མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་ཡུལ་དང་བྱང་ཨ་རིའི་ཁུལ་དུ་འོས་བསྡུའི་ཚེས་གྲངས་སྔ་ནུར་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༢/༢༩
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཡུལ་རྒྱལ་ས་ལོན་ཌོན་དང་ཨ་རིའི་མི་ནེ་སོ་ཊའི་ཁུལ་དུ་འོས་བསྡུའི་ཚེས་གྲངས་ཉིན་གཅིག་སྔ་ནུར་དང་ཧྥ་རན་སིའི་ནང་འོས་བསྡུའི་ས་ཚིགས་གསུམ་གཏན་འཁེལ་བྱས་འདུག ཁ་སང་དབྱིན་ཡུལ་ས་གནས་འོས་བསྡུ་ལས་ཁང་གིས་ས་གནས་མི་མང་ལ་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། ཡོང་ལ་ཉེ་བའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་དང་ལྷག་པར་དུ་དབྱིན་ཡུལ་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་འབུའི་ངོ་བོ་གསར་པ་ཞིག་བྱུང་བའི་གནས་སྟངས་འོག རྒྱལ་ས་ལོན་ཌོན་ནང་ཁྱིམ་སྡོད་བཀའ་རྒྱ་འགྲོ་ཡི་ཡོད་པར་བརྟེན། རྒྱལ་ས་ལོན་ཌོན་ནང་གི་འོས་བསྡུའི་ཚེས་གྲངས་ཉིན་གཅིག་སྔ་ནུར་གྱིས་ཕྱི་ཟླ་ ༡ ཚེས་ ༢ དང་ ༣ བཅས་ཉིན་གྲངས་ ༢ རིང་འོས་འཕེན་གྱི་ཉིན་མོར་གཏན་འཁེལ་བྱས་འདུག

ས་གནས་འོས་བསྡུ་ལས་ཁང་གི་གསལ་བསྒྲགས་ནང་། ཉེ་དུས་དབྱིན་ཡུལ་ནང་ཏོག་དབྱིབས་ནད་འབུ་གསར་ཐོན་རྐྱེན་པས་གཞུང་གིས་ཁུལ་སོ་སོའི་གནས་བབ་དང་བསྟུན་ནས་དམ་བསྒྲགས་བཀའ་རྒྱ་རིམ་པ་མི་འདྲ་བ་ཁག་ཅིག་དང་། ལྷག་པར་ལོན་ཌོན་ནང༌ (Tier 4) དམ་བསྒྲགས་མུ་མཐུད་གནས་ཡོད་སྟབས། ས་གནས་འོས་བསྡུ་ལས་ཁང་ནས་སྐབས་མཚམས་སོ་སོར་དབུས་འོས་བསྡུ་ལས་ཁང་ལ་ ཡིག་ངག་གཉིས་ནས་སྙན་སེང་ཞུས་འབྲས་སུ། ད་ཆ་དབྱིན་ཡུལ་ནས་འོས་འཕེན་ས་ས་ཁུལ་ལྔ་དང༌། ལོན་ཌོན་ནང་འོས་བསྡུ་ཆེན་མོ་སྔ་སྣུར་གྱིས་ཕྱི་ཟླ་ ༡ ཚེས་ ༢ དང་ཚེས་ ༣ བཅས་ཉིན་གྲངས་གཉིས་ལ་འོས་བསྡུ་ཆོག་པའི་བཀའ་འཁྲོལ་ཞུས་དོན་ལྟར་བསྩལ་སོང་། ཞེས་བཀོད་འདུག

ཡང་ཕྱི་ཚེས་ ༢༦ ཉིན་བྱང་ཨ་རི་མི་ནི་སོ་ཊའི་ས་གནས་འོས་བསྡུའི་ཚོགས་ཆུང་གིས། ཨ་རིའི་ནང་ཏོག་དབྱིབས་ནད་རིམས་ཀྱི་དཀལ་ངལ་དང་འབྲེལ། མི་ནེ་སོ་ཊའི་ཁུལ་སྔོན་འགྲོའི་འོས་བསྡུ་ཉིན་གཅིག་སྔ་སྣུར་གྱིས་ཚེས་ ༢ ནས་ ༣ བར་ཉིན་གྲངས་ ༢ རིང་འོས་འཕེན་རྒྱུ་གཏན་འཁེལ་དང་། ཨ་རི་ཁ་ལི་ཧྥོ་ནེ་ཡའི་བོད་རིགས་ཚོགས་པ་དང་ཁེ་ན་ཌའི་གངས་ལྗོངས་ཆོས་ལྡན་གླིང་ཁུལ་དུ་ཕྱི་ཟླ་ ༡ དང་ ༢ དེ་བཞིན་ཚེས་ ༣ བཅས་སོ་སོར་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།དེ་བཞིན་ཧྥ་རན་སིའི་ས་གནས་འོས་བསྡུ་ཚོགས་ཆུང་གིས། ཡུལ་ཁྲིམས་དང་འོས་འཕེན་པའི་འཕྲོད་བསྟེན་སོགས་ལ་དོ་ཁུར་གྱིས།  ཕྱི་ཟླ་ ༡ ཚེས་ ༣ ཉིན་ཧྥ་རན་སིའི་མི་མང་ལ་འོས་བསྡུའི་ས་ཁུལ་གསུམ་གཏན་འཁེལ་བྱས་ཡོད་པའི་གསལ་བསྒྲགས་སྤེལ་འདུག་ལ། ཉེ་ཆར་བལ་ཡུལ་དང་འབྲུག་གཉིས་ནང་ས་ཁུལ་ཆབ་སྲིད་ཀྱི་གནས་བབ་འོག་གསང་བའི་འོས་བསྡུ་བྱས་པར། བལ་ཡུལ་ནང་རྒྱལ་ས་ཀ་ཐི་མན་ཌིའི་ས་གནས་ཉེན་རྟོག་པས་མཆོད་རྟེན་བྱ་རུང་ཁ་ཤོར་ཁུལ་གྱི་མཆོད་འབྱོར་ས་གནས་མགོ་འཛིན་དང་བོད་མི་གཞན་གསུམ། དེ་བཞིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཅས་ཁྱོན་མི་ ༥ འཛིན་བཟུང་བྱས་ཏེ། ཉིན་དེའི་ཉིན་རྒྱབ་ཏུ་ཁོ་ཚོ་ཀློད་གྲོལ་བཏང་ཡོད་པ་འདི་གའི་གསར་འགོད་པར་བོད་མི་ཞིག་གིས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༢༣ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese