མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཧིན་ས་མཚམས་སུ་གྲོང་གསེབ་གསར་པ་ཞིག་འཛུགས་སྐྲུན་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ཧིན་ས་མཚམས་སུ་ཁང་པ་ ༡༠༡ ལྷག་ཡོད་པའི་གྲོང་གསེབ་གསར་པ་ཞིག་འཛུགས་སྐྲུན་བྱས་ཡོད་པའི་གནས་ཚུལ་ཁ་གསལ་ཆགས་ཡོད་པས་རྒྱ་གར་གཞུང་ཕྱོགས་ནས་ཀྱང་དེ་བསྟུན་གྱི་འཛུགས་སྐྲུན་དང་སྲུང་སྐྱོབ་ཀྱི་ལས་དོན་སྒྲུབ་བཞིན་ཡོད་པར་བཤད།

དེ་རིང་རྒྱ་གར་གྱི་གསར་ལམ་ཆེ་ཁག་ནང་གནས་ཚུལ་ཐོན་པ་ལྟར་ན། འདས་ལོར་རྒྱ་དཀར་ནག་བར་གྱི་ས་མཚམས་རྩོད་རྙོག་དང་འབྲེལ་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཆེས་ཛ་དྲག་ཏུ་གྱུར་མིན་ལ་མ་ལྟོས་པར། རྒྱ་ནག་གཞུང་གིས་བོད་དང་ས་འབྲེལ་དུ་འཁེལ་བའི་རྒྱ་གར་གྱི་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་བྱང་ཕྱོགས་སུ་ཁང་པ་ ༡༠༡ ལྷག་ཡོད་པའི་གྲོང་གསེབ་གསར་པ་ཞིག་འཛུགས་སྐྲུན་བྱས་པའི་གནས་ཚུལ་ཐོན་པ་བསྟུན། རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་ངོས་ནས་རྒྱལ་ཁབ་ཀྱི་བདེ་སྲུང་དང་འབྲེལ་བའི་གནད་དོན་ཡོངས་རྫོགས་ལ་ལྟ་ཞིབ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་གར་གྱི་ས་ཁོངས་བདག་དབང་དང་གཅིག་གྱུར་གྱི་ཐད་ལ་ཐབས་ཇུས་ཇི་མཁོ་སྤེལ་རྒྱུ་ཡིན་སྐོར་གྱི་བརྡ་ལན་སྤྲད་ཡོད་འདུག

དེ་ཡང་རྒྱ་གར་གྱི་ཨེན་ཌི་བརྙན་འཕྲིན་ཁང་གིས་སྲུང་སྐར་གྱི་པར་རིས་བརྒྱུད་གསལ་པོ་ཤེས་རྟོགས་བྱུང་བ་ལྟར་ན། ད་ལན་རྒྱ་ནག་གི་འཛུགས་སྐྲུན་བྱས་པའི་གྲོང་གསེབ་དེ་ཡུལ་གཉིས་ཀྱི་ས་མཚམས་བཅད་ཐིག་Line of Actual control བརྒལ་ཏེ་ཨ་རུ་ན་ཅལ་མངའ་སྡེའི་བྱང་ཕྱོགས་ཀྱི་སུ་བྷན་སི་རི་སྟོད་མའི་ (Upper Subansiri) རྫོང་ཁོངས་སུ་བཞུར་བའི་རྩ་རི་ཆུ་མོའི་ (River Tsari Chu) འགྲམ་བརྒྱུད་དུ་ཡོད་ཅིང་། རྒྱ་གར་གྱི་གཞུང་འབྲེལ་ས་ཁྲ་ལྟར་ན། གྲོང་གསེབ་དེ་བོད་ཧིན་ས་མཚམས་ལས་སྤྱི་ལེ་ ༤།༥ བརྒལ་ཏེ་རྒྱ་གར་གྱི་མངའ་ཁོངས་སུ་བརྒྱབ་ཡོད་འདུག གཞན་ཡང་། ཕྱི་ལོ་ ༢༠༡༩ ཟླ་ ༨ པའི་ནང་སྲུང་སྐར་བརྒྱུད་བླངས་པའི་ཁུལ་དེའི་པར་རིས་ནང་། ད་ཐེངས་གྲོང་གསེབ་གྱི་འཛུགས་སྐྲུན་རིགས་གསལ་གྱི་མེད་སྟབས། རྒྱ་ནག་གཞུང་གིས་གྲོང་གསེབ་དེ་འདས་ལོར་གསར་སྐྲུན་བྱས་པ་ཞིག་ཡིན་པ་ཤེེས་རྟོགས་བྱུང་ཡོད་འདུགརྒྱ་གར་གྱིས་ཕྱི་འབྲེལ་གྱི་བརྒྱུད་ལམ་ཐོག་ནས་རྒྱ་ནག་གཞུང་ལ་ད་ཐེངས་ཀྱི་འཛུགས་སྐྲུན་དེའི་ཐད་གླེང་སློང་བྱས་ཡོད་མེད་ཁ་གསལ་མི་འདུག་ཀྱང་། ཕྱི་སྲིད་ལྷན་ཁང་གིས་ཨེན་ཌི་བརྙན་འཕྲིན་གསར་ཁང་ལ། ཉེ་ལམ་ང་ཚོར་རྒྱ་ནག་གཞུང་གིས་ས་མཚམས་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བཞིན་པའི་གནས་ཚུལ་འབྱོར་བྱུང་། རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་རིང་ནས་ས་མཚམས་ཁུལ་དུ་གཞུང་ལམ་སོགས་ཀྱི་འཛུགས་སྐྲུན་ལས་གཞི་སྤེལ་མུས་རེད། ཅེས་དང་། རྒྱ་གར་གཞུང་ངོས་ནས་ཀྱང་ས་མཚམས་ཁུལ་དུ་གཞུང་ལམ་དང་། ཟམ་པ་སོགས་བརྒྱབ་སྟེ་ས་གནས་ཀྱི་མི་མང་ཚོར་འགྲིམ་འགྲུལ་བདེ་པོ་བཟོས་ཡོད་ལ། རྒྱ་གར་ངོས་ནས་རང་གི་ས་ཁོངས་བདག་དབང་སྲུང་སྐྱོབ་ཆེད་ཐབས་ཇུས་གང་འདྲ་ཡིན་ནའང་སྤེལ་ངེས་ཡིན་སྐོར་བཤད་འདུག

ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་རྒྱ་ནག་གཞུང་གིས་ཁུལ་དེ་བཙན་བཟུང་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༠ ལོར་རྒྱ་ནག་གིས་དམག་སྒར་ཞིག་གསར་འཛུགས་བྱས་ཡོད་པ་དེའང་འདས་པའི་ལོ་ཤས་རིང་རྒྱ་སྐྱེད་ཡར་རྒྱས་ཆེན་པོ་བཏང་ཡོད་སྐོར་རྒྱ་གར་གཞུང་ཕྱོགས་ནས་ཤེས་རྟོགས་བྱུང་སྐོར་བརྗོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༥ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༩ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༩ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese