མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བཙན་པོའི་བང་སོ་ནས་གནའ་རྫས་འབོར་ཆེན་རྙེད།

བོད་ཀྱི་དུས་བབ།
༢༠༢༠/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མཚོ་སྔོན་ནུབ་ཁུལ་གྱི་ཤུ་བེ་བང་སོ་དང་པོ་ནས་གནའ་རྫས་ ༡༠༠༠ ལྷག་རྙེད་ཅིང་ཁུལ་དེར་བང་སོ་ ༣༠༠ ལྷག་པར་བཤད།  ཁ་སང་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན། རྒྱ་ནག་དབུས་བརྙན་འཕྲིན་ཁང་ (CCTV) སོགས་ཀྱིས་གནས་ཚུལ་བསྒྲགས་པ་ལྟར་ན། ཉེ་ལམ་བོད་མཚོ་སྔོན་ཞིང་ཆེན་གྱི་ནུབ་ཁུལ་དུར་ལམ་རྫོང་ཆུ་ཁོལ་གྲོལ་བརྡལ་གྱི་ཤུ་བེ་བང་སོ་དང་པོ་ (Xuewei Tomb No1) ཟེར་བའི་ནང་དུ། བོད་རྒྱལ་བཙན་པོའི་སྐབས་ཀྱི་གནའ་བོའི་ཤུལ་རྫས་མང་པོ་ཞིག་རྙེད་སོན་ཡོད་པ་དང་། བང་སོ་དེ་ནི་སྐུ་ལྔའི་ལྷ་ཁང་དབྱིབས་སུ་ཡོད་པ་དང་། ད་བར་བོད་མཐོ་སྒང་ནས་རྙེད་པའི་ཚད་གཞི་མཐོ་ཞིང་ཉར་ཚགས་ཆ་ཚང་ཤོས་དང་། གྲུབ་ཚུལ་གསལ་ཤོས་ཀྱི་རིམ་པ་མཐོ་བའི་བང་སོ་ཞིག་ཡིན་འདུག

གནས་ཚུལ་དེའི་ནང་དུ།  ཆུ་ཁོལ་གྲོང་བརྡལ་གྱི་བང་སོ་དེ་ནི་ཕྱི་ལོའི་དུས་རབས་ ༦ པ་ནས་ ༨ པ་བར་གྱི་བང་སོ་གལ་ཆེན་ཞིག་དང་། འདས་པའི་ལོ་ངོ་ ༣ ཙམ་རིང་གནའ་རྫས་རྟོག་ཞིབ་པས་འཚོལ་ཞིབ་བྱས་པ་བརྒྱུད། བང་སོའི་ནང་དུ་དུར་རྫས་མང་པོ་རྙེད་པའི་ཁྲོད་གཡུ་དང་གསེར་ཤོག འཐག་དངོས་དང་རྐེ་རྒྱན་སོགས་ཤུལ་དངོས་གྲངས་ ༡༠༠༠ ལྷག་རྙེད་ཡོད་སྐོར་བཀོད་འདུག

རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཧན་ཅན་ཧྭ་ཟེར་བས།  མཚོ་སྔོན་དུར་ལམ་ཆུ་ཁོལ་བང་སོ་དང་པོ་ནི་བོད་བཙན་པོའི་དུས་སྐབས་ཀྱི་སྐུ་དྲག་ཆེན་པོའི་བང་སོ་ཞིག་ཡིན་ཞིང་། དེ་ནི་ཤིང་དང་རྡོ་ལས་གྲུབ་ཞིང་དུར་ཁང་མང་བའི་བང་སོ་ཞིག་ཡིན་པ་དང་། ས་ངོས་དང་ས་འོག་གྲུབ་ཆ་གཉིས་ལས་གྲུབ་པ། ས་ངོས་སུ་རྩིག་པ་དང་མཆོད་འབུལ་སྟེགས་བུ། ཁྱམས་ར་སོགས་དུར་སའི་བཀོད་པ་མཐོང་རྒྱུ་ཡོད་པ་དང་། ས་འོག་ཏུ་དུར་ལམ་དང་། རྩིག་སྐྱོར། རྡོ་ལམ། བང་སོའི་སྒོ། གཏེར་རྫས། བང་སོ་བཅས་ལས་གྲུབ་ཡོད་པ་མ་ཟད། དུར་ལམ་ནང་དུ་རྟ་དུར་འཇུག་བྱེད་སའི་དུང་ཁང་རིང་པོ་ཞིག་ཡོད་པ་དེར་ན་སོ་ ༤ ནས་ ༦ བར་གྱི་རྟ་དྲུག་དུར་འཇུག་བྱས་ཡོད་པ། ད་དུང་མི་དང་སྒོ་ཟོག་དུར་འཇུག་བྱེད་ས་རྙེད་པ་དང་། སྒོ་ཟོག་དུར་འཇུག་བྱེད་ས་ནས་ནོར་གནག་དང་ལུག གཙོད། དགོ་བ། འབྲི་གཡག་སོགས་ཀྱི་རུས་པའང་རྙེད་ཡོད་སྐོར་བཀོད་འདུག

དུར་ལམ་བང་སོའི་ཆེད་མཁས་པ་རྒན་བསམ་ཚེ་ཡིས། དུར་ལམ་ཤུ་བེ་བང་སོ་དང་པོ་དང་དེའི་མཐའ་སྐོར་གྱི་བང་སོ་སྟོང་ཕྲག་མང་པོ་དེ་དག་མི་རིགས་གང་ཞིག་ལ་གཏོགས་པའི་གནད་དོན་དེ་ལ་དེང་སྐབས་བཤད་སྲོལ་སྣ་ཚོགས་ཡོད། དེའང་མཐར་གཏུགས་ནས་བཤད་ན། ལྟ་ཚུལ་སྨྲ་བ་གཉིས་ཡོད་དེ། གཅིག་ནི་ཐུ་བྷོད་ཀྱི་བང་སོ་ཡིན་པར་སྨྲ་བ་དང་། གཞན་ཞིག་ནི་ཐུ་བྷོད་རྒྱལ་བོས་དབང་བསྒྱུར་བའི་སྐབས་ཀྱི་འ་ཞའི་བང་སོ་ཡིན་པར་སྨྲ་བ་དེ་གཉིས་རེད། ཁོས་བང་སོའི་ནང་ནས་ཕྱིར་བུད་པའི་རིག་རྫས་དག་ལ་བལྟས་ན། དུར་ལམ་བང་སོ་དང་པོ་དང་ཆུ་དཀར་དྲིས་ཀྱི་བྱང་ངོས་ན་ཡོད་པའི་བང་སོ་ཆེན་པོ་ནི་བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་དང་བཙུན་མོ་མཆིམས་ཟས་མངའ་བསྒྱུར་སྐབས་བཏབ་པ་ཞིག་ཡིན་པར་བསམ་གྱི་ཡོད་སྐོར་བརྗོད་འདུག

ཡང་རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་གི་དངོས་རྫས་རྟོག་ཞིབ་པ་ཧན་ཅན་ཧྭ་(Han Jianhua) ཡིས། ང་ཚོས་བང་སོ་སྔོག་འཚོལ་བྱེད་སྐབས་རྒུན་འབྲུམ་གྱི་དབྱིབས་རིས་ཡོད་པ་རྙེད་པ་དང་། རྒུན་འབྲུམ་ནི་ས་གནས་ཀྱི་ཐོན་རྫས་ཤིག་མིན་སྟབས། ས་གནས་འདིར་དུས་སྐབས་དེར་ཕྱིའི་ས་ཁུལ་གྱི་གོམས་སྲོལ་གྱི་ཤུགས་རྐྱེན་ཡོད་པ་མཚོན་ཐུབ་ཀྱི་ཡོད་པ་དང་། བང་སོའི་ནང་དུ་རྒུན་འབྲུམ་གྱི་འབྲས་བུ་ཡོད་པའང་རྙེད་ཡོད་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན། དུས་སྐབས་དེར་ས་གནས་འདིར་དཔལ་འབྱོར་གྱི་ཡར་རྒྱས་ཧ་ཅང་ཆེན་པོ་ཡོད་པ་མཚོན་ཐུབ་ཡོད་སྐོར་བརྗོད་འདུག

དུར་ལམ་རྫོང་ཆུ་ཁོལ་གྲོལ་བརྡལ་གྱི་ཤུ་བེ་བང་སོ་དང་པོ་ཟེར་བ་དེ་ནི་ཕྱི་ལོ་ ༡༩༨༢ ལོར་རྒྱ་ནག་གི་གནའ་རྫས་རྟོག་ཞིབ་པས་གསར་རྙེད་བྱུང་ཞིང་དེ་རུ་གནའ་བོའི་བང་སོ་ ༣༠༠ ལྷག་ཡོད་འདུག་ལ། རིམ་པར་བང་སོ་དེའི་ཤུལ་དངོས་མང་པོ་ཞིག་རྐུན་མས་འཁྱེར་དེ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གཞུང་གིས་བང་སོ་དེའི་ཤུལ་དངོས་རྐུ་འཁྱེར་དང་འབྲེལ་ནས་དོགས་ཡོད་ཉེས་ཅན་མི་ ༢༦ འཛིན་བཟུང་བྱས་ཡོད་པ་དང་། དངོས་རྫས་ ༦༤༦ ཕྱིར་རྙེད་ཡོད་སྐོར་བསྒྲགས་ཏེ་གཞུང་འབྲེལ་གྱིས་བང་སོ་སྔོག་འཚོལ་བྱེད་མགོ་བཙུགས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist