མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྲིད་སྐྱོང་འོས་མི་སྐལ་རྡོར་ལཊ་སུ་ཏོག་དབྱིབས་ནད་རྟགས་ཐོན།

བོད་ཀྱི་དུས་བབ།
༢༠༢༠/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་ཏོག་དབྱིབས་ནད་རྟགས་ཐོན་ནས་ཟུར་བཀག་དུ་བསྡད་འདུགཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་ཏོག་དབྱིབས་ནད་རྟགས་ཐོན་ཏེ་ལྡི་ལིར་སྒེར་ཤག་ཏུ་ཟུར་བཀག་འོག་བསྡད་ཡོད་ཀྱང་། ཁོང་གི་ལུས་ཁམས་བདེ་པོ་ཡིན་པ་དང་ཕྱག་རོགས་རྣམས་ལ་ཏོག་དབྱིབས་འགོས་མེད་འདུག

དེ་རིང་ཕྱི་ཚེས་ ༥ ལོའ་སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས། རང་ཉིད་ཀྱི་སྤྱི་ཚོགས་བརྒྱུད་ལམ་ངོ་དེབ་སྟེང་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཕྱི་ཟླ་ ༡༢ ཚེས་ ༤ དགོང་མོར་ང་ལ་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ པའི་ནད་རྟགས་ཐོན་སོང་། སྟབས་ལེགས་པ་ཞིག་ལ་ངའི་ལས་རོགས་ཆ་ཚང་ ནད་རྟགས་མེད་པར་བདེ་ཐང་ཡིན། ཞེས་བརྗོད་འདུག

འདི་གའི་གསར་འགོད་པས་ངོ་དེབ་བརྒྱུད་སྐལ་བཟང་རྡོ་རྗེ་ལགས་ཀྱི་འོས་བསྡུའི་དྲིལ་བསྒྲགས་ཀྱི་ལས་བྱེད་ཅིག་ལ་བཀའ་འདྲི་ཞུས་སྐབས། སྐུ་ངོ་སྐལ་རྡོར་ལགས་སུ་བརྟག་དཔྱད་སྒང་ནས་ནད་རྟགས་ཐོན་པ་མ་གཏོགས་སྐུ་གཟུགས་བདེ་ཐང་ཡིན་པས་ད་ལྟའི་ཆར་སྒེར་གནས་སུ་ཟུར་བཀག་བཞུགས་ཡོད་པ་རེད། ཅེས་བརྗོད་སོང་ལ། ཁ་སང་སྲིད་སྐྱོང་འོས་མི་སྐལ་བཟང་རྡོ་རྗེ་ལགས་ཀྱིས་ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་སྒར་གྱི་དགོན་པའི་མདུན་དུ་སེར་སྐྱ་མི་མང་རྣམས་ལ་འོས་བསྡུའི་དྲིལ་བསྒྲགས་གནང་ཡོད་པ་དང་། གལ་སྲིད་ཁོང་ལ་ཏོག་དབྱིབས་ཀྱི་ནད་རྟགས་ཐོན་མེད་ཚེ། ལྡི་ལིའི་འོས་བསྡུའི་དྲིལ་བསྒྲགས་ཀྱི་ལས་རིམ་ཚང་མ་ཚར་རྗེས་སྦེང་ལོར་གྲོང་ཁྱེར་དང་ཀོ་ལི་གྷལ་གཞིས་ཆགས་སོགས་ལྷོ་ཕྱོགས་སུ་དྲིལ་བསྒྲགས་སྐོར་སྐྱོད་གནང་འཆར་ཡོད་པ་རེད།

ཡང་ཏོག་དབྱིབས་ནད་རྟགས་ཐོན་པར་བརྟེན། འོས་བསྡུའི་དྲིལ་བསྒྲགས་ཁག་མུ་མཐུད་སྤེལ་རྒྱུ་ཡིན་སྐོར་ལ་གསལ་བསྒྲགས་དེའི་ནང་། ང་རང་ལུས་ཁམས་བདེ་ཐང་ཐོག་ཟུར་བཀག་འདུག་མགོ་བཙུགས་ཡོད། ཡོང་རྒྱུ་བསྡད་པའི་ངའི་ས་གནས་སྐོར་སྐྱོད་ཀྱི་ལས་འགུལ་ཁག་རེ་ཞིག་ཕར་འགྱངས་ཞུ་རྒྱུ་ཡིན་ཡང་། རང་གི་མ་འོངས་ལས་འཆར་དང་དམིགས་ཡུལ་སྐོར་འགྲེལ་བརྗོད་ཞུ་རྒྱུ་དང་མི་མང་གི་དགོངས་འཆར་ལ་ཉན་འཇོག་ཞུ་རྒྱུ་ནི་ཧ་ཅང་གལ་གནད་ཆེ་བར་བརྩི་བཞིན་ཡོད་པས། ངས་མུ་མཐུད་དྲྭ་ལམ་བརྒྱུད་མི་མང་དང་མཇལ་འཛོམས་ཞུ་འཆར་ཡོད། ཅེས་བརྗོད་འདུག

མཇུག་ཏུ་ཁོང་ལ་རྒྱབ་སྐྱོར་གནང་མཁན་ཡོངས་དང་ས་གནས་ཁག་ཏུ་འོས་བསྡུའི་དྲིལ་བསྒྲགས་གོ་སྒྲིག་ཞུ་མཁན། དེ་བཞིན། ཁོང་གི་སྐོར་སྐྱོད་ལ་རེ་སྒུག་བྱེད་བཞིན་པའི་མི་མང་ཡོངས་བཟོད་གསོལ་དང་སྦྲགས་ཐུགས་རྗེ་ཆེ་ཞུས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

མཆན། 1

  1. དགེ་སྒྲུབ། says:
    ལོ་ 2 སྔོན།

    སྐལ་བཟང་རྡོ་རྗེའི་བསམ་བློ་དང་འཆར་གཞི་ནི་དུས་རབས་དང་མཐུན་པ་དང་གཞི་བྱེས་བོད་མི་མཐུན་སྒྲིལ་དང་མཉམ་འབྲེལ་དང་ཡུན་གནས་དང་ཡར་རྒྱས་ཡོང་ཐབས་ཀྱི་སྐོར་ལ་ལེགས་པོར་གསུངས་འདུག

    http://www.khabdha.org/?p=101604#more-101604

    https://www.youtube.com/watch?v=YNlAGmpRM4k

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist