མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིཊ་དྲག་རྩལ་བ་བསོད་ནམས་དར་རྒྱས་ལ་རྒྱལ་ཁ་ཐོབ།

བོད་ཀྱི་དུས་བབ།
༢༠༢༠/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

མགོན་པོ་བོད་རིགས་དྲག་རྩལ་ཁང་གི་དྲག་རྩལ་བ་བསོད་ནམས་དར་རྒྱས་ལགས་ཨ་རིའི་རྒྱལ་སྤྱིའི་སྣ་འཛོམས་དྲག་རྩལ་འགྲན་སྡུར་ཁྲོད་འགྲན་ཡ་ལས་རྣམ་པར་རྒྱལ་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ཨ་རིའི་གྲོང་ཁྱེར་ལཱ་སི་ཝི་གྷ་སིའི་ནང་བསྡུས་པའི་རྒྱལ་སྤྱིའི་སྣ་འཛོམས་དྲག་རྩལ་འགྲན་སྡུར་སྟེང་། བོད་རིགས་དྲག་རྩལ་བ་བསོད་ནམས་དར་རྒྱས་ལགས་ཀྱིས། ཁ་ན་ཌའི་དྲག་རྩལ་བ་མལ་ཁཱོམ་གྷོ་ཌོན་(Malcom Gordon) ལགས་གཉིས་བར་དྲག་རྩལ་འགྲན་བསྡུར་བྱས་ཏེ།  ཐོག་མའི་འགྲན་ཐུན་དུས་ཡུན་སྐར་ཆ་ ༤༤ ལས་མ་འགོར་བར་བསོད་ནམས་དར་རྒྱས་ལ་རྒྱལ་ཁ་ཐོབ་ཡོད་པ་དང་། བསོད་ནམས་དར་རྒྱས་ལགས་ནི་རྒྱལ་སྤྱིའི་སྣ་འཛོམས་དྲག་རྩལ་འགྲན་བསྡུར་ཁྲོད་ཀྱི་ལྗིད་ཚད་པོནྜ་(Pound)  ༡༠༦ ནས་ ༡༡༢ བར་གྱི་ (Flyweight) འགྲན་རྩོད་རིམ་པའི་ཁྲོད་རྒྱལ་ཁ་ཐོབ་སྟེ། ཐེངས་འདིའི་སྣ་འཛོམས་དྲག་རྩལ་འགྲན་བསྡུར་གྱི་སྡིངས་ཆའི་སྟེང་བསླེབས་པ་ཞིག་ཡིན་འདུག་ལ། ཁོང་ནི་རྒྱལ་སྤྱིའི་སྣ་འཛོམས་དྲག་རྩལ་འགྲན་བསྡུར་ཁང་དུ་ཚུད་པའི་བོད་རིགས་དྲག་རྩལ་བ་ཐོག་མ་དེ་ཆགས་ཡོད་པ་རེད།

དྲག་རྩལ་འགྲན་སྡུར་གྱི་སྡིངས་ཆའི་ཁྲོད་བསོད་ནམས་དར་རྒྱས་ལགས་དྲག་རྩལ་འགྲན་སྡུར་ཁྲོད་ཁོང་གི་རྐང་ལག་མྱུར་བ་དང་འབུར་དུ་ཐོན་པའི་རྩལ་སྣ་འཛོམས་ཡོད་པར་བརྟེན། ཁོང་གི་མིང་ལ་བོད་ཀྱི་གླག་རྒོད་ཅེས་འབོད་ཀྱི་འདུག་ལ། རང་ལོ་ ༢༤ ཡིན་པའི་བསོད་ནམས་དར་རྒྱས་ལགས་ཀྱིས། ངས་འགྲན་བསྡུར་འདི་འགྲན་ཐུན་གཉིས་པར་འགྲོ་རུ་འཇུག་རྩིས་མེད་སྟབས་མགྱོགས་པོར་མཇུག་བསྡུས་པ་ཡིན། དེ་ནི་ངའི་འཆར་གཞི་ཡང་ཡིན། དེ་རིང་གི་འགྲན་སྡུར་ཐོག་ངས་རང་ཉིད་ཀྱི་རྩལ་ཡོད་ཚད་བསྟན་མེད་པས། ངས་ཟླ་རྗེས་མའི་ནང་སླར་ཡང་འགྲན་སྡུར་བྱ་རྒྱུ་ཡིན་པ་མ་ཟད། རྒྱལ་སྤྱིའི་ཨང་རིམ་ ༡༥ ནང་ཚུད་ཀྱི་འགྲན་ཡ་སྤུས་ལེགས་ཤིག་ལ་དྲག་རྩལ་འགྲན་རྒྱུ་ཡིན། ཞེས་བརྗོད་འདུག

ཐེངས་འདིའི་འགྲར་སྡུར་ཁྲོད་བསོད་ནམས་དར་རྒྱས་ལགས་ཀྱིས་རང་ཉིད་ཀྱི་འགྲན་ཡ་དུས་ཡུན་སྐར་ཆ་ ༤༤ ནང་ཚུད་དུ་ཕམ་པར་བཏང་བར་བརྟེན། དེ་ནི་སྣ་འཛོམས་དྲག་རྩལ་གྱི་ (flyweight) ཁྱབ་ཁོངས་ཀྱི་ཆེས་མགྱོགས་མྱུར་ངང་འགྲན་ཡ་ཕམ་པར་བཏང་བའི་ཨང་རིམ་གསུམ་པ་དེ་ཆགས་ཡོད་སྟབས། རྒྱལ་སྤྱིའི་སྣ་འཛོམས་དྲག་རྩལ་འགྲན་སྡུར་ཁང་གིས། བསོད་ནམས་དར་རྒྱས་ལགས་སུ་རྒྱལ་རྟགས་སྐེ་རགས་དང་དམིགས་བསལ་བྱ་དགའ་ཨ་སྒོར་ཁྲི་ ༥ བཅས་གནང་ཡོད་འདུག

བསོད་ནམས་དར་རྒྱས་ལགས་ཐེངས་འདིའི་རྒྱལ་སྤྱིའི་དྲག་རྩལ་འགྲན་བསྡུར་ནང་ཞུགས་པར་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་དགའ་བསུ་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དམིགས་བསལ་ཁོང་ཕྱིར་བོད་ནང་དུ་ལོག་རྗེས། སི་ཁྲོན་ཁྲིན་ཏུའུ་ན་ཡོད་པའི་ཁོང་གི་མགོན་པོ་དྲག་རྩལ་ཁང་གི་དབུ་འཛིན་མགོན་པོ་ལགས་བཅས་དགེ་ལས་སློབ་ཕྲུག་ཚོ་དང་། ཁོང་གི་ཕ་ཡུལ་གྱི་ཕ་མ་གཉེན་ཉེ་སོགས་ཕེབས་བསུར་ཡོང་སྟེ་བོད་ལུགས་ལྟར་ཁ་བཏགས་འཐེན་བཞིན་པའི་བརྙན་ཐུང་དྲ་ལམ་དུ་སྤེལ་ཏེ་ཡི་རང་བསྔགས་བརྗོད་ཤུགས་ཆེན་པོ་གནང་བཞིན་འདུག

བསོད་ནམས་དར་རྒྱས་ལགས་ནི་རྒྱ་ནག་གིས་བཅད་བགོས་བྱས་པའི་རྔ་བ་ཁུལ་ཁྲོ་ཆུ་རྫོང་ཁོངས་ནས་ཡིན་ཞིང་། ཆུང་དུས་ནས་སི་ཁྲོན་ཁྲིན་ཏུའུ་རུ་ཡོད་པའི་བོད་རིགས་དྲག་རྩལ་བ་མགོན་པོ་ལགས་ཀྱིས་དྲག་རྩལ་ཁང་དུ་ཞུགས་ཏེ་དྲག་རྩལ་སྦྱངས་ཡོད་འདུག ཕྱི་ལོ་ ༢༠༡༦ བར་ཁོང་གིས་རྒྱ་ནག་གི་དྲག་རྩལ་འགྲན་སྡུར་མང་པོའི་ཐོག་རྒྱལ་ཁ་བླངས་ཡོད་པ་དང་། དེའི་རྗེས་རྒྱལ་སྤྱིའི་རིམ་པའི་དྲག་རྩལ་འགྲན་སྡུར་ཁྲོད་ཞུགས་ཏེ། ཕྱི་ལོ་ ༢༠༡༨ ལོ་ནས་ཨ་རིའི་རྒྱལ་སྤྱིའི་སྣ་འཛོམས་དྲག་རྩལ་འགྲན་སྡུར་ཁང་གི་འགྲན་ཁོངས་སུ་ཞུགས་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་རྒྱལ་སྤྱིའི་སྣ་འཛོམས་དྲག་རྩལ་འགྲན་སྡུར་གྱི་ལྗིད་ཚད་པོནྜ་ ༡༢༦ ནས་ ༡༣༥ བར་ཡིན་པའི་ (Bantamweight) ཁྱབ་ཁོངས་ནས་ཨ་རིའི་དྲག་རྩལ་བ་ཨན་ཌིར་(Andre Soukhamthath)དང་འགྲར་བསྡུར་བྱས་ཏེ་རྒྱལ་ཁ་བླངས་ཡོད་འདུག

ད་ལྟའི་ཆར་རྒྱལ་སྤྱིའི་སྣ་འཛོམས་དྲག་རྩལ་འགྲན་བསྡུར་ཁང་ལ་འཛམ་གླིང་རྒྱལ་ཁབ་ ༧༡ ནང་བུ་དྲག་རྩལ་པ་བུ་ ༨༡༩ དང་ བུད་མེད་དྲག་རྩལ་པ་ ༡༤༦ བཅས་ཁྱོན་དྲག་རྩལ་པ་ ༩༦༥ འདུག་ལ། རྒྱལ་སྤྱིའི་སྣ་འཛོམས་དྲག་རྩལ་འགྲན་བསྡུར་ཁང་ཕྱི་ལོ་ ༡༩༩༣ ལོར་གསར་འཛུགས་བྱུང་སྟེ། ད་སྔ་བར་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་དྲག་རྩལ་འགྲན་བསྡུར་གྱི་བྱེད་སྒོ་ཁྱོན་ ༥༠༠ ལྷག་སྤེལ་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 1

  1. lobsang says:
    ལོ་ 6 སྔོན།

    ཕོ་རྒོད་པོ་་་བོད་ཀྱི་ཕོ་རྒོད་་་་བོད་ཀྱི་སྤོ་པ་་་ཨ་མདོའི་ཕོ་རྒོད་་་་་ང་ཚོའི་སྤོ་པ་་་་་བོད་ཀྱོ་ཕོ་རྒོད་་་་རྒྱལ་གྱུར་གཅིག་་་དཀོན་མཆོག་མཁྱེནནནནནནནནནནནནནནནནནནནནནན

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese