མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་བཙོན་ཟུར་ཨ་ཀྱཱ་ཀྱཱ་ལགས་ཀློད་གྲོལ་ཐོབ།

བོད་ཀྱི་དུས་བབ།
༢༠༢༠/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

བོད་རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་དང་པོ་ནས་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཨ་ཀྱཱ་ཀྱཱ་ལགས་ཀྱི་ལོ་ལྔའི་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཀློད་གྲོལ་ཐོབ་ཡོད་འདུགའདི་གའི་གསར་འགོད་པར་གནས་ཚུལ་འབྱོར་གསལ་ལྟར་ན།  ཕྱི་ལོ་ ༢༠༡༦ ལོར་རྔ་བ་རྨེའུ་རུ་མའི་རུ་ཆེན་དང་པོ་ནས་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཨ་ཀྱཱ་ཀྱཱ་ལགས་ཀྱི་ལོ་ ༥ རིང་གི་བཙོན་འཇུག་དུས་ཡུན་ཚང་སྟེ་བཙོན་གྲོལ་ཐོབ་ཡོད་པ་དང་། ཨ་ཀྱཱ་ཀྱཱ་ལགས་དང་ལྷན་དུ་ལོ་དེར་རྔ་བ་ནས་བོད་མི་གཞན་ ༩ ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རྣམས་ད་དུང་ཡང་བཙོན་གྲོལ་འཐོབ་མེད་པ་རེད།

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་སུ་ཆབ་སྲིད་བཙོན་ཟུར་ཨ་ཀྱཱ་ཀྱཱ་ལགས་ག་དུས་ཤིག་ལ་ཀློད་གྲོལ་ཐོབ་པ་དང་དུས་ཡུན་ག་ཚོད་ཅིག་གི་རིང་བཙོན་འཇུག་བྱས་ཡོད་སྐོར་དྲིས་པར་ཁོང་གིས། བོད་མི་ཨ་ཀྱཱ་ཀྱཱ་ལགས་ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་བཙོན་གྲོལ་ཐོབ་སྟེ་ཕྱིར་ཕ་ཡུལ་རྔ་བར་འབྱོར་ཡོད་པ་དང་། ཁོང་དངོས་སུ་བཙོན་གྲོལ་ཐོབ་པའི་ཉིན་མོ་ནི་ཕྱི་ཚེས་ ༡༠ དང་ ༡༡ གང་རུང་ཞིག་ཆགས་ཀྱི་ཡོད་པ་རེད། སྤྱིར་བཏང་ཁོང་ལ་ཕྱི་ལོ་ ༢༠༡༦ ལོར་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། སྐབས་དེར་འཛིན་བཟུང་བྱས་པའི་གྲྭ་འབྲུག་སྒྲ་ལྟ་བུ་ཡིན་ན་ཁྲིམས་ཐག་མ་བཅད་པའི་ལོ་ ༡ གོང་ནས་འཛིན་བཟུང་བྱས་ཡོད་པ་དང་། ཨ་ཀྱཱ་ཀྱཱ་ལགས་ཁྲིམས་ཐག་མ་བཅད་པའི་ཟླ་ ༥  གོང་ནས་འཛིན་བཟུང་བྱས་ཡོད་སྟབས། ཨ་ཀྱཱ་ཀྱཱ་ལགས་ཁྱོན་ལོ་ ༦ མ་ཟིན་ཙམ་བཙོན་འཇུག་བྱས་ཡོད་པ་རེད། ཅེས་བརྗོད་བྱུང་།

ཨ་ཀྱཱ་ཀྱཱ་ལགས་སུ་ཕྱི་ལོ་ ༢༠༡༦  ཟླ་ ༡༢ ཚེས་ ༦ ཉིན་རྔ་བ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ཁོང་ལ་ཁྲིམས་ཐག་གཅོད་དོན་ནི་ལོ་དེར་བཙན་བྱོལ་ནང་༧གོང་ས་མཆོག་གི་༧སྐུའི་གྱ་སྟོན་སྲུང་གཙི་དང་འབྲེལ། ཁོང་གིས་༧སྐུའི་གྱ་སྟོན་སྲུང་གཙི་དང་ཉེ་འཁོར་བོད་མི་རྣམས་ལ་བརྒྱུད་སྐུལ་བྱས་ཡོད་པའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་བཅད་པ་ཞིག་ཡིན་འདུག

ཨ་ཀྱཱ་ཀྱཱ་ལགས་ནི་ཕྱི་ལོ་༢༠༡༡ ལོར་བློ་བཟང་ཕུན་ཚོགས་ལགས་ཀྱིས་སྐུ་ལུར་མེར་སྲེག་གནང་སྐབས་ངོ་རྒོལ་སྐད་འབོད་གནང་བའི་རྐྱེན་གྱིས་འཛིན་བཟུང་གིས་ལོ་ ༣ ལྷག་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པ་དང་། ད་ལོ་ཁོང་རང་ལོ་ ༤༠ ཙམ་ཡིན་འདུགགཞན་ཡང་སྐབས་དེར་ཨ་ཀྱཱ་ཀྱཱ་ལགས་དང་ལྷན་དུ་ཁྱོན་བོད་མི་ ༡༠ ལ་རྔ་བ་རང་སྐྱོང་ཁུལ་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ལོ་ ༥ ནས་ ༡༤ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་ཚོ་ནི་གྲྭ་འབྲུག་སྒྲ་ལགས་དང་། བློ་གྲོསལགས། བློ་བཟང་དགེ་འཕེལ་ལགས། བློ་བཟང་མཁས་གྲུབ་ལགས། དེ་བཞིན། སྤྲོ་ཚིགས་ཚུལ་ཁྲིམས་ལགས། བོན་ཁོ་སྐྱིད་ལགས། ཚུལ་ཏེའམ་ཚུལ་ཁྲིམས་ལགས། ཏཱ་རེ་སྐྱིད་ལགས་བཅས་ཡིན་པ་དང་། ཁོ་ཚོ་དེ་སྔོན་ཕྱི་ལོ་ ༢༠༠༨ དང་ཕྱི་ལོ་ ༢༠༡༡ སོགས་སུ་རྔ་བའི་ནང་སྐད་འབོད་ངོ་རྒོལ་དང་རང་ལུས་མེར་སྲེག་གི་དོན་རྐྱེན་དང་འབྲེལ་འདྲིས་ཡོད་པའི་ཉེས་མིང་འོག་བཙོན་འཇུག་བྱས་མྱོང་བ་ཤ་སྟག་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གནས་ཚུལ།    བོད་མི་བཅུ་ལ་ལོ་ ༥ ནས་ ༡༤ བར་གྱི་ཁྲིམས་ཐག་བཅད།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༣།༢༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

ཆུ་ཚོད་ ༥ སྔོན་ལ།
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
Mobile App

བོད་ལྗོངས་དམངས་འཐུས་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་ཞུ་གཏུག་བྱས།

ཆུ་ཚོད་ ༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

༢༠༢༦/༠༢/༢༤
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༢/༢༤
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

༢༠༢༦/༠༢/༢༤
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣

མཆན། 1

  1. བསོད་ནམས་ཆོས་སྒྲོན། says:
    ལོ་ 5 སྔོན།

    ང་བོད་ ཀྱི་གནས་ཚུལ་ལ་མང་ཙམ ཐོས་ཉིན་འདོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese