མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༠ ལོའི་ཨ་རིའི་བོད་དོན་རྒྱབ་སྐྱོར་ཁྲིམས་འཆར་ཨ་རིའི་གྲོས་ཚོགས་ནང་གཏན་འབེབ་བྱུང་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ནང་བོད་ཀྱི་ཆུ་དང་ཁོར་ཡུག་སྲུང་སྐྱོབ་དང་བོད་མིའི་སྒྲིག་འཛུགས་ནི་བཙན་བྱོལ་བོད་མི་ཡོད་ཚང་མའི་སྒྲིག་འཛུགས་ཡིན་པར་ངོས་འཛིན་དང་རྒྱབ་སྐྱོར་གསར་པ་ཐོབ་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། དེ་རིང་ཕྱི་ཚེས་ ༢༢ ཉིན་ཨ་རིའི་བོད་དོན་ཐོག་འཛིན་པའི་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་ཞེས་པ་ཨ་རིའི་གྲོས་ཚོགས་ནང་ཚད་མཐོའི་རྒྱབ་སྐྱོར་ཐོབ་སྟེ་གཏན་འབེབ་བྱུང་ཡོད་པ་དང་། དེ་འབྲེལ་ཐད་བོད་ཀྱི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཁྲིམས་འཆར་དེ་ནི་ཉེ་བའི་ལོ་ངོ་ ༢༠ ནང་ཨ་རིའི་གྲོས་ཚོགས་ནས་བོད་དོན་ཐོག་ལོ་རྒྱུས་ལྡན་པའི་རྒྱབ་སྐྱོར་ཁྲིམས་འཆར་ཞིག་གཏན་འབེབ་གནང་བ་ཡིན་སྐོར་གསུངས་འདུག

ཨ་རིའི་གཞུང་འབྲེལ་གྱི་དྲ་རྒྱ་ལྟར་ན། ད་རེས་གཏན་འབེབ་གནང་བའི་ཨ་རིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཁྲིམས་འཆར་དེར་ཁྱོན་ཤོག་ངོས་ ༢༡ ཡོད་པ་དང་། དེའི་ནང་གི་གནད་དོན་གཙོ་བོ་ཁག་ནི། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་བོད་ཀྱི་བླ་སྤྲུལ་འདེམས་སྲོལ་ནི་སྔར་རྒྱུན་བཞིན་བོད་མི་ཚོའི་ཐག་གཅོད་དང་། ༧གོང་ས་མཆོག་གི་ལམ་སྟོན་གཞིར་བཟུང་བྱ་རྒྱུ་ལས་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱས་མི་ཆོག་པ་དང་། རྒྱ་ནག་གི་མགོ་འཁྲིད་སུ་ཞིག་གིས་༧གོང་ས་མཆོག་གི་ཡང་སྲིད་བསྐོ་བཞག་གི་བྱ་སྤྱོད་སྤེལ་ཚེ། ཨ་རིའི་གཞུང་ནས་ཁོ་ཚོའི་རྒྱུ་དངོས་དང་ཨ་རིར་ཡོང་རྒྱུ་བཀག་འགོག་བྱ་རྒྱུ་མ་ཟད། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་མཚམས་འཇོག་དང་བོད་མི་ཚོས་༧གོང་ས་མཆོག་གི་ཡང་སྲིད་འདེམས་སྒྲུག་གི་རང་དབང་སྲུང་སྐྱོབ་སླད་ཨ་རིའི་གཞུང་གིས་རྒྱལ་སྤྱིའི་རྒྱབ་སྐྱོར་འཐོབ་ཐབས་བྱ་རྒྱུ་ཡིན་པ་རེད།

དེ་བཞིན། བོད་རྒྱ་འབྲེལ་མོལ་ཡོང་ཐབས་དང་། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་མ་བཙུགས་གོང་ཨ་རིར་རྒྱ་ནག་གཞུང་ཚབ་གསར་པ་འཛུགས་མི་ཆོག་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་འབྲེལ། བོད་ཕྱི་ནང་གཉིས་ལ་དཔལ་འབྱོར་རོགས་དངུལ་གྱི་སྔོན་རྩིས་དང་། སློབ་ཡོན་རོགས་དངུལ་སོགས་ཕྱི་ལོ་  ༢༠༢༥ བར་གཏན་འབེབས་གནང་འདུག་པ་མ་ཟད། བོད་ཀྱི་ཆུ་དང་ཁོར་ཡུག་སྲུང་སྐྱོབ་དང་དམངས་གཙོའི་ལམ་སྲོལ་ལས་གྲུབ་པའི་བོད་མིའི་སྒྲིག་འཛུགས་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་བྱ་རྒྱུ་ཡིན་པའི་དོན་ཚན་གསར་པ་གཉིས་ཁ་སྣོན་བྱས་འདུག

དེ་འབྲེལ་ཐད་བརྙན་ལམ་བརྒྱུད་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། དེ་རིང་གཏམ་བཟང་ཞུ་རྒྱུ་ཞིག་ལ་བོད་དོན་ཁྲིམས་འཆར་དེ་ཨ་རིའི་སྔོན་རྩིས་ཁྲིམས་འཆར་ནང་བླུགས་ཐུབ་པ་བྱུང་སོང་ཞུ་རྒྱུ་ཡིན། ང་ཚོས་གྲོས་ཚོགས་གོང་མའི་ཆབ་སྲིད་དང་ཕྱི་སྲིད་ཚོགས་ཆུང་གི་ལས་བྱེད་མཉམ་དུ་ཡིག་ཐོག་དང་ཁ་པར་ལམ་ནས་འབྲེལ་བ་བྱེད་སྐབས། ཁོ་ཚོས་ཨ་རིའི་ཕྱི་སྲིད་དང་འབྲེལ་བའི་ཁྲིམས་འཆར་ ༡༠༠ ལྷག་ཡོད་ཀྱང་། དེའི་ནང་གལ་ཆེན་པོ་ ༣༠ ཡོད་ཟེར་གྱི་འདུག དེའི་ནང་ནས་ཀྱང་སྔོན་རྩིས་ནང་འཇོག་ཐུབ་པའི་ཁྲིམས་འཆར་དྲུག་བདུན་མ་གཏོགས་མེད་པ་དང་བོད་དོན་ཁྲིམས་འཆར་དེའི་ནང་གི་གཅིག་ཆགས་བསྡད་ཡོད། ཅེས་གསུངས་འདུག

སྤྱིར་བཏང་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་དེ་འདས་ལོའི་ཕྱི་ཟླ་ ༩ ཚེས་ ༡༣ ཉིན་ཐོག་མར་ཨ་རིའི་གྲོས་ཚོགས་འཐུས་མི་ཇིམ་སི་མེག་གྷོ་ཝན་(James McGovern) ལགས་ཀྱིས་བཏོན་གནང་ཞིང་། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༡ ཉིན་འོག་མའི་ནང་རྒྱབ་སྐྱོར་ཐོབ་ཡོད་ནའང་། རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་རྐྱེན་པས་ད་སྔ་བར་གཏན་འབེབ་བྱུང་མ་ཐུབ་པར་ལྷག་ཡོད་པ་དང་། ད་རེས་གྲོས་ཚོགས་གོང་འོག་གཉིས་ནང་རྒྱབ་སྐྱོར་ཐོབ་སྟེ། ད་ལྟ་སྲིད་འཛིན་ཊོམ་ཕུ་མཆོག་གི་མཚན་རྟགས་བསྐྱོན་པར་ཕུལ་ཡོད་འདུག

ཡང་ད་རེས་བོད་དོན་རྒྱབ་སྐྱོར་ཁྲིམས་འཆར་འདི་གཏན་འབེབ་བྱུང་བར་སྲིད་སྐྱོང་མཆོག་གིས། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་གྲོས་ཚོགས་འཐུས་མི་རྣམ་པ་དང་། བོད་དོན་རྒྱབ་སྐྱོར་བ་དང་བོད་རིགས་སྤྱི་མཐུན་ཚོགས་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ས་གནས་གཞོན་ནུ། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

ཆུ་ཚོད་ ༣ སྔོན་ལ།
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧

མཆན། 1

  1. ཐར་འདོད། says:
    ལོ་ 5 སྔོན།

    གཏམ་བཟང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese