མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་ཡུལ་སོཊ་ནང་སྔོན་འགྲོའི་འོས་བསྡུ་དུས་ཐོག་ཡོང་མིན་ཐད་བློ་འཚབ་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཡུལ་གཙོ་བོར་གྱུར་བའི་ཡུ་རོབ་རྒྱལ་ཁབ་ཁག་ནང་དུ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་བཀག་སྡོམ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པས་དུས་ཐོག་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་འགྲོ་ཐུབ་མིན་ཐོག་བློ་འཚབ་དང་བཅས་དུས་ཡུན་ཕྱིར་འགྱངས་དགོས་པ་སོགས་ཀྱི་བསམ་ཚུལ་ཡོང་བཞིན་འདུགདབྱིན་ཡུལ་གཙོས་པའི་ཡུ་རོབ་ཀྱི་རྒྱལ་ཁབ་འགའ་ཤས་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་བསྟུན། རྒྱལ་ཡོངས་སུ་སྒོ་རྒྱ་བསྡམས་ཏེ་མི་མང་གི་འགྲུལ་བཞུད་སོགས་ལ་བཀག་སྡོམ་བྱེད་ཀྱི་ཡོད་པར་བརྟེན། ཕྱི་ལོ་ ༢༠༢༡ ཟླ་དང་པོའི་ཚེས་ ༣ ཉིན་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་བྱ་ཐུབ་མིན་དང་། དེ་བཞིན་རྒྱ་གར་གཙོས་པའི་འཛམ་གླིང་ཡུལ་གྲུ་ཁག་ཏུ་གཉན་རིམས་འགོས་ཁྱབ་སྔོན་འགོ་ཆེད་རང་ཁྱིམ་དང་། སྒྲིག་འཛུགས་ཀྱི་ཟུར་བཀག་ཁང་དུ་ཡོད་པའི་བོད་མི་རྣམས་ལ་བཅའ་ཁྲིམས་ཀྱིས་བསྩལ་བའི་འོས་བསྡུའི་ཐོབ་ཐང་མ་ཤོར་བ་ཇི་ལྟར་གནང་རྒྱུ་ཡིན་མིན་བཅས་ཀྱི་ཐོག་ལ་བློ་འཚབ་ཡོང་བཞིན་འདུག

དབྱིན་ཡུལ་ནང་ཏོག་དབྱིབས་གཉན་རིམས་ཤུགས་ཆེར་འགོས་ཁྱབ་འགྲོ་ཡི་ཡོད་པ་དང་བསྟུན། དབྱིན་ཡུལ་གཞུང་གིས་ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་རྒྱལ་ཡོངས་སུ་སྒོ་རྒྱ་བསྡམས་པའི་བཀའ་རྒྱ་བཏང་ཡོད་ཅིང་། རྒྱལ་ས་ལོན་ཌོན་དང་། ལྷོ་བརྒྱུད་ཀྱི་ས་ཁུལ་ཕལ་ཆེ་བ་རིམ་པ་བཞི་པའི་(Tier 4) བཀག་སྡོམ་ས་ཁུལ་དུ་བཅུག་སྟེ། ས་གནས་དེ་དག་ནང་དགོས་མཁོ་ཅན་གྱི་ཅ་དངོས་ཚོང་ར་ཕུད་ཚོང་ཁང་དང་ཟ་ཁང་སོགས་ཚང་མ་སྒོ་བརྒྱབ་ཡོད་པ་མ་ཟད། མང་ཚོགས་འདུ་འཛོམས་རིགས་མི་ཆོག་པར་ཁྱིམ་སྡོད་བྱ་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་འདུག་ལ། དེ་བཞིན་ཡུ་རོབ་ཀྱི་རྒྱལ་ཁབ་སྦེལ་ཇམ་དང་། ཧོ་ལན་ཌི་བཅས་སུའང་གནས་སྟངས་ཛ་དྲག་ཡིན་པར་བརྟེན། བོད་མིའི་ཁྲོད་འདི་ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་དེ་དུས་ཐོག་གནང་ཐུབ་མིན་ཐད་བློ་འཚབ་བྱེད་ཀྱི་འདུག

འདི་གས་གསར་འགོད་པས་ཞལ་པར་བརྒྱུད་དབྱིན་ཡུལ་གྱི་ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་ཚེ་རིང་མཚོ་མོ་ལགས་སུ། ས་གནས་སུ་སྔོན་འགྲོའི་འོས་བསྡུར་གྲ་སྒྲིག་གི་གནས་སྟངས་ག་འདྲ་ཡིན་པ་དང་། དབུས་འོས་བསྡུ་ལས་ཁང་ནས་ལམ་སྟོན་ཇི་ཕེབས་སྐོར་བཀའ་འདྲི་ཞུས་པར་ཁོང་མོས། ཉེ་ལམ་དབྱིན་ཡུལ་ནང་གཉན་རིམས་འགོས་ཁྱབ་ཤུགས་ཆེར་འགྲོ་བཞིན་པའི་རྐྱེན་གྱིས། གནས་ཡུལ་གཞུང་གིས་ཚོང་ཁང་དང་ཟ་ཁང་སོགས་ཆ་ཚང་སྒོ་བརྒྱབ་དགོས་པ་དང་། མང་ཚོགས་ཀྱི་འགྲུལ་བཞུད་བཀག་སྡོམ་བྱས་ཏེ་གནད་དོན་གལ་ཆེན་ཡིན་ན་མ་གཏོགས་རང་ཁྱིམ་གྱི་ཕྱི་ལོགས་སུ་བསྐྱོད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་དང་། བཀག་སྡོམ་གྱི་གནས་སྟངས་འདིའི་འོག་བོད་མི་ཚོས་འོས་ལྡུག་རྒྱུར་དཀའ་ལས་ཡོད་སྟབས། ཁ་སང་ཕྱི་ཚེས་ ༢༡ ཉིན་ས་གནས་ཀྱི་འོས་བསྡུའི་ཚོགས་མི་རྣམས་འཛོམས་ཏེ། ད་ལྟའི་གནས་སྟངས་ལ་གདོང་ལེན་གྱིས་འོས་བསྡུ་ཚུགས་ཐུབ་ཐབས་ཇི་ཡོད་སྐོར་ནས་གྲོས་བསྡུར་བྱས་རྗེས། དབུས་འོས་བསྡུ་ལས་ཁང་ལ་གནས་སྟངས་ཆ་ཚང་སྙན་གསེང་ཞུས་ཏེ་བཀའ་ལན་ལ་སྒུག་མུས་ཡིན་སྐོར་བརྗོད་བྱུང་། སྤྱིར་དབྱིན་ཡུལ་དོན་གཅོད་ཁང་གི་ཁྱབ་ཁོངས་སུ་རྒྱལ་ཁབ་ ༡༡ ཡོད་པའི་ཁྲོད་ནས་འདི་ལོར་བོད་རིགས་སྤྱི་མཐུན་ཚོགས་པ་ཡོད་སའི་རྒྱལ་ཁབ་ ༦ ནང་འོས་བསྡུའི་ས་གནས་བཀོད་སྒྲིག་གནང་གི་ཡོད་འདུག

འདི་གའི་གསར་འགོད་པས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་སུ། གོང་འཁོད་གནད་དོན་ཐོག་དབུས་འོས་བསྡུ་ལས་ཁང་ནས་ཐག་གཅོད་ཇི་ལྟར་གནང་རྩིས་ཡོད་མེད་བཀའ་འདྲི་ཞུ་ཐབས་བྱས་ཀྱང་། ད་ལྟ་ཧ་ཅང་བྲེལ་བ་ཡིན་པས་བཀའ་ལན་གནང་བའི་ཆུ་ཚོད་མེད་སྐོར་གསུངས་བྱུང་།

ད་ལྟ་སུད་སིར་གནས་སྡོད་ཡུ་རོབ་དང་ཨ་ཧྤེ་རི་ཁའི་ཁུལ་གྱི་སྤྱི་འཐུས་ལས་ཐོག་ཟམ་མདོ་བྱམས་པ་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར། སུད་སི་ནི་ཡུ་རོབ་ས་ཁུལ་ནང་ནས་འོས་ལྡུག་མཁན་ཕོན་ཆེ་ཤོས་དེ་ཡིན་པ་དང་། ད་ལྟའི་ཆར་སུད་སི་རྒྱལ་ཡོངས་ནང་ལས་ཀ་དང་ཉོ་ཚོང་བྱེད་དུ་བསྐྱོད་ཆོག་གི་ཡོད་སྟབས། རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་གི་ཆ་ནས་འོས་བསྡུ་ཚུགས་རྒྱུར་བཀག་སྡོམ་གང་ཡང་མེད་པ་དང་། འབྱུང་འགྱུར་ཡང་དཀའ་ངལ་ཆེན་པོ་འཕྲད་སྲིད་པའི་གནས་སྟངས་མེད་པ་ལྟ་བུ་ཡིན་སྐོར་དང་། ཁོང་གིས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལྟའི་ཆར་དབྱིན་ཡུལ་དང་། ཨི་ཊ་ལི། ཧོ་ལན་ཌི། སྦེལ་ཇམ་བཅས་ནང་དཀའ་ངལ་ཡོད་པ་ལྟ་བུ་ཡིན་སྟབས། ཡུ་རོབ་ཀྱི་དོན་གཅོད་རྣམ་པ་དང་ས་གནས་འབྲེལ་མཐུད་པ་བཅས་ཀྱིས་གོ་བསྡུར་བརྒྱུད་ས་གནས་ཀྱི་གནས་སྟངས་ལ་དཔག་པའི་འོས་བསྡུ་ཚུགས་རྒྱུའི་ཐབས་ལམ་འདྲ་མིན་བཙལ་དང་འཚོལ་མུས་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་ལ། ཁོང་སྒེར་གྱི་བསམ་ཚུལ་ལྟར་ན། ད་ལྟའི་ཆར་མང་ཚོགས་ཀྱིས་སྤྱི་ཚོགས་རྒྱང་བཀྱེད་སོགས་སྔོན་འགོག་ཐབས་ཇུས་རྣམས་ལག་བསྟར་བྱས་པ་བརྒྱུད་ནས་སྔོན་འགྲོའི་འོས་བསྡུ་ཚུགས་མ་ཐུབ་པའི་གནས་སྟངས་མེད་སྐོར་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་། ཡུ་རོབ་ཀྱི་བོད་མི་མང་སྤྱི་འཐུས་ལས་ཐོག་བཀྲས་མཐོང་དབང་པོ་ལགས་ཀྱིས་འདི་གའི་གསར་འགོད་པར། གནས་སྟངས་ལ་འགྱུར་བ་འགྲོ་བཞིན་པའི་སྒང་ལ་ཡིན་སྟབས། ད་ལྟ་ཛ་དྲག་མེད་ཀྱང་བདུན་ཕྲག་རེ་གཉིས་རྗེས་གང་འདྲ་ཆགས་མིན་སུས་ཀྱང་བཤད་ཚོད་ཐིག་གི་མེད་སྟབས། དབུས་འོས་བསྡུ་ལས་ཁང་ངོས་ནས་གུ་ཡངས་ཙམ་བྱས་ཏེ་སྤྱི་འཐུས་རྒྱུན་ལས་དང་གྲོས་བསྡུར་བྱེད་ཀྱིན་བྱེད་ཀྱིན་ད་ཐེངས་དམིགས་བསལ་གྱིས་འོས་བསྡུ་དེ་ཕྱི་ཚེས་ ༣ ནས་མགོ་བཙུགས་ཏེ། བདུན་ཕྲག་གཉིས་གསུམ་གྱི་དུས་ཚོད་འཕར་མ་སྤྲོད་དགོས་པ་ལས། ཉིན་གཅིག་ནང་འོས་བསྡུ་བྱ་རྒྱུ་དེ་ཁག་པོ་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

དེ་བཞིན། ད་ལྟ་སྦེལ་ཇམ་གྱི་རྒྱལ་ས་སྦིལ་ཛིལ་དུ་གནས་སྡོད་སྤྱི་འཐུས་འོས་མི་བོད་མི་བཀྲ་ཤིས་བདེ་ལེགས་ལགས་ཀྱིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར་ན། སྤྱིར་སྦེལ་ཇམ་ནང་ཉེ་བའི་ཉིན་ཤས་གོང་ནས་ཚོང་ཁང་སོགས་སྒོ་ཕྱེས་ཡོད་ནའང་། སྤྱི་ཡོངས་ནས་ཕྱི་ཟླ་ ༡ ཚེས་ ༡༣ ཡས་མས་བར་དུ་དམ་དྲག་བྱས་ཏེ། དུས་ཆེན་རིགས་ཕྱིར་འཐེན་གྱིས་མང་ཚོགས་འདུ་འཛོམས་རིགས་མི་ཆོག་པ་བཟོས་ཡོད་སྐོར་དང་། ཉེ་ཆར་སྦེལ་ཇམ་ཀྱི་ས་གནས་འོས་བསྡུ་ལས་ཁང་གིས་དབུས་འོས་བསྡུ་ལས་ཁང་ལ་སྦིལ་ཛིལ་དུ་སྔོན་འགྲོའི་འོས་བསྡུ་ཚུགས་ཐུབ་ཀྱི་མེད་པའི་སྙན་གསེང་ཞུས་པ་ལྟར། དབུས་ནས་གནས་ཡུལ་གཞུང་གི་ཆོག་མཆན་ཐོབ་པའི་ཐོག་ནས་འོས་བསྡུ་ཚུགས་ཐུབ་རྒྱུའི་འབད་བརྩོན་ཞུ་དགོས་སྐོར་གྱི་ལམ་སྟོན་ཕེབས་པ་ལྟར། ད་ལྟ་ཐབས་ཤེས་བྱེད་མུས་ཡིན་སྐོར་དང་། རང་ཉིད་སྒེར་གྱི་བསམ་ཚུལ་ལྟར་ན། སྦེལ་ཇམ་ཙམ་མིན་པར་ཡུ་རོབ་ཁུལ་ཡོངས་ཀྱི་གནས་སྟངས་ལ་བལྟས་ཏེ། ད་ལན་གྱི་འོས་བསྡུ་དེ་ཕར་འགྱངས་བྱ་ཐུབ་ན་བཟང་བ་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་། གཞན་ཡང་དབྱིན་ཡུལ་དུ་གནས་སྡོད་བོད་མི་ཁག་ཅིག་གིས། གལ་ཏེ་ད་ཐེངས་དབྱིན་ཡུལ་དུ་འོས་བསྡུ་མ་ཐུབ་ན། ས་གནས་ཀྱི་བོད་མིའི་འོས་བསྡུའི་ཐོབ་ཐང་འཕྲོག་པ་དང་གཅིག་མཚུངས་ཡིན་པས། དབུས་འོས་བསྡུ་ལས་ཁང་ངོས་ནས་སྦྲག་ཐོག་ནས་འོས་ལྡུག་ཐབས་སོགས་ལ་དགོངས་པ་བཞེས་གལ་ཆེ་སྐོར་བསམ་ཚུལ་འདོན་གྱི་འདུག

རྒྱ་གར་ལྟ་བུའི་ནང་མཚོན་ན། ད་ལྟའི་ཆར་འགྲུལ་བཞུད་སོགས་ཀྱི་བཀག་སྡོམ་མེད་ནའང་། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་གྱི་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་གྱི་ས་གནས་ ༢༢ དང་བལ་ཡུལ་གྱི་ས་གནས་ ༣ བཅས་ནང་རང་ཁྱིམ་དུ་བོད་མི་ ༢༨༠ དང་སྒྲིག་འཛུགས་ཀྱི་འགོག་དབྱེ་ཟུར་འཇོག་ཁང་དུ་བོད་མི་ ༢༩༢ བཅས་ཁྱོན་བོད་མི་ ༥༧༢ འགོག་དབྱེ་ཟུར་འཇོག་ཁང་ནང་ཟུར་བཀག་ཁང་དུ་ཡོད་སྟབས། འདི་གའི་གསར་འགོད་པས་དྷ་ས་ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་དང་ས་གནས་མགོ་འཛིན་གཅིག་ལྕོགས་ཀུན་དགའ་ཚེ་རིང་ལགས་སུ་གནད་དོན་དེའི་ཐོག་བཀའ་འདྲི་ཞུ་ཐབས་བྱས་ཀྱང་དུས་ཚོད་མེད་སྐོར་བརྗོད་བྱུང་།

དེ་ལན་འདེབས་གནང་མ་སོང་། འོན་ཀྱང་འོས་བསྡུའི་ཐོག་ཕྱག་ལས་གནང་མཁན་འབྲེལ་ཡོད་ཅིག་གིས་འདི་གའི་གསར་འགོད་པར། ད་ལྟའི་ཆར་དབུས་འོས་བསྡུ་ལས་ཁང་གིས་ས་གནས་འོས་བསྡུ་ལས་ཁང་ལ། འོས་བསྡུའི་ཉིན་སྒྲིག་འཛུགས་ཀྱི་ཟུར་བཀག་ནང་ཡོད་པའི་བོད་མི་ཚོའི་ཐད་ག་རེ་བྱེད་དགོས་མིན་གྱི་ལམ་སྟོན་ཕེབས་མེད་ལ། ས་གནས་ནས་ཀྱང་དེའི་སྐོར་གྲོས་བསྡུར་སོགས་བྱུང་མེད་སྐོར་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་མོན་གྷོ་ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས། དོགས་ཡོད་དང་ནད་པ་སུ་རུང་ཞིག་ཟུར་བཀག་ནང་ཡོད་ཚེ། འོས་བསྡུའི་ཉིན་མོར་རང་སྲུང་གོས་ཆས་(PPE)གྱོན་ཏེ།  འོས་བསྡུའི་ས་ཚིགས་ནང་འོས་ལྡུག་ཏུ་འཇུག་རྒྱུའི་གྲ་སྒྲིག་བྱས་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese