད་མིར་དམ་དྲག་ཤུགས་ཆེན་པོ་བྱེད་ཀྱི་ཡོད་འདུགཁ་སང་བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གི་གསལ་བསྒྲགས་ལྟར་ན། དེ་རིང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཝེ་ཧྥིང་ཧི་ཟེར་བས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ལ་དམིགས་ཏེ། བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལི་ (Sharma Oli) དང་ཐུག་འཕྲད་བྱ་རྒྱུ་མ་ཟད། བལ་ཡུལ་གྱི་སྲིད་འཛིན་ལྕམ་ཌེ་ཝི་བྷན་དྷ་རི་ (Bidya Devi Bhandari) དང་། དེ་བཞིན་བལ་ཡུལ་གྱི་དམག་སྤྱི་པུར་ན་ཅཱན་དྷ་ར་ཐ་པ་ (Purna Chandra Thapa) དང་ཐུག་འཕྲད་བྱས་ཏེ། དེ་རིང་ཕྱི་དྲོར་རྒྱ་ནག་ལ་ཕྱིར་ལོག་བྱ་རྒྱུ་ཡིན་འདུག

ཉེ་ཆར་ཕྱི་ཚེས་ ༢༧ ཉིན་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཧར་ཤ་ཝར་དྷན་ (Harsh Vardhan Shringla) གྱི་བལ་ཡུལ་ནང་ཉིན་གྲངས་གཉིས་རིང་གཞུང་འབྲེལ་སྐོར་སྐྱོད་ཐེངས་དང་པོ་དེ་གྲུབ་མ་ཐག བལ་གཞུང་གིས་རྒྱ་ནག་གི་མཐོ་རིམ་མགོ་འཁྲིད་ཝེ་ཧྥིང་ཧི་ཟེར་བས་སྐོར་སྐྱོད་བྱ་གཏན་འཁེལ་ཡོད་སྐོར་གྱི་གསལ་བསྒྲགས་སྤེལ་ཡོད་ལ། དབྱེ་ཞིབ་པས་འདས་པའི་ལོ་ཤས་ནང་བལ་ཡུལ་གཞུང་གིས་རྒྱ་གར་དང་རྒྱ་ནག་གི་མགོ་འཁྲིད་གདན་འདྲེན་ཞུས་ཏེ། ཕྱོགས་གཉིས་ཀར་བསྟུན་མཁས་དང་ཤུགས་རྐྱེན་ལྗིད་སྙོམས་བཟོ་ཡི་ཡོད་སྐོར་འགྲེལ་བརྗོད་བྱེད་ཀྱི་འདུག

འོན་ཀྱང་ད་ལྟའི་སྲིད་བློན་ཨོ་ལི་ཡིས་སྣེ་ཁྲིད་པའི་བལ་ཡུལ་གཞུང་དེ་སྔར་གྱི་སྲིད་གཞུང་དང་མི་འདྲ་བར། རྒྱ་གར་ལ་ཁ་གཏད་ཀྱིས་རྒྱ་ནག་གི་ཕྱོགས་ལ་གཞོལ་ཆེ་བའི་རྣམ་པ་མངོན་གསལ་དོད་པོ་ཐོན་ཡོད་ཅིང་། འདས་ལོའི་ཕྱི་ཟླ ༡༠ པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་བལ་ཡུལ་དུ་གཞུང་འབྲེལ་སྐོར་སྐྱོད་དུ་སླེབས་ཏེ། བལ་ཡུལ་ལ་འཛུགས་སྐྲུན་ཡར་རྒྱས་ཀྱི་ལས་གཞིའི་ཆེད་ལོ་གཉིས་ནང་ཁྱོན་བལ་སྒོར་ཐེར་འབུམ་ ༥༦ སྦྱིན་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། ཞི་ཅིན་ཕིན་གྱི་སྐོར་སྐྱོད་དེ་ནི་འདས་པའི་ལོ་ངོ་ ༢༣ ནང་བལ་ཡུལ་ནང་རྒྱ་ནག་གི་སྲིད་འཛིན་ཞིག་གིས་གཞུང་འབྲེལ་སྐོར་སྐྱོད་བྱས་པ་ཐེངས་དང་པོ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༣།༢༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

ཆུ་ཚོད་ ༣ སྔོན་ལ།
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
Mobile App

བོད་ལྗོངས་དམངས་འཐུས་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་ཞུ་གཏུག་བྱས།

ཆུ་ཚོད་ ༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

༢༠༢༦/༠༢/༢༤
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༢/༢༤
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

༢༠༢༦/༠༢/༢༤
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese