མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་པའི་བདུན་ཕྲག་གཅིག་རིང་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་འགོས་པའི་བོད་མི་ ༤༥ འདུག

བོད་ཀྱི་དུས་བབ།
༢༠༢༠/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་ན་ནས་དྲག་ཚར་ནའང་ཀླད་པ་དང་གློ་བ་འཕྲོ་བརླག་ཏུ་ཕྱིན་པའི་དཀའ་ངལ་ཡོང་གི་ཡོད་པ་ཆེད་མཁས་པས་རྗོད་ཀྱི་ཡོད་པས་བོད་མི་ཚོས་མུ་མཐུད་ཁ་རས་གྱོན་པ་དང་འདུ་འཛོམས་རིགས་གནང་རྒྱུ་མེད་པའི་འབོད་སྐུལ་གནང་འདུག ཁ་སང་ཕྱི་ཚེས་ ༡༧ ཉིན་ལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་གནང་བ་ལྟར་ན། འདས་པའི་བདུན་ཕྲག་གཅིག་ནང་ཀ་ལི་མིན་ཀྲོང་(Clementown) ནས་མི་ ༥་དང་། དྷ་རམ་ས་ལ་ནས་ ༡༡། སྦེལ་ཀོབ་ནས་ ༡། བདེ་སྐྱིད་གླིང་ནས་ ༣། ལ་དྭགས་ནས་ ༢། མེའུ་ནས་ ༡༨། སིམ་ལ་ནས་ ༡། མཚོ་པདྨ་ནས་ ༤  བཅས་བསྡོམས་པའི་མི་ ༤༥ ལ་ཏོག་དབྱིབས་གཉན་རིམས་འགོས་ཡོད་འདུག

གསར་འགོད་གསལ་བསྒྲགས་ཐེངས་ ༣༨ པའི་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས། འདས་པའི་ཕྱི་ཟླ་ ༣ པ་ནས་ཕྱི་ཟླ་ ༡༢  བར་གྱི་ཟླ་བ་བཅུ་ཙམ་ལ་སྒེར་གྱི་སྒྲིག་འཛུགས་དང་། བོད་མིའི་སྒྲིག་འཛུགས་ཡོངས་སུ་རྫོགས་པའི་ངོས་ནས་བོད་མིའི་སྤྱི་ཚོགས་ཚང་མ་ལ་སྒྲིག་འཛུགས་སོ་སོའི་ནང་ལ་དམ་དོན་ཤུགས་ཆེན་པོ་བྱས་པའི་ཉེར་ལེན་ལ་བརྟེན་ནས་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་བརྡལ་མ་འགྲོ་བའི་ཆེད་དུ་ཐུགས་ཕན་ཆེན་པོ་བཟོས་ཡོད་རེད། དེ་ནས་ཕྱི་ཟླ་ ༡༠ དང་ ༡༡། ༡༢ བཅས་ཀྱི་ནང་ལ་ང་ཚོའི་སྒྲིག་འཛུགས་དང་མི་འབོར་ཆེ་ས་སོགས་ལ་དཀའ་ལས་གང་ལ་གང་འཚམ་ཞིག་འཕྲད་པ་རེད། སྔོན་མ་ཕྱི་ཟླ་ ༩ ནང་ལ་དཀའ་ངལ་བྱུང་བ་དེ་ཚོ་དེང་སང་གང་ལ་གང་འཚམ་ཡག་པོ་ཆགས་ནས་ས་གནས་ཁ་ཤས་ཕལ་ཆེར་ནད་པ་གཅིག་ཀྱང་མེད་པ་ཆགས་པའི་གནས་སྟངས་བཟང་པོ་ཆགས་ཡོད་རེད། ཡང་ས་གནས་ཁ་ཤས་ལ་དཔེར་ན་དྷ་རམ་ས་ལར་མཚོན་པ་ཡིན་ན། འདས་པའི་བདུན་ཕྲག་གཉིས་གསུམ་ནང་ལ་ནད་པ་བཞི་བཅུ་ཞེ་གྲངས་ཐོན་པའི་གནས་སྟངས་བྱུང་ཡོད་པ་དང་། དེ་བཞིན་ས་གནས་གཞན་ལའང་གནས་སྟངས་དེ་འདྲ་ཐོན་པ་བྱུང་ཡོད་རེད། ཁྱོན་བསྡོམས་ས་གནས་ ༣༦ ནང་ལ་ནད་པ་ ༡༤༠༠ ནང་ནས་དྲག་སྐྱེད་ཀྱི་བརྒྱ་ཆ་ ༩༠ ཆགས་ཡོང་གི་འདུག  ད་དུང་ཡོང་རྒྱུའི་ཟླ་བ་ ༥ ལྷག་ནང་ལ་སྒྲིག་འཛུགས་དང་སྒེར་ཚང་མའི་ངོས་ནས་སྔོན་འགོག་བྱ་རྒྱུ་དེ་གལ་ཆེན་པོ་རྩི་བའི་ཐོག་ནས་ཁ་རས་གྱོན་པ་དང་ལག་པ་ཡང་ཡང་འཁྲུད་དགོས་པ་སོགས་མུ་མཐུད་ནས་བྱེད་དགོས་སྐོར་སོགས་བརྗོད་འདུག

ཡང་ཁོང་གིས། ད་ལྟའི་སྤྱི་ཚོགས་ནང་གི་གནས་སྟངས་ལ་བལྟ་ཡོང་དུས། མི་མང་པོ་ཞིག་གི་སེམས་ནང་ལ་ན་ཚ་འདི་ན་བ་ཡིན་ན་དྲག་འགྲོ་ཡི་ཡོད་རེད་བསམ་པ་ཏན་ཏན་ཤུགས་ཆེན་པོ་ཡོད་པ་འདྲ་བོ་འདུག  དེ་འདྲ་རྩ་བ་ཉིད་ནས་ཡིན་ས་མ་རེད། ན་ཚར་བ་ཡིན་ན་ན་ཚ་འདི་གཞན་དང་མི་འདྲ་བར་དྲག་ཚར་བའི་རྗེས་སུ་མི་སོ་སོའི་ལུས་ཁམས་ཀྱི་ཟུང་ཤུགས་དང་བསྟུན་ནས་ཁ་ཤས་ཀླད་པ་འཕྲོ་བརླག་བཏང་བ་དང་། ཁ་ཤས་གློ་བ་འཕྲོ་བརླག་བཏང་བ་སོགས་ནད་གཞི་འདི་དྲག་ཚར་བའི་རྗེས་ལའང་མི་དེ་ལ་སྐྱོན་ཞིག་རྒྱག་གི་ཡོད་ས་རེད། འཛམ་བུ་གླིང་སྤྱི་མཚུངས་ཀྱི་ཚན་རིག་དང་མཁས་པ་ཚང་མས་རྩོམ་བྲིས་པའི་ནང་ལ་ན་ཚ་དེ་དྲག་སྐྱེད་ཕྱིན་ཚར་བའི་རྗེས་ལ་མི་དེའི་མི་ཚེའི་ནང་ལ་གློ་བ་དང་ཀླད་པ་སོགས་ལ་སྐྱོན་བརྒྱབ་སྟེ། མཇུག་གི་མི་ཚེའི་ནང་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད་པ་འདི་གསལ་པོ་ཡིན་ཙང་། ཚང་མས་དགོངས་པ་བཞེས་དགོས་པ་འདི་གལ་ཆེན་པོ་འདུག་ཅེས་གསུངས་སོང་།

ད་དུང་དགོངས་པ་བཞེས་དགོས་པ་ཞིག་ལ། རང་ངོས་ནས་ག་ཚོད་ཐུབ་ཐུབ་ཀྱིས་ནང་མི་ཕྱི་ལ་ཕེབས་མི་དགོས་པ་གཙོ་དོན་དང་ཕྱི་མི་ནང་ལ་ཕེབས་མི་དགོས་པ་གཙོ་དོན། དེ་བཞིན་ང་ཚོའི་ཆོས་ཕྱོགས་ཀྱི་བྱ་བ་ཤུགས་ཆེན་པོ་དེ་འདྲ་དགེ་འདུན་པ་མང་པོ་འཛོམས་རྒྱུ་དང་སྤྱི་ཚོགས་ཀྱི་བདེ་དོན་ཆེད་ཚོགས་འདུ་ཚོགས་ནས་མི་མང་པོ་འཛོམས་པ། དེ་བཞིན་སྐྱེས་སྐར་བཏང་བའི་སྐབས་སུ་གྲོགས་པོ་གྲོགས་མོ་མང་པོ་སྐད་བཏང་ནས་ཞལ་ལག་མཆོད་པ་དང་སྒེར་གྱི་ཐུགས་སྤྲོ་གཏོང་བའི་རིགས་མ་གནང་རོགས་ཞེས་འབོད་སྐུལ་ཞུ་ཡི་ཡོད།   མ་གནང་རོགས་ཞེས་འབོད་སྐུལ་ཞུས་དགོས་དོན་ནི། སྒེར་གྱི་འཕྲོད་བསྟེན་ཡག་པོ་ཡོང་ཆེད་ཡིན་པ་བརྗོད་པ་དང་། གལ་ཏེ་དེ་འདྲ་གནང་བ་ཡིན་ན་ད་ལྟ་འདས་པའི་བདུན་ཕྲག་གཅིག་གཉིས་ནང་ལ་བལྟས་པ་ཡིན་ན། གནས་ཚུལ་མང་པོ་ཞིག་སྐྱེས་སྐར་བཏང་བའི་མཇུག་འབྲས་ལ་ན་ཚ་ཁྱབ་བརྡལ་ཕྱིན་ཡིན་པ་དང་། ཞབས་བརྟན་དང་སྤྱི་རིམས་ཚོགས་པའི་ཉེར་ལེན་གྱིས་ན་ཚ་མང་པོ་ཐོན་ཡོད་པ་འདྲ་བོ་འདུག

རྒྱ་གར་དང་བལ་ཡུལ་ནང་ད་བར་དུ་ནད་གཞི་ཕོག་པའི་བོད་མི་གྲངས་ ༡༤༢༡ བྱུང་བའི་ཁྲོད་ནས་མི་ ༡༢༧༦ དྲག་སྐྱེད་དང་། མི་ ༣༥ འདས་གྲོངས། ད་ལྟ་ནད་ཀྱིས་མནར་བཞིན་པ་ ༡༡༠ ཡོད་འདུག དེ་མིན་གྱི་ཕྱི་རྒྱལ་ཁག་ནང་ནད་གཞི་ཕོག་པའི་མི་གྲངས་ ༢༡༣ དང་། དྲག་སྐྱེད་བྱུང་བ་ ༡༦༥། འདས་གྲོངས་ཕྱིན་པ་ ༩། ད་ལྟ་ན་བཞིན་པ་ ༣༩ ཡོད་འདུག

བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༣ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༢༡ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese