མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མི་ ༡༨ ལ་གཅར་རྡུང་བྱས་ཏེ་བཀག་ཉར་འོག་བཞག་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་བོད་མཚོ་སྣ་རྫོང་ཤིང་ཡོན་གྲོང་བརྡལ་དང་པོའི་ནང་གི་བོད་མི་ཁག་ཅིག་ལ་རྒྱ་ནག་གཞུང་གིས་ཉེས་ཆད་བཅད་པ་དང་མི་མང་པོ་ཞིག་ལ་གཅར་རྡུང་བཏང་སྟེ་བཀག་ཉར་འོག་བཞག་ཡོད་པ་མ་ཟད་མི་གསུམ་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་འདུགའདི་གའི་གསར་འགོད་པར་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། སྐད་འཕྲིན་བརྒྱུད་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་བཤིག་བཏང་བའི་ཉེས་མིང་འོག  འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢ ཉིན་བོད་རང་སྐྱོང་ལྗོངས་མཚོ་སྣ་རྫོང་ཤིང་ཡོན་གྲོང་བརྡལ་དང་པོའི་བོད་མི་ ༡༡ དང་། ཡུལ་གཞན་ནས་ཡོང་མཁན་མི་ ༧ བཅས་ཁྱོན་མི་ ༡༨ མཚོ་སྣ་རྫོང་ཉེན་རྟོག་ལས་ཁུངས་སུ་འབོད་འགུག་གིས་གཅར་རྡུང་བྱས་ཏེ་བཀག་ཉར་འོག་བཞག་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས། ཕྱི་ཟླ་ ༡ ཚེས་ ༡ ཉིན་ས་གནས་དེར་མི་མང་ཚོགས་ཆེན་ཞིག་ཚོགས་ཡོད་པ་དང་། སྐབས་དེར་ཚོགས་འདུ་གོ་སྒྲིག་པས་ཚོགས་ཞུགས་པར་འགན་ཁུར་བའི་ཐོག་ནས་ཁ་པར་འཁྱེར་ཡོང་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་ཀྱང་། མི་མང་ཁག་ཅིག་གིས་སོ་སོའི་ལས་དོན་ཆེད་ཁ་པར་འཁྱེར་ཡོད་པར་བརྟེན། ཚོགས་འདུ་གྲོལ་རྗེས་ས་གནས་ཉེན་རྟོག་ལས་ཁུངས་སུ་སྐད་བཏང་ནས་ཉེས་ཆད་རྒྱ་སྒོར་ ༥༠༠ རེ་བཅད་ཡོད་པ་དང་། ཡང་ཕྱི་ཚེས་  ༢ ཉིན་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པའི་ཉེས་མིང་འོག ས་གནས་དེའི་མི་གྲངས་ ༡༨ བཀག་ཉར་ཁང་དུ་འབོད་འགུག་གིས་གཅར་རྡུང་བྱས་པ་དང་། དེའི་ཁྲོད་ཀྱི་མི་གསུམ་ལ་རྨས་སྐྱོན་བཟོས་ནས་མཚོ་སྣ་རྫོང་བདེ་སྐྱིད་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་སྐོར་བརྗོད་བྱུང་།

ས་གནས་ཉེན་རྟོག་ཁང་དུ་སྐད་བཏང་སྟེ་ཐོག་མར་ཁྱིམ་ཐོ་ས་གནས་ག་བ་ནས་ཡིན་མིན་སོགས་ཁོང་ཚོར་སྐད་ཆ་དྲིས་ཡོད་པ་དང་། ཁོ་ཚོ་ཕལ་ཆེ་བ་ས་གནས་ཆབ་མདོ་དང་སེར་ཤུལ་སོགས་ནས་ཡིན་པ་དང་། ས་གནས་དེར་ཇ་ཁང་དང་ཟ་ཁང་སོགས་ཚོང་ཙག་ཙིག་རེ་གཉེར་ནས་སྡོད་མཁན་ཡིན་འདུག་ལ། བཀག་ཉར་འོག་ཏུ་ཡོད་པ་རྣམས་ནི་ཁང་གཟའ་དང་། འོད་ཟེར། ཀུན་བཟང་བདེ་ཆེན།  སྨན་ལྷ་སྒྲོལ་མ། ཚེ་རིང་སྒྲོལ་མ། དཔལ་ལྡན་གྲགས་པ། འཆི་མེད་དབང་མོ། གནས་ལྷ། བསོ་བྷོ། གྲུབ་བསྟན་རྡོ་རྗེ། གུ་རུ་སྐྱབས། རིན་ཆེན་ཚེ་རིང་། སི་ཏུ་སྐྱིད། ཕུན་ཚོགས་ཆོས་སྒྲོན། ཚེ་རིང་བདེ་སྐྱིད། སུངྷུ་པེ་ཡེས། མཚོ་ཤེས། ཐུབ་བསྟན་ཆོས་འཕེལ་བཅས་ཡིན་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས།  སྤྱིར་སྔོན་དང་མ་འདྲ་བར་ཕྱི་ལོ་ ༢༠༢༠ ལོའི་སྨད་ནས་བཟུང་དམིགས་བསལ་བོད་ས་ཡོངས་ནས་སྐད་འཕྲིན་དང་དྲ་རྒྱའི་བྱེད་སྒོ་སོགས་ལ་སྟངས་འཛིན་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། སོ་སོའི་བུ་ཕྲུག་སོགས་རྒྱ་ནག་ནང་སློབ་གྲྭར་སོང་ཡོད་ན། དེ་དག་གི་སྐད་འཕྲིན་ཁ་བྱང་དང་དྲ་རྒྱ་ག་རེ་བེད་སྤྱོད་བྱེད་ཀྱི་ཡོད་མེད་སོགས་ས་གནས་བདེ་སྲུང་ལས་ཁུངས་སུ་རྩིས་སྤྲོད་བྱེད་དགོས་པ་དང་། ཁ་པར་ཨང་གྲངས་གསར་བཟོ་བྱས་ཡོད་ཚེ་དེ་ཡང་ཐོ་འགོད་བྱེད་དགོས་ཀྱི་འདུག ཅེས་བརྗོད་བྱུང་།

འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༤ ཉིན་བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་སྒྲིག་ཁྲིམས་དོ་དམ་ལས་ཁུངས་ཟེར་བས། དོན་ཚན་བཅུ་ཅན་གྱི་དྲ་ཐོག་བྱེད་སྒོའི་རིགས་བཀག་སྡོམ་གྱི་བརྡ་ཁྱབ་ཅིག་བཏང་སྟེ། བོད་ནང་གི་བོད་མི་ཚོས། དྲ་ཐོག་ནས་རྒྱ་ནག་གཞུང་དང་འགལ་ཟླའི་རིགས་ཀྱི་བྱ་འགུལ་ལ་རྒྱབ་སྐྱོར་དང་བརྒྱུད་སྐུལ་བྱས་མི་ཆོག་པ་དང་། དེ་བཞིན། རྒྱ་ནག་ནང་བཀག་སྡོམ་བྱས་པའི་ཁ་བྲལ་ལ་ངན་སྐུལ་བྱེད་པའི་དྲ་རྒྱའི་རིགས་འཚོལ་བཤེར་ལ་མཁོ་བའི་ཝི་པི་ཨེན་(VPN)བཀོལ་རྒྱུར་རམ་འདེགས་བྱས་མི་ཆོག་པ་སོགས་དྲ་ཐོག་ནས་བོད་མི་རྣམས་ལ་ལྟ་སྲུང་ནན་མོ་བྱེད་མགོ་བརྩམས་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

ཆུ་ཚོད་ ༧ སྔོན་ལ།
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

ཆུ་ཚོད་ ༨ སྔོན་ལ།
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist