མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེ་ལེཊ་སྨན་ཁང་གིས་ཏོག་དབྱིབས་སྨན་ཁབ་ས་ཚིཊ་ཤིག་ལ་ཚོད་ལྟ་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ནས་རྒྱ་གར་རྒྱ་ཡོངས་སུ་ཏོག་དབྱིབས་སྔོན་འགོག་སྨན་ཁབ་རྒྱག་མགོ་འཛུགས་རྒྱུ་ཡིན་པས་བཞུགས་སྒར་དྷ་ས་ཁུལ་ནས་བདེ་ལེགས་སྨན་ཁང་དུ་སྨན་ཁབ་ས་ཚིགས་ཤིག་ཚོད་ལྟའི་ཚུལ་དུ་བཙུགས་འདུགསྔོན་འགོག་སྨན་ཁབ་དང་འབྲེལ་ནས་སྲིད་བློན་མུ་དྷི་མཆོག་སྒེར་གྱི་ཊུ་ཝེ་ཊུར་སྤྱི་ཚོགས་དྲ་ལམ་སྟེང་། ཕྱི་ཚེས་ ༡༦ ཉིན་རྒྱ་གར་གྱིས་ཏོག་དབྱིབས་གཉན་རིམས་གདོང་ལེན་གྱི་གོམ་སྟབས་ཆེན་པོ་ཞིག་སྤོ་རྒྱུ་ཡིན་པ་དང་།  ཉིན་དེ་ནས་བཟུང་རྒྱལ་ཡོངས་ཀྱི་སྨན་ཁབ་ལས་གཞི་མགོ་འཛུགས་ཏེ། རྒྱལ་ཡོངས་ཀྱི་དཔའ་ངར་ལྡན་པའི་སྨན་པ་དང་སྨན་ཞབས་པ། ནད་ཡམས་ལ་གདོང་ལེན་བྱེད་པའི་ལས་དོན་གྱི་གདོང་ལ་འབུད་མཁན་རྣམས་གཙོར་འཛིན་བྱ་རྒྱུ་ཡིན། ཞེས་བཀོད་འདུག

ད་ལྟ་རྒྱ་གར་རྒྱལ་ཡོངས་ཀྱི་རྫོང་ ༧༠༠ ཙམ་གྱི་ནང་སྨན་ཁབ་ས་ཚིགས་བཙུགས་ཡོད་འདུག་ལ། འཕྲོད་ལས་པ་གྲངས་ཁྲི་ ༡༥ ཙམ་ལ་སྔོན་འགོག་སྨན་ཁབ་ལག་ལེན་བསྟར་ཕྱོགས་ཀྱི་སྦྱོང་བརྡར་སྤྲད་ཡོད་འདུག དེ་བཞིན་སྨན་ཁབ་དེ་ཐོག་མར་སྨན་པ་དང་འཕྲོད་ལས་པ་རྣམས་ལ་བརྒྱབ་རྗེས། ལོ་ན་ ༥༠ ཡན་དང་ཏོག་དབྱིབས་གཉན་རིམས་ཕོགས་ཏེ་ཛ་དྲག་གི་གནས་སྟངས་འོག་ཡོད་མཁན་རྣམས་ལ་རྒྱག་འཆར་ཡོད་འདུག

དབུས་གཞུང་གི་བཀའ་རྒྱ་ཕེབས་པ་བཞིན་རྫོང་རེ་རེའི་ནང་གཞུང་འབྲེལ་སྨན་ཁང་གཉིས་དང་གཞུང་འབྲེལ་མིན་པའི་སྨན་ཁང་གཅིག་བཅས་ལ་སྨན་ཁབ་ལག་བསྟར་གྱི་སྦྱོང་བརྡར་རམ་ཚོད་ལྟའི་ས་ཚིགས་དགོས་པ་བཀའ་ཁྱབ་བཏང་བ་བཞིན། ཕྱི་ཚེས་ ༦ ཉིན་བཞུགས་སྒར་དྷ་ས་ཁུལ་གྱི་ས་གནས་ཀང་རཱ་རྫོང་གཞུང་གིས་གཞུང་འབྲེལ་མིན་པའི་སྨན་ཁང་དེ་བདེ་ལེགས་སྨན་ཁང་བདམས་ཏེ། བདེ་ལེགས་སྨན་ཁང་དུ་སྔོན་འགོག་སྨན་ཁབ་ས་ཚིགས་བཟོས་ཚེ་དཀའ་ཁག་ཅི་ཡོང་ལ་ཚོད་ལྟ་བྱེད་བཞིན་ཡོད་འདུག་ལ། ཕྱི་ཚེས་ ༨ ཉིན་བདེ་ལེགས་སྨན་ཁང་གི་ཚོད་ལྟའི་ས་ཚིགས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཀྱང་ཕེབས་ཏེ་གཟིགས་ཞིབ་གནང་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་སུ་སྔོན་འགོག་སྨན་ཁབ་དང་དེའི་ས་ཚིགས་ཀྱི་སྐོར་དྲིས་པར་ཁོང་གིས། ས་གནས་རྫོང་གཞུང་གིས་བདེ་ལེགས་སྨན་ཁང་སྨན་ཁབ་ས་ཚིགས་སུ་ད་དུང་གཏན་འཁེལ་བྱས་མེད་ནའང་། དྷ་སའི་ཉེ་འཁོར་དུ་བདེ་ལེགས་སྨན་ཁང་སྨན་ཁབ་ས་ཚིགས་སུ་བཟོ་རྒྱུ་ཡིན་པ་ཕལ་ཆེར་གཏན་འཁེལ་བ་ལྟ་བུ་ཞིག་ཡིན་སྐོར་དང་། དབུས་གཞུང་གིས་ཆོག་མཆན་ཡོད་པའི་སྔོན་འགོག་སྨན་ཁབ་གཉིས་ཡོད་པ་ནས་གང་རྒྱག་འཆར་ཡོད་པ་དང་དུས་ནམ་ཞིག་ནས་རྒྱག་མགོ་བརྩམ་རྒྱུ་ཡིན་སྐོར་སོགས་ཀྱི་ཐད་ས་གནས་གཞུང་གིས་བཀའ་ཁྱབ་ཁ་གསལ་གང་ཡང་གནང་མེད་པ་དང་། གལ་སྲིད་བདེ་ལེགས་སྨན་ཁང་སྔོན་འགོག་སྨན་ཁབ་ས་ཚིགས་སུ་གཏན་འཁེལ་བྱུང་ཚེ། དེའི་ནང་ཉེ་འཁོར་གྱི་ས་གནས་ཡུལ་མི་དང་བོད་མི་རྣམས་ལ་སྨན་ཁབ་རྒྱག་དགོས་ངེས་ཤིག་ཡིན་སྐོར་འབྲེལ་བརྗོད་གནང་བྱུང་།

འདི་ལོའི་ཕྱི་ཚེས་ ༣ ཉིན་རྒྱ་གར་གཞུང་གིས་དབྱིན་ཡུལ་དང་སི་ཝེ་ཊན་གཉིས་ཀྱིས་བཟོས་པའི་ཀོ་ཝིཌ་ཤིལ་ཌི་ (Covidshield) སྨན་ཁབ་དང་། རྒྱ་གར་གྱིས་བཟོས་པའི་ཀོ་ཝེག་སིན་ (COVAXIN) ཏོག་དབྱིབས་སྨན་ཁབ་གཉིས་ལ་ཛ་དྲག་ངང་སྤྱོད་ཆོག་པའི་ཆོག་མཆན་སྤྲད་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་སྨན་རྫས་སྟངས་འཛིན་ལྷན་ཚོགས་ཀྱིས་ཏོག་དབྱིབས་སྨན་ཁབ་དེ་གཉིས་ཀ་བེད་སྤྱོད་བཏང་ན་བདེ་ཐང་ཡིན་པའི་ཡིག་ཆ་ཁག་ལྷན་ཚོགས་སུ་འབྱོར་ཡོད་སྐོར་བརྗོད་ཡོད་ནའང་། རྒྱ་གར་གྱི་སྨན་པ་དང་སྲིད་འཛིན་ཁ་གཏད་ཚོགས་པའི་ཆབ་སྲིད་པ་ཁག་ཅིག་གིས་སྨན་ཁབ་དེ་གཉིས་ཀྱི་བརྟག་དཔྱད་ཀྱི་བརྒྱུད་རིམ་དང་གྲུབ་དོན་སོགས་ཁ་གསལ་མེད་པའི་སྐྱོན་བརྗོད་བྱེད་ཀྱིན་ཡོད་པ་རེད་ལ། སྲིད་བློན་མུ་དྷུ་མཆོག་ནས་འདི་ལོའི་ཕྱི་ཟླ་ ༧ བར་དུ་མི་གྲངས་ས་ཡ་ ༣༠༠ ཙམ་ལ་སྨན་ཁབ་རྒྱག་འཆར་ཡོད་སྐོར་གསུངས་ཡོད་པ་རེད།

རྒྱ་གར་ནི་ཨ་རི་ཕུད་པའི་ཏོག་དབྱིབས་གཉན་རིམས་ཀྱི་ནད་པའི་གྲངས་མང་ཤོས་དེ་ཆགས་ཡོད་པ་དང་། ཉེ་ལམ་ནས་ནད་པའི་གྲངས་ཉུང་དུ་འགྲོ་བཞིན་ཡོད་ནའང་། འདས་པའི་ཆུ་ཚོད་ཉེར་བཞིའི་རིང་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་པ་གྲངས་ ༡༦༣༡༡ ཐོན་ཡོད་པ་རེད། ད་སྔ་བར་རྒྱ་གར་ནང་ཁྱོན་ནད་པ་གྲངས་ས་ཡ་ ༡༠།༤ ལྷག་བྱུང་ཡོད་པའི་ཁྲོད་ནད་པ་ཁྲི་ ༡༥ ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་རེད། ད་ལྟའི་ཆར་ནད་མནར་བཞིན་པ་གྲངས་ ༢,༢༢,༥༢༦ ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

ཆུ་ཚོད་ ༢ སྔོན་ལ།
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༤ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༥ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese