མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱུག་བདག་ཆེན་མོ་མ་ཡོན་གར་སོང་ཆ་མེད་དུ་གྱུར།

བོད་ཀྱི་དུས་བབ།
༢༠༢༡/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

འདས་ལོའི་ཕྱི་ཟླ་ ༡༠ ཙམ་ནས་བཟུང་འཛམ་གླིང་ནང་མིང་དུ་གྲགས་པའི་རྒྱ་ནག་གི་ཕྱུག་བདག་ཆེན་མོ་མ་ཡོན་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་རྒྱ་ནག་གཞུང་ཕྱོགས་ནས་མ་ཡོན་གྱི་སྐོར་ལ་གསལ་བཤད་གང་ཡང་བྱས་མེད་པ་རེད།ཉེ་ལམ་རྒྱ་ནག་གཞུང་གིས་རྒྱ་ནག་གི་ཕྱུག་བདག་མ་ཡོན་གྱིས་བཙུགས་པའི་རྒྱ་ནག་གི་དྲ་ལམ་ཚོང་གཉེར་ཁང་ཆེ་ཤོས་ཨ་ལི་བྷ་བྷ་ཡིས་གཙོ་གཉེར་བྱེད་བཞིན་པའི་ཨེན་ཊི་ཚོང་སྡེ་ (Ant Group)ཡི་མ་རྐང་ཚོང་འགྲེམ་བཀག་སྡོམ་བྱས་ཡོད་པ་དང་བསྟུན། བར་སྐབས་ནས་མ་ཡོན་ཡང་མང་ཚོགས་ཀྱི་འདུ་འཛོམས་རིགས་དང་སྤྱི་ཚོགས་དྲ་ལམ་སོགས་ནང་མཐོང་རྒྱུ་མེད་པར་གྱུར་འདུག

གསར་ལམ་ཁག་གི་གནས་ཚུལ་ལྟར་ན། མ་ཡོན་གྱིས་འདི་ལོའི་ཕྱི་ཟླ་ ༡༠ པའི་ཟླ་དཀྱིལ་ཙམ་ནས་ད་བར་རྒྱ་ནག་གི་སྤྱི་ཚོགས་ནང་གནས་ཚུལ་གང་ཡང་སྤེལ་མེད་པ་མ་ཟད། འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་ཁོང་གིས་གསར་འཛུགས་བྱས་པའི་ཨ་ཧྥེ་རི་ཁའི་ཚོང་དོན་དཔའ་བོ་ (Africa’s Business Heroes) ཞེས་པའི་ཁེ་ལས་འགྲན་རྩོད་ཀྱི་བརྙན་འཕྲིན་ལས་རིམ་གྱི་དཔྱད་འདེམས་པར་ཞུགས་གཏན་འཁེལ་ཡོད་ཀྱང་། མཐའ་མ་དེར་ལས་རིམ་དེའི་ནང་ཞུགས་མེད་འདུག

འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་ཧྲང་ཧེ་(Shanghai) རུ་བསྡུས་པའི་ཚོགས་འདུ་ཞིག་གི་ཐོག མ་ཡོན་གྱིས་རྒྱ་ནག་ངོས་ནས་ཚོང་དོན་སྒྲིག་སྲོལ་ལེགས་པོ་ཞིག་བསྐྲུན་དགོས་པ་ལས། དཔལ་འབྱོར་གྱི་ཉེན་ཚབས་ཡོད་པའི་སྒྲིག་སྲོལ་ཞིག་གཏོད་རྒྱུ་མེད་སྐོར་དང་། ཉེན་ཁ་མེད་པའི་གསར་གཏོད་བྱེད་ཚུལ་དེས་དོན་དངོས་ཐོག་གསར་གཏོད་རྩ་མེད་གཏོང་གི་ཡོད་སྐོར་སོགས་མངོན་གསལ་དོད་པོའི་ཐོག་ནས་རྒྱ་ནག་གི་ཚོང་འབྲེལ་བཀོད་འདོམས་ཚན་པར་སྐྱོན་བརྗོད་བྱས་ཡོད་པ་དང་། གཏམ་བཤད་བྱས་ནས་ཉིན་ཤས་ཀྱང་མ་འགོར་བར། ཕྱི་ཟླ་ ༡༡ ཚེས་ ༣ ཉིན་རྒྱ་ནག་ཧྲང་ཧེ་མ་རྐང་བརྗེ་སྒྱུར་ལྷན་ཚོགས་ (The Shanghai Stock Exchange) ཀྱིས་ཨ་ལི་བྷ་བྷའི་ཁྱབ་ཁོངས་ཨེན་ཊི་ཚོང་སྡེ་ཡིས་འགྲན་ཡ་རྣམས་ཁྲོམ་ར་ནས་ཕུད་ཐབས་དང་འཛད་སྤྱོད་པའི་ཐོབ་ཐང་ལ་དོ་ཕོག་གཏོང་གི་ཡོད་སྐོར་བརྗོད་དེ། སྤྱི་གཉེར་ཁང་གི་ཧྲང་ཧེ་དང་ཧོང་ཀོང་ཁུལ་དུ་མ་རྐང་ཚོང་བསྒྱུར་བྱ་རྒྱུའི་ལས་གཞི་དེ་བཀག་ཡོད་པ་མ་ཟད། མ་ཡོན་དང་ཨེན་ཊི་ཚོང་སྡེ་འགན་འཛིན་རྣམས་འབོད་འགུག་བྱས་ཡོད་འདུག གཞན་ཡང་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཝང་ཝེན་པིན་ཟེར་བ་དེས་ཀྱང་དེ་ནི་ཁྲོམ་རའི་བརྟན་བརླིང་སྲུང་སྐྱོབ་དང་མ་འཛུགས་མཁན་གྱི་ཐོབ་ཐང་དང་ཁེ་དབང་སྲུང་སྐྱོབ་བྱ་ཆེད་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།

འོན་ཀྱང་དབྱེ་ཞིབ་པ་རྣམས་ཀྱིས་ད་ལན་རྒྱ་ནག་གཞུང་གི་ཐག་གཅོད་དེ་ནི་མ་ཡོན་དང་འབྲེལ་བ་ཡོད་པ་དང་། ལྷག་པར་དུ་མ་ཡོན་གྱི་མངོན་གསལ་དོད་པོའི་ཐོག་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་པ་དེར་བརྡ་ལན་སྤྲད་པ་ཞིག་ཡིན་པ་དང་། ཡང་ཕྱོགས་གཞན་ནས་རྒྱ་ནག་གཞུང་གིས་ཆབ་སྲིད་ཙམ་དུ་མ་ཟད་ཚོང་དོན་སོགས་སྤྱི་ཚོགས་ཀྱི་སྡེ་ཁག་ཚང་མའི་ནང་ཆེས་མཐོའི་དབང་ཆ་སྲུང་སྐྱོབ་དང་སྟངས་འཛིན་བཀོད་འདོམས་བྱ་ཆེད་ཡིན་སྐོར་རྗོད་ཀྱིན་འདུག དེ་ཡང་འདས་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་ནག་གཞུང་གིས་ཡོངས་ཁྱབ་ལམ་སྟོན་ཞིག་སྤེལ་བའི་ནང་། མང་ཚོགས་ཁྲོད་ཤུགས་རྐྱེན་ཆེ་བའི་གཞུང་འབྲེལ་མིན་པའི་ཚོགས་སྡེའམ་མི་སྒེར་རྣམས་ཀྱིས་ངེས་པར་དུ་དམར་ཤོག་ཚོགས་པའི་བཀའ་ལ་ཉན་དགོས་སྐོར་བཀོད་ཡོད་པ་རེད།ཕྱི་ལོ་ ༢༠༡༩ ལོར་མ་ཡོན་གྱིས་ཨ་ལི་བྷ་བྷ་སྤྱི་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ལས་གནས་ནས་རྒས་ཡོལ་ཞུས་ཡོད་ནའང་། ད་ལྟའི་ཆར་མ་ཡོན་ལ་སྤྱི་གཉེར་ཁང་དེའི་མ་རྐང་གི་བརྒྱ་ཆ་ ༥ ཡོད་པས། ཨ་ལི་བྷ་བྷ་ཡི་མི་སྒེར་མ་འཛུགས་མཁན་ཆེ་ཤོས་དེ་ཡིན་པ་རེད། གལ་ཏེ་ད་ཐེངས་ཨེན་ཊི་ཚོང་སྡེ་ཡིས་ཧོང་ཀོང་དང་ཧྲང་ཧེ་ཁུལ་དུ་མ་རྐང་ཚོང་འགྲེམ་བྱ་ཐུབ་ཚེ། ཚོང་གཉེར་ཁང་དེར་ཨ་སྒོར་ཐེར་འབུམ་ ༣༧ འཐོབ་སྲིད་པ་དང་། དེ་ནི་འཛམ་གླིང་ལོ་རྒྱུས་ཁྲོད་ཀྱི་མ་རྐང་ཚོང་འགྲེམ་འབོར་ཆེ་ཤོས་དེ་ཆགས་ཀྱི་ཡོད་འདུག

རྗེ་ཁི་མཱའམ་མ་ཡོན་ནི་ཕྱི་ལོ་ ༡༩༦༤ ལོར་རྒྱ་ནག་ལྷོ་བརྒྱུད་ཧང་ཀྲུའུ་གྲོང་ཁྱེར་ཀྲེ་ཅིང་དུ་སྐྱེས་ཤིང་། ལོ་ ༤ བསྟུད་མར་སློབ་ཆེན་གྱི་ཚུད་རྒྱུགས་ནང་ཞུགས་མཐར་ཧང་ཀྲུའུ་དགེ་འོས་སློབ་ཆེན་ (Hangzhou Teacher’s Institute) དུ་རྒྱུགས་འཕྲོད་དེ། ཕྱི་ལོ་ ༡༩༨༨ ལོར་སློབ་ཆེན་དེ་ནས་དབྱིན་ཡིག་རབ་འབྱམས་པའི་སློབ་མཐར་ཕྱིན་པ་དང་། ཧང་ཀྲུའུ་གཙུག་སློབ་གྲྭ་ཆེན་མོ་ནས་ཚོང་ལས་རིག་པའི་ཐོག་སློབ་མཐར་ཕྱིན། སློབ་མཐར་ཕྱིན་རྗེས་ལས་ཁུངས་དང་བཟོ་གྲྭ་ ༣༠ ལྷག་ནང་ལས་ཞུགས་སྙན་ཞུ་ཕུལ་ཡང་གཅིག་གིས་ཀྱང་བླངས་མེད་པ་དང་། ཁག་ཅིག་གིས་མ་ཡོན་གྱི་སྐམ་ཞིང་རིད་པའི་གཟུགས་བྱད་ཉམ་ཆུང་དེའང་ལས་མིར་འོས་འཚམ་མིན་པའི་རྒྱུ་མཚན་དུ་བགྲངས་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༡༩༩༤ ལོ་ནས་བཟུང་ཁོས་ཨ་རིའི་ཧཱ་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོར་ཐེངས་ ༡༠ ལ་སློབ་ཞུགས་སྙན་ཞུ་ཕུལ་ཡང་མ་ཚུད་པར་ལུས། མཐར་ཕྱི་ལོ་ ༡༩༩༤ ལོར་ཨ་རིར་བསྐྱོད་ནས་དེར་ China Yellow Pages ཟེར་བའི་དྲ་ཐོག་ཚོང་གཉེར་ཁང་ཞིག་མགོ་བརྩམས་ཏེ་ལེགས་གྲུབ་ཆེན་པོ་བྱུང་བ་དང་། དེ་ནས་ཕྱི་ལོ་ ༡༩༩༨ ལོར་ཕྱིར་རྒྱ་ནག་ཏུ་ལོག་སྟེ་ད་ལྟ་འཛམ་གླིང་ནང་སྐད་གྲགས་ཡོད་པའི་ཨ་ལི་བྷ་བྷ་ཚོང་གཉེར་ཁང་དེ་བཙུགས། རིམ་པས་མ་ཡོན་རྒྱ་ནག་ཙམ་དུ་མ་ཟད་ཨེ་ཤི་ཡ་དང་། འཛམ་གླིང་གི་ཕྱུག་བདག་ཆེ་ཤོས་གྲས་སུ་ཚུད་ཡོད་ཅིང་། ཨ་རིའི་ཚོང་འབྲེལ་དུས་དེབ་ཧྥོར་བྷི་སི་ (Forbes Magazine) ལྟར་ན། ད་ལྟ་རང་ལོ་ ༥༦ ལ་སོན་པའི་མ་ཡོན་ལ་ཨ་སྒོར་ཐེར་འབུམ་ ༥༧།༩ ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

ཆུ་ཚོད་ ༢ སྔོན་ལ།
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༤ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༥ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese