མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལྷ་ས་ནས་ཉིང་ཁྲི་བར་མེ་འཁོར་ལྕགས་ལམ་གྱི་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༢༡/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་གར་གྱི་བརྒྱུད་ལམ་ཁག་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ལོ་ ༢༠༡༤ ལོ་ནས་མགོ་འཛུགས་བྱས་ཤིང་ལམ་ཐག་ལ་སྤྱི་ལེ་ ༤༣༤ ལྷག་ཡོད་པའི་ལྷ་ས་དང་དེའི་ཤར་རྒྱུད་ཉིང་ཁྲི་བར་གྱི་མེ་འཁོར་ལྕགས་ལམ་འཛུགས་བསྐྲུན་ལེགས་འགྲུབ་བྱུང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་ནས་དངོས་སུ་མེ་འཁོར་ཤར་གཏོང་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུགརྒྱ་གར་ཧིན་རྡུ་སི་ཐན་གྱི་གནས་ཚུལ་ནང་། ལྷ་ས་ནས་ཉིང་ཁྲི་བར་གྱི་མེ་འཁོར་ལྕགས་ལམ་དེ་ནི་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་དང་ས་འབྲེལ་ཆགས་ཀྱི་ཡོད་སྟབས། ས་མཚམས་སྲིད་ཇུས་དང་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་སྐྱོབ་ཐོག་ནས་རྒྱ་གར་གཞུང་ལ་སེམས་ཁྲལ་བྱེད་ཡུལ་ཞིག་ཆགས་ཡོད་པ་དང་། ཟླ་སྔོན་མའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས། སི་ཁྲོན་ནས་ཆབ་མདོ་དང་ལྷ་ས། དེ་བཞིན་ལྷ་ས་ནས་ཉིང་ཁྲི་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་ཡིས། རྒྱལ་མཚམས་མཐའ་སྲུང་བརྟན་བརླིང་ཡོང་བར་འགོག་རྩའི་ནུས་པ་ཐོན་པའི་གཏམ་བཤད་སྤེལ་ཡོད་སྐོར་བརྗོད་འདུག

རྒྱ་ནག་ཕྱོགས་ཀྱི་གནས་ཚུལ་ལྟར་ན། ཁྲོན་བོད་ལྕགས་ལམ་དེ་སི་ཁྲོན་ཞིང་ཆེན་ཁྲི་ཏུ་གྲོང་ཁྱེར་ (Chengchu) ནས་ཐོན་ཏེ་གཡག་རྔ་དང་ཆབ་མདོ་བརྒྱུད་ལྷ་སར་འབྱོར་ཞིང་། མེ་འཁོར་ལྕགས་ལམ་དེས་ཆབ་མདོ་དང་ལྷ་ས་བར་གྱི་ལམ་ཐག་ཆུ་ཚོད་ ༤༨ ནས་ ༡༣ བར་ཇེ་ཐུང་དུ་བཏང་ཡོད་སྐོར་བརྗོད་འདུག

བོད་ཁུལ་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་ཚན་པས། ལྷ་ས་དང་ཉིང་ཁྲི་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞིའི་ཁྲོད། འགྲོ་གྲོན་རྒྱ་སྒོར་ཐེར་འབུམ་ ༣༡ ལྷག་དང་།  ཕུག་ལམ་ ༤༧ དང་ཟམ་པ་ ༡༢༠ ། དེ་བཞིན་དུས་ཡུན་ཆུ་ཚོད་གཅིག་རིང་ས་ཁྱོན་སྤྱི་ལེ་ ༡༦༠ བརྒལ་ཐུབ་ཀྱི་ཡོད་པ་དང་། ལྕགས་ལམ་བརྒྱ་ཆ་ ༩༠ ཡན་དེ་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་ ༣༠༠༠ ཡན་གྱི་ས་ཁུལ་ཡིན་པས། ས་མཐོའི་གྲང་ངར་ཆེ་ཞིང་སྐྱེ་ཁམས་ཞན་པའི་རང་བྱུང་ཁོར་ཡུག་དང་། འགྱུར་ལྡོག་ཆེ་བའི་བྱེ་རླུང་དང་འཁྱགས་རོམ། བྲག་རྡོ། དེ་བཞིན་ས་མཐོའི་དབྱིབས་འགྱུར་བྲག་རྡོ་མཉེན་པོ་སོགས་རྙོག་འཛིང་ཆེ་བའི་ས་གཤིས་ཁོར་ཡུག་ཏུ་ཡོད་པས་འཛུགས་སྐྲུན་གྱི་ལས་གཞིར་དཀའ་ངལ་ཧ་ཅང་ཆེན་པོ་བྱུང་ཡོད་སྐོར་སོགས་བརྗོད་འདུག

བསྟན་འཛིན་ཕུར་བུ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist