མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ནས་ལག་བསྟར་བྱ་འཆར་ཡོད་པའི་རྒྱལ་སྲུང་དང་འབྲེལ་བའི་ཁྲིམས་སྒྲིག་གསར་པའི་ནང་དམག་འཁྲུག་འབྱུང་ཚེ་མངའ་ཁོངས་གཅིག་གྱུར། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་མིང་ཐོག་ནས། ཚོགས་སྒེར་ཁག་གི་དངུལ་དངོས་དང་། ཐོན་ཁུངས། འགྲིམ་འགྲུལ་སོགས་རྒྱལ་ཁབ་ཀྱིས་བདག་བཟུང་བྱས་ནས་བེད་དུ་སྤྱད་དེ་རྒྱལ་སྲུང་གི་ལས་དོན་ཟེར་བ་གཉེར་རྒྱུ་ཡིན་འདུག

The Chinese People’s Liberation Army (PLA) Photo:ORF

 ཕྱི་ཟླ་ ༨ ཚེས་ ༣༠ ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཚོགས་ཀྱིས་ཁྲིམས་སྒྲིག་དེ་དང་འབྲེལ་ནས་གསལ་བསྒྲགས་བྱས་པའི་ཁྲོད། ཁྲིམས་སྒྲིག་དེས་རྒྱལ་ཁབ་ཀྱི་དམག་དོན་དང་སྤྱི་དམངས་ཀྱི་ལས་འགན། འགན་ཁུར་བཅས་གསལ་བཤད་བྱས་ཡོད་ཅིང་། དེས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་། བདེ་འཇགས་ཀྱི་དགོས་མཁོ། དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས། མཐུན་སྦྱོར། ཛ་དྲག་གི་ལན་འདེབས་ལམ་སྲོལ། འབྲེལ་མཐུད་བཅས་ལ་དམིགས་ཡོད་ཅིང་། ད་ལན་བསྐྱར་བཅོས་བྱས་པ་དེས། སྒྲིག་འཛུགས་ཀྱི་མགོ་ཁྲིད་དང་དེའི་དབང་ཚད། རྒྱལ་ཁབ་ཀྱི་སྲུང་སྐྱོབ་སྒྲིག་འཛུགས་ཀྱི་འཆར་འགོད། དམག་དོན་ཞིབ་འཇུག དམག་མི་མཁོ་བསྡུ་དང་སྐུལ་སློང་། སྤྱི་དམངས་ཀྱི་ཐོན་ཁུངས་གཞུང་བཞེས་དང་། སྐྱིན་ཚབ་བཅས་ཀྱི་གནད་དོན་རྣམས་ཞིབ་ཕྲ་བཀོད་ཡོད་ལུགས་བསྒྲགས་ཡོད། 

དེ་བཞིན་རྒྱ་ནག་གཞུང་གིས་ཁྲིམས་ལུགས་དེས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་མངའ་ཁོངས་ཟེར་བ་རྒྱ་སྐྱེད་བྱས་ཡོད་ཅིང་། དེས་རྒྱལ་ཁབ་ཀྱི་རང་བཙན་དང་། གོང་བུ་གཅིག་གྱུར།  མངའ་ཁོངས་གཅིག་གྱུར། བདེ་འཇགས། འཕེལ་རྒྱས་ཟེར་བ་བཅས་ལ་འཇིགས་སྐུལ་འབྱུང་སྐབས། ཁྲིམས་ཐོག་ནས་དམག་འཁྲུག་རྒྱག་ཆོག་པའི་མུར།  རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ནུས་ཤུགས་ཐོན་ཁུངས་ཧྲིལ་པོ་དམག་འཁྲུག་གི་ཆེད་དུ་ཁ་བསྒྱུར་ནས་རྒྱལ་སྲུང་གི་ལས་དོན་ལ་གཞོལ་དགོས་ལུགས་བཤད་འདུག་ཀྱང་།  ཐའེ་པེ་དུས་བབ་གསར་ཁང་ནང་། རྒྱ་ནག་གཞུང་གིས་ད་ལྟ་ནས་མ་འོངས་པར་འབྱུང་ཉེན་ཡོད་པའི་དམག་འཁྲུག་ཁག་ལ་གྲ་སྒྲིག་བྱེད་ཀྱིན་ཡོད་པ་མ་ཟད། ཚོགས་སྒེར་ཁག་གི་བཟོ་གྲྭ་དང་། ཐོན་ཁུངས། ནུས་ཤུགས། འགྲིམ་འགྲུལ། དཔལ་འབྱོར་སོགས་གཞུང་གིས་དབང་འཛིན་བྱ་རྒྱུ་དང་། ཐ་ན་རྒྱལ་ཁབ་བདེ་སྲུང་དང་མཐའ་སྲུང་ལ་ཁ་གཡར་ནས་མི་སྒེར་ལ་དབང་བའི་ས་ཆ་སོགས་འཕྲོག་ཉེན་ཡོད་སྐོར་་གསལ་འདུག 

 རྒྱ་ནག་གཞུང་གིས་མི་འགྱངས་བར་ལག་བསྟར་བྱ་འཆར་ཡོད་པའི་ཁྲིམས་སྒྲིག་དེའི་ཁྲོད། འབྱུང་འགྱུར་དམག་འཁྲུག་འབྱུང་སྐབས། རྒྱ་གཞུང་གིས་རྒྱབ་གཅིག་གྱུར་ཞེས་པའི་མིང་འོག་ནས་ཚོགས་སྒེར་ཁག་གིས་གཉེར་བའི་ཚོང་དོན་དང་། ནུས་ཤུགས། འགྲིམ་འགྲུལ། དྲིལ་བསྒྲགས་སོགས་བེད་དུ་སྤྱད་ནས་རྒྱལ་སྲུང་ལས་དོན་གཉེར་རྒྱུ་ཡིན་པ་དང་། མི་སེར་རྣམས་དམག་དོན་གྱི་ཡུལ་དངོས་ལ་ཞུགས་དགོས་པ་མ་ཟད། སྐྱེས་པ་ལོ་ ༡༨ ནས་ ༦༠ བར་དང་། བུད་མེད་ལོ་ ༡༨ ནས་ ༥༥ བར་རྒྱལ་སྲུང་ཞེས་པའི་མིང་འོག་ནས་དམག་དོན་གྱི་སྦྱོང་བརྡར་དང་མཐའ་སྲུང་ལས་དོན་ནང་ཞུགས་དགོས་ཀྱི་ཡོད་འདུག དེ་བཞིན་རྒྱ་ནག་གཞུང་གིས་ཁྲིམས་སྒྲིག་དེ་བརྒྱུད་ནས། མི་མེད་གནམ་གྲུ་དང་བཅོས་མའི་རིག་ནུས་སོགས་ཀྱང་རྒྱལ་སྲུང་གི་ལས་དོན་ཐོག་བེད་སྤྱོད་བྱ་རྒྱུ་ཡིན་འདུག 

 ད་ལྟའི་ཆར་རྒྱ་གར་གཞུང་དང་ཐའེ་ཝན་གྱིས་ཚོར་སྣང་སྐྱེན་པོས་ཁྲིམས་ཡིག་གསར་པ་འདིར་བལྟ་ཉན་དང་ཞིབ་གཤེར་བྱེད་མུས་ཡིན་ཞིང་། སྤྱིར་འདས་པའི་ལོ་ཤས་གོང་ནས་རྒྱ་དཀར་ནག་གི་དམག་མིའི་བར་ཧིན་བོད་མཐའ་མཚམས་ཁག་ཏུ་གདོང་ཐུག་དང་རྩོད་གླེང་ལན་མང་བྱུང་སྟབས། ད་ལྟ་ཕྱོགས་གཉིས་ཀྱིས་མཐའ་མཚམས་སུ་འགོག་སྲུང་ནན་མོ་བྱེད་ཀྱིན་ཡོད་པ་མ་ཟད། འདས་ལོའི་ཕྱི་ཟླ་ ༡ ཚེས་ ༡ ཉིན་ནས་རྒྱ་ནག་གིས་བོད་ནང་གི་སྐྱེས་པ་ལོ་ ༡༨ ཡན་རྣམས་ངེས་པར་དུ་དམག་ལ་ཞུགས་དགོས་པའི་བཀའ་ཁྱབ་བསྒྲགས་ཡོད་ལ། ལྷག་པར་རྒྱ་ནག་གཞུང་གིས་ཧིན་བོད་མཐའ་མཚམས་ཀྱི་བོད་མངའ་རིས་རུ་ཐོག་ཁུལ་གྱི་སྐྱེས་པ་རང་ལོ་ ༡༨ ཡན་རྣམས་མཐའ་སྲུང་སླད་བཙན་གྱིས་དམག་མིར་ཞུགས་བཅུག་ཡོད། 

 ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་གི་རྒྱལ་སྲུང་སྐུལ་སློང་གི་བཅའ་ཁྲིམས་(China’s National Defence Mobilisation Law) དེ་རྒྱལ་སྲུང་དང་དམག་འཁྲུག་གི་ཉེན་ཁ་གཞིར་བཞག་ནས་ལག་བསྟར་བྱས་ཡོད་ཅིང་། ད་ཐེངས་བསྐྱར་བཅོས་བྱས་པའི་ཁྲིམས་ཡིག་ནང་ལེའུ་གསར་པ་༤ དང་། དོན་ཚན་ ༤༤ ཁ་སྣོན་བྱས་ཏེ། ཁྱོན་ལེའུ་ ༡༤ དང་དོན་ཚན་ ༨༢ ཡོད་ལ། ཁྲིམས་སྒྲིག་དེ་ནི་མི་ལོ་བཅུ་དྲུག་གི་རྗེས་སུ་བསྐྱར་བཅོས་བྱས་པ་ཞིག་ཡིན་འདུག 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
China's domestic tourism market surges during Spring Festival holiday. Photo: Azernews
Mobile App

རྒྱ་ནག་གིས་རྒྱལ་ཁབ་བཅུ་གཉིས་ཀྱི་མི་སེར་ལ་ཐོངས་མཆན་རིན་མེད་སྤྲོད་ཀྱིན་འདུག

༢༠༢༤/༠༥/༠༨
Nepal bans TikTok citing disruption to social harmony. photo:Getty image
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་གི་ཊིག་ཊོག་བཀག་སྡོམ་བྱས།

༢༠༢༣/༡༡/༡༤
ད་ཀྱི་མ་འོངས་དང་འབྲེལ་བའི་རྒྱ་གར་གྱི་སྲིད་ཇུས་ཞེས་པའི་ལྷན་ཚོགས་ཤིག་འཚོགས། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༣། ༡༡། ༣།
Mobile App

བོད་ཀྱི་མ་འོངས་དང་འབྲེལ་བའི་རྒྱ་གར་གྱི་སྲིད་ཇུས་ཞེས་པའི་ལྷན་ཚོགས་བསྡུས།  

༢༠༢༣/༡༡/༠༣
WIN-WIN COOPERATION Chinese President Xi Jinping meets with Nepalese Prime Minister Pushpa Kamal Dahal Prachanda in Hangzhou, capital city of east China’s Zhejiang Province on Saturday, Sept. 23, 2023. XINHUA PHOTO
Mobile App

བལ་ཡུལ་ནང་གི་བོད་མི་ཚོར་སྔར་ལས་དཀའ་ངལ་འཕྲད་ཉེན་འདུག

༢༠༢༣/༠༩/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese