མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཤེས་རིག་གི་བྱིས་སྒྲུང་སོགས་ལས་འཕྲོས་པའི་གཏམ།

བོད་ཀྱི་དུས་བབ།
༢༠༢༡/༠༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཆབ་མདོ་ངག་ཕུན།

 དེ་རིང་ངས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་ཞིང་། དེ་ཡང་རང་རེའི་བོད་རྒྱལ་ཁབ་ཆེན་པོ་རྒྱ་དམར་གྱི་འོག་ཏུ་ཤོར་ནས་༸རྒྱལ་བ་རིན་པོ་ཆེས་གཙོས་སྐུ་འཁོར་ཧྲག་བསྡུས་ཤིག་བོད་མི་རིགས་དང་། གང་སྒོས་སངས་རྒྱས་བསྟན་པའི་དོན་དུ་མི་ཡུལ་དུ་ཕེབས་དགོས་བྱུང་སྟེ་མི་ལོ་དྲུག་ཅུ་རེ་གཅིག་སླེབས་ཟིན་ཞིང་། མི་ཡུལ་ནས་རྒྱལ་བ་རིན་པོ་ཆེས་དགོངས་པ་བླ་ན་མེད་པ་བཞེས་གནང་མཛད་དེ་དང་ཐོག་མ་སུ་རི་ལ་གནད་ཡོད་མི་སྣ་ ༣༠ ལྷག་བརྒལ་བའི་ཚོགས་ཆེན་ཐོག་ཏུ་ད་ཡོད་ཁ་ཚ་དགོས་གཏུགས་ལས་བསྒོ་བསྐྱོན་གནང་མཛད་པ་དང་། དུས་སྐབས་དེར་ཕྱག་ལས་ནང་སྲིད་དང་། ཕྱི་སྲིད། འདུ་འགོད། ཤེས་རིག །ཆོས་དོན་བཅས་གཏན་འབེབས་གནང་བ་རེད་ཅེས་གསལ་ཞིང་།

ལྷག་པར་ཤེས་ཡོན་ནི་གལ་ཆེ་རང་བཞིན་ཡིན་པ་དགོངས་པ་བཞེས་ཏེ་བོད་གཞུང་ཤེས་རིག་ལས་ཁུངས་ཕྱི་ལོ་ ༡༩༦༠ ཟླ་ ༡༠ ཚེས་ ༤ ཉིན་མོར་གསར་འཛུགས་བསྐྱངས་གནང་མཛད་པ་ནས་བཟུང་སྟེ་ཤེས་རིག་ཐོག་ཏུ་འགན་འཁུར་གཙོ་བོ་བཞེས་ཏེ་ཕྱག་ལས་གནང་དང་གནང་མུས་ཡིན་པ་རེད་ལ། རང་རེའི་སྤྱི་ཚོགས་ཐོག་ཏུ་ཕན་ཐོག་རླབས་ཆེན་བྱུང་ཡོད་པ་ཡོད་ནི་བརྗོད་མ་དགོས་པའི་གནས་སྟངས་ཤིག་རེད། ཕྱི་ལོ་ ༡༩༦༠ ལོར་བོད་ཀྱི་ཤེས་རིག་ལས་ཁུངས་ཀྱི་སློབ་གྲྭ་ཁག་གི་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་གསར་འཛུགས་གནང་སྟེ་ཕྱག་ལས་གནང་འགོ་བཙུགས་པ་ནང་བཞིན་རང་རེའི་སྤྱི་ཚོགས་ཐོག་ཏུ་ཕན་ཐོགས་བླ་ན་མེད་པ་བྱུང་ཡོད་ལ། བོད་པའི་སློབ་གྲྭ་ཡོངས་རྫོགས་ལ་སློབ་དེབ་རྩོམ་སྒྲིག་གནང་སྟེ་འགྲེམས་སྤེལ་གནང་དང་གནང་བཞིན་ཡོད་པ་རེད། དེ་ཡང་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལོ་རྒྱུས་ཀྱི་སྔོན་གླེང་ལས། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཤེས་ཡོན་གྱི་ལས་དོན་འདི་ཉིད་ལས་དོན་ཀུན་གྱི་ནང་ནས་གལ་འགངས་ཆེ་ཤོས་ཤིག་ཡིན་པ་དང་། རང་རེའི་བོད་ཀྱི་མ་འོངས་པའི་གསོན་རྩར་གྱུར་པའི་བོད་ཕྲུག་རྣམས་ལ་ཤེས་རིག་ཡོན་ཏན་སློབ་སྦྱོང་བྱ་རྒྱུ་སྤྱི་སྒེར་གཉིས་ཀར་འཕྲལ་ཡུན་སྒོ་གང་ས་ནས་ཤིན་ཏུ་གནད་ཆེ་བར་བརྟེན། ཞེས་གསལ་བ་དང་། དེ་བཞིན་ཤེས་རིག་རྩོམ་སྒྲོག་སྡེ་ཚན་ནས་འགྲེམས་སྤེལ་གནང་བའི་ཨ་ཁུ་ཕག་པའི་དེབ་ཀྱི་སྔོན་གླེང་ནང་དུ་ཡང་། འདི་ག་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་སྡེ་ཚན་ནས་ལོ་མང་རིང་བོད་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་ཡོང་སླད། ཕ་ཡུལ། ན་གཞོན་བརྙན་དེབ་དང་། གངས་ལྗོངས། བྱིས་པའི་བརྙན་དེབ་གཉིས་རྩོམ་སྒྲིག་དང་འགྲེམས་སྤེལ་བྱས་ནས་ལོ་ངོ་ ༡༥ ཙམ་འགྲོ་མུས་ཡིན་པ། ཞེས་གསལ་དོན་ལྟར་ན། ཕྱི་ལོ་ ༡༩༨༩ ལོ་ནས་བྱིས་པའི་བརྙན་དེབ་གཉིས་དེ་མགོ་བཙུགས་པ་འདྲ་ཞིང་། དེ་ནས་ཕྱི་ལོ་ ༢༠༢༠ དབར་ལོ་ངོ་ ༣༡ ཙམ་འགྲོ་བཞིན་འདུག་ཅིང་། དེ་བཞིན་ཕ་ཡུལ་ཕྱོགས་བསྒྲིགས་གནང་ནས་དེབ་ཕྲེང་ ༦༡ ལྷག་ཙམ་སློབ་གྲྭ་ལ་སོགས་འགྲེམས་སྤེལ་གནང་བ་དེ་དག་དངོས་གནས་དགའ་སྒོམ་འོས་པའི་གནས་སྟངས་ཤིག་ཀྱང་ལོས་ཡིན།  ལྷག་དོན་རང་ཡུལ་དང་ཁ་བྲལ་ནས་མི་ཡུལ་ལུང་པར་གཞན་བསྟེན་འོག་ཏུ་གནས་དགོས་ཡོད་ནའང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། དེ་བཞིན་ལས་ཁུངས་ཀྱི་འབྲེལ་ཡོད་འགོ་ལས་ཡོངས་ཀྱི་ངལ་བ་ཁྱད་བསད་ཀྱིས་དེང་སྐབས་བྱིས་སྒྲུང་དུ་མ་ཞིག་བོད་སྒྱུར་དང་གནང་མུས་རེད་འདུག་ཅིང་། དེ་དག་ནི་རང་རེའི་ལོ་ཆུང་ཚོའི་བློ་གྲོས་འཚམས་པ་ཡིན་པ་ནི་འགྲེལ་བརྗོད་མ་དགོས། ང་ཚོའི་སྤྱི་ཚོགས་ནང་དུ་སྔོན་མ་ཡིན་ན་བྱིས་སྒྲུང་ཧ་ཅང་ཉུང་ཉུང་ཡིན་ཞིང་། ཕལ་ཆེར་མེད་པ་རེད་ལབ་པ་ཡིན་ན་མི་ཆོག་པ་མེད་པའི་གནས་སྟངས་དེ་འདྲ་ཞིག་ཏུ་གྱུར་ཡོད།

ཕྱི་ལོ་བརྒྱད་ཅུ་གྱ་གྲངས་ནས་ཤེས་རིག་ལས་ཁུངས་ཀྱིས་གངས་ལྗོངས་ལོ་རེར་ཐེངས་རེ་འདོན་སྤེལ་གནང་སྟེ་ད་ལྟ་གངས་ལྗོངས་འདོན་ཐེངས་ཉི་ཤུ་རྩ་གྲངས་སླེབས་ཟིན་ཡོད་ཅིང་། དེ་ཡང་ཁ་ཆེམས་རླུང་ལ་བསྐུར་བ་ཞེས་སྒྲུང་གཏམ་གྱི་སྔོན་གླེང་ལས། རང་རེའི་སློབ་ཕྲུག་ཆེ་འབྲིང་ཆུང་གསུམ་རྣམས་ལ་བོད་ཡིག་གི་ཟུར་ལྟའི་བཀླག་དེབ་ཧ་ཅང་གི་ཉུང་སྐྱོན་དང་། རྩོམ་ཡིག་འབྲི་མཁན་དཀོན་ཞིང་། བྲིས་པའི་རྩོམ་ཡིག་མི་ཉུང་བ་ཞིག་ལ་སྐྱོན་དང་ཞན་ཆ་སྣ་ཚོགས་ཡོད་པ་སོགས་ཀྱི་དཀའ་ངལ་དེ་རྣམས་སེལ་བར་ཕན་ཐོགས་ཡོང་སླད། ཞེས་གསལ་དོན་ལྟར། རང་རེའི་ན་གཞོན་རྣམས་ལ་ས་བཅད་མ་སྟོང་ཙམ་དུ་བརྩམས་སྒྲུང་བཀླག་རྒྱུ་ཡོང་གི་ཡོད་པ་རེད་ལ། དེ་བཞིན་རང་རེའི་ན་གཞོན་རྣམས་ལ་རྩོམ་ཡིག་འབྲི་བར་དོ་སྣང་ཡོང་བར་ཕན་ཐོགས་རླབས་ཆེན་ཡང་བྱུང་ཡོད།

ལྷག་པར་ཤེས་རིག་ཚོགས་ཆེན་ཐེངས་དང་པོའི་ཐོག་ཏུ་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལས། ང་ཚོས་གསར་བརྗེ་ཟེར་བ་དེ་ཡར་རྒྱས་གཏོང་བར་ཟེར། བླ་མ་ཟེར་བ་དེ་རྩ་ཆེར་འཛིན་གྱི་ཡོད་པ་གང་ཡིན་ཞེ་ན། ལེགས་ཉེས་ཀྱི་སློབ་སྟོན་བྱེད་མཁན་ཞིག་ཡིན་སྟབས་གལ་ཆེར་བརྩི་བཀུར་བྱེད་པ་ཞིག་ཁྱེད་རང་དགེ་རྒན་རྣམས་ནས་ཀྱང་གནས་ཚུལ་དེར་བསམས་ཏེ་བོད་ཕྲུག་ཁྲི་ཕྲག་གི་ཁེ་ཕན་ལ་ཐུག་གི་ཡོད་པར་བརྟེན་རང་སྤོབས་བསྐྱེད་དེ་རང་གི་སེམས་ཤུགས་ཆེན་པོས་ལས་ཀ་བྱེད་དགོས། ཞེས་བཀའ་སློབ་ལམ་སྟོན་གནང་དོན་ལས་ཐོག་ཏུ་ཉི་མ་གང་འཁྱོལ་ཚུལ་དུ་ཡིན་པ་འབད་བརྩོན་གནང་དགོས་པ་ཞིག་རེད། ཤེས་ཡོན་གྱི་སྣེ་ལ་བཞུགས་མཁན་རྣམས་ནི་ཧ་ཅང་གལ་གནད་ཆེན་པོ་ཞིག་ཡིན་པ་རེད། མ་འོངས་པ་བོད་རིགས་ན་གཞོན་རྣམས་ལ་ཤེས་ཡོན་གྱི་ལེགས་ཉེས་གང་འདྲ་ཞིག་ཡོང་མིན་ད་ལྟའི་ལས་ཀྱི་སྣེ་མོ་བ་ཚོས་ལྷག་བསམ་ལ་རག་ལས་ཡོད། དེ་དག་ནི་ཞོར་འཕྲོས་ཙམ་ཡིན། ད་སྐབས་གངས་ལྗོངས་འདོན་ཐེངས་ཉི་ཤུ་རྩ་གྲངས་ལ་འདོན་སླེལ་ཟིན་ཡོད་ཅིང་། དེ་དག་ནི་རང་རེའི་སྤྱི་ཚོགས་ཀྱི་བློ་གསར་ན་ཆུང་རྣམས་ཀྱི་བློ་གྲོས་ལ་འཚམས་པའི་བྱིས་སྒྲུང་ཐོག་མ་དེ་ཡིན་ལབ་པ་ཡིན་ན་མི་ཆོག་པ་ཞིག་ཡོད་ཀྱི་མ་རེད་སྙམ། ང་ཚོར་ནང་དོན་རིག་པའི་གཞུང་ལུགས་ནི་ཕྱི་མི་ལ་ངོམ་རིན་ཆོག་པ་ཡོད་མོད། ན་ཆུང་གི་བློ་གྲོས་དང་འཚམས་པའི་བྱིས་སྒྲུང་མེད་པས་སྟོང་ཆ་དེ་ཉིད་ཁ་སྐོང་དགོས་ཤིང་། འཛམ་གླིང་བྱིས་སྒྲུང་གྲགས་ཅན་རྣམས་མིག་དཔེ་བལྟས་ཏེ་གསར་གཏོད་བྱེད་དགོས་པ་ཞིག་ལས། ད་དུང་ང་ཚོ་གསར་བཏོད་མེད་པའི་སྙིང་ཞུམ་ནས་བསྡད་ན་ང་ཚོ་མི་རིགས་འདི་ཉིད་དེང་རབས་ཀྱི་རྗེས་མི་ཟིན་ཞིང་། དེང་རབས་ཀྱི་རྗེས་སུ་མདུན་བསྐྱོད་མ་ཐུབ་ཚེ། ང་ཚོའི་མི་རིགས་འདི་ཉིད་རིམ་གྱིས་ཉམས་རྒྱུ་ཡིན་པ་ནི་བརྗོད་མ་དགོས་པའི་མིག་མཐོང་ལག་ཟིན་གྱི་གནས་སྟངས་ཤིག་རེད་སྙམ། ངས་དེ་འདྲ་ཞིག་བརྗོད་དུས་དེ་ལྟར་གནང་གི་འདུག་གཏན་ནས་བརྗོད་ཀྱི་མེད། གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བརྗོད་པ་ཡིན་པ་ལས་གཞན་པའི་དམིགས་ཡུལ་གང་ཡང་མེད།

ལྷག་པར་ཤེས་རིག་ཚོགས་ཆེན་གསུམ་པའི་ཐོག་ཏུ་གྲོས་ཆོད་ལས། ད་ལྟའི་ཆར་བོད་ཡིག་སྦྱང་གཞི་བོད་ཡིག་སློབ་དེབ་ཙམ་ལས་མེད་གཤིས་བོད་ཕྲུག་རྣམས་ནས་བོད་ཡིག་ཐོག་དོ་སྣང་དགའ་མོས་སྐྱེད་སྤེལ་སྔར་ལྷག་ཡོང་ཐབས་སུ་དུས་གསེང་ནམ་ཡིན་ལ་བོད་ཡོག་ཀློག་དེབ་གཞི་སངས་རྒྱས་ཀྱི་འཁྲུངས་རབས་དང་། སྔོན་བྱོན་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱི་མཛད་པའི་རྣམ་ཐར། རྒྱལ་རབས་ལོ་རྒྱུས། བོད་མིའི་སྤྱི་ཚོགས་ནང་དུས་དྲན་སྲུང་བརྩི་བྱ་ཕྱོགས། བོད་ཀྱི་སྣོད་བཅུད་ཆགས་རབས་སོགས་དེང་དུས་དང་མཐུན་པའི་སྒྲུང་གཏམ་འདྲ་རིས་སོགས་གསར་སྣོད་ཀྱིས་བརྙན་དེབ་གང་མང་གསར་རྩོམ་འདོན་སྤེལ་གནང་ཐབས་ཞེས་གྲོས་ཆོད་བཞག་དོན་ལྟར་དེ་དག་ཐོག་ཏུ་གལ་ཆེ་དོན་ཆེ་གཟིགས་ནས་ལས་དོན་གནང་བའི་དྲིན་གྱིས་དེང་སྐབས་ལོ་རེ་ལོ་རེ་བྱིས་སྒྲུང་དུ་མ་ཞིག་བོད་སྒྱུར་གྱིས་འགྲེམས་གནང་བཞིན་འདུག་པས། སྙིང་དབུས་ནས་བཀའ་དྲིན་ཞུ་བཞིན་ཡོད།

དེ་བཞིན་རང་རེའི་སྤྱི་ཚོགས་ནང་གི་ཤེས་ཡོན་ཐོག་ཏུ་དོ་སྣང་ཡོད་མཁན་དང་། ལྷག་པར་ཕྲུ་གུའི་ཕ་མ་ཚོས་ཀྱང་འཛམ་གླིང་གི་བྱིས་པའི་སློབ་གསོ་སྤྲོད་སྟངས་ཐོག་ཏུ་དོ་སྣང་སླེབས་ཏེ་རང་རེའི་སྤྱི་ཚོགས་ནང་དུ་ཕྲུ་གུ་བློ་གྲོས་དང་འཚམས་པའི་བྱིས་སྒྲུང་དེ་ཡང་གལ་ཆེ་རང་བཞིན་ཅན་ཞིག་ཡིན་པ་ཚོར་ནས། རང་གཞུང་ལ་རེ་སྐུལ་དང་བསམ་ཚུལ་ཡང་ཡང་བཤད་པའི་དབང་གིས་རང་གཞུང་གིས་ཀྱང་། གལ་ཆེ་དོན་ཆེ་ཞིག་ཏུ་གཟིགས་ནས་སྐུ་ངལ་ལ་མ་འཛེམས་པས་རོགས་དངུལ་སོགས་ཐབས་འཚོལ་གནང་སྟེ་ད་སྐབས་བྱིས་སྒྲུང་ཀློག་མཁན་མ་རག་པ་དཀའ་ངལ་མ་གཏོགས་བཀླག་རྒྱུ་མི་རག་པའི་དཀའ་ངལ་དེ་དག་རིམ་གྱིས་སེལ་ཐུབ་པ་བྱུང་འདུག་སྙམ།

ད་དུང་མུ་མཐུད་དེ་ལས་གཞི་དེ་དག་རྒྱ་ཆེ་རུ་དང་། ཕུན་སུམ་ཇེ་ལེགས་ཡོང་ཐབས་སུ་སྒོ་ཀུན་ནས་སྙིང་སྟོབས་ཞུམ་མེད་ཀྱིས་འབད་བརྩོན་གནང་དགོས་པའི་གནད་དོན་ཞིག་ཀྱང་རེད་ལ། རང་རེའི་སྤྱི་ཚོགས་ནང་དུ་མི་སྒེར་པ་དང་། ཚོགས་སྡེ་དེ་འདྲའི་བྱིས་སྒྲུང་དུ་མ་ཞིག་རང་རེའི་སྤྱི་ཚོགས་ཐོག་ཏུ་འགྲེམས་སྤེལ་གནང་བཞིན་འདུག་པ་དེ་དག་ནི་དགའ་འོས་པའི་གནས་སྟངས་ཤིག་ཀྱང་ལོས་ཡིན། ཁོང་རྣམ་ཚོ་ལའང་བཀའ་དྲིན་ཆེ་ཞུ་འདོད་བྱུང་། རྒྱུ་མཚན་ནི་སྤྱི་ཚོགས་གཅིག་ཡར་རྒྱས་དང་། མི་རིགས་ཤིག་གསོན་གནས་ཡོང་མིན་ནི་རང་རེའི་མ་འོངས་པའི་གསོན་རྩ་ན་གཞོན་རྣམས་ཡིན་དུས་དེ་དག་ལ་ཤེས་ཡོན་འཔེལ་རྒྱས་ཡོང་བར་མཐུན་འགྱུར་གནང་མཁན་རང་རེའི་སྤྱི་སྒེར་ཚང་མར་འགན་འཁྲི་ཡོད་པ་ཞིག་ཀྱང་རེད། སྤྱི་སྒེར་ཚང་མས་ཕྱ་བ་གྲུ་འདེབས་གནང་དགོས་པ་ཞིག་ལས་སྤྱི་པ་གཅིག་པུ་གང་དུ་གཡུག་རྒྱུ་མེད་པ་དེ་ཡང་ཤེས་དགོས་པའི་གནས་སྟངས་ཤིག་ཀྱང་ལོས་ཡིན་སྙམ།

ལྷག་པར་ང་ཚོ་བཙན་བྱོལ་སྒྲིག་འཛུགས་ལ་ཆ་མཚོན་ན་ཕྱིའི་རོགས་དངུལ་ལས་གཞན་ཡོང་ཁུངས་གང་ཡང་མེད་པ་སྒྲིག་འཛུགས་ཤིག་ཡིན་དུས་ལོ་གཅིག་གི་ནང་དུ་དེ་འདྲའི་བྱིས་སྒྲུང་དུ་མ་ཞིག་ཕབ་སྒྱུར་གྱིས་པར་སྐྲུན་གནང་སྟེ་རང་རེའི་སྤྱི་ཚོགས་ཀྱི་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་གནང་ཐུབ་པ་ནི་ཧ་ཅང་གི་རླབས་ཆེན་དང་། གཟི་བརྗིད་དང་དོན་སྙིང་ལྡན་པ་ཞིག་ཀྱང་རེད་ལ། དགའ་འོས་པའི་གཏམ་བཟང་གི་གནས་སྟངས་ཤིག་ཀྱང་ལོས་ཡིན། བསྐྱར་དུ་འབྲེལ་ཡོད་ལས་བྱེད་རྣམ་པར་བཀའ་དྲིན་ཆེ་ཞུ་དགོས་པའི་གནད་དོན་ཞིག་ཀྱང་ལོས་ཡིན། འབྲེལ་ཡོད་ཚོས་ལྷག་བསམ་དང་སེམས་ཤུགས་ལས་བྱུང་བའི་ལས་དོན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅིང་། ད་དུང་ཡིན་ན་མུ་མཐུད་དེ་འགོ་ལས་ཚང་མས་ནུས་ཤུགས་གཅིག་ཏུ་སྤུངས་ཏེ་གནའ་སྒྲུང་ཁག་བརྙན་དེབ་ལམ་ནས་ན་ཆུང་རྣམས་ལ་ངོ་སྤྲོད་གནང་ཐུབ་ཚེ་དགེ་མཚན་ཡོད་པ་ནི་འབྲེལ་བརྗོད་མ་དགོས་པའི་གནས་སྟངས་ཤིག་རེད་སྙམ། དེ་བཞིན་ཕ་ཕ་ཚོས་ཀྱང་སོ་སོའི་བུ་ཕྲུག་རྣམས་ལ་ངེས་པར་སྒྲུང་དེབ་འདི་དག་ཉོ་ནས་ལྟ་ཀློག་གནང་བཅུག་ཚེ་ཕན་ལས་གནད་པ་གང་ཡང་མེད་པ་དེ་རེད། བཀའ་དྲིན་ཆེ། བོད་ཀྱི་ཤེས་རིག་ལས་ཁུངས། དེ་ཡང་སྟོང་ལོ་ཉེར་གཅིག་གི་གནམ་ལོ་གསར་ཚེས་ལ་བོད་གཞིས་བྱེས་གཉིས་སུ་གནས་པའི་རང་རེའི་སྤུན་ཟླ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འབྲེལ། བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༸རྒྱལ་དབང་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཞིང་། མཛད་འཕྲིན་དབྱར་མཚོ་ལྟར་རྒྱས་པ་དང་། ཐུགས་ཀྱིས་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་འགྲུབ་ཡོང་བའི་སྨོན་འདུན་ཤུགས་དྲག་དང་བཅས། དེ་བཞིན་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་གྲངས་མེད་ཞུ།

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༤ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༥ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༥ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༦ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese