མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམག་སྒར་ཨང་ ༢༢ པའི་བོད་དམག་ཞིག་ལ་རྒྱ་གར་གྱི་ཆེ་བསྟོད་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༢༡/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་དམག་སྒར་ཨང་ ༢༢ པའི་དམག་མི་ནོར་བུ་ཚེ་རིང་ལགས་ནས་སྙིང་སྟོབས་ཞུམ་པ་མེད་པར་གངས་གཟིག་འཐབ་རྒོལ་ཞེས་པའི་ལ་དྭགས་ཁུལ་གྱི་ས་མཚམས་རྩོད་རྙོག་ཁྲོད་ཞུགས་པར་ཆེ་བསྟོད་གཟེངས་རྟགས་ཐོབ་ཡོད་འདུག

ཁ་སང་རྒྱ་གར་གྱི་དམངས་གཙོའི་ཉིན་མོ་དང་བསྟུན། རྒྱ་གར་གཞུང་གིས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ཉིད་ཀྱི་སྲོག་ཀྱང་དོར་དང་འདོར་བཞིན་པའི་བྱས་རྗེས་ཅན་གྱི་མི་སྣ་ ༥༤ ཁྲོད། བོད་མིའི་དྭང་ཞབས་དམག་སྒར་ཨང་ ༢༢ (Special frontier force) པའི་དབུས་དམག་སྤྱི་ (MAJ PRASHANT PASBOLA)དང་། གངས་གཟིག་འཐབ་རྒོལ་བ་ཚེ་རིང་ནོར་བུ་ལགས་གཉིས་དང་། དབུས་དྭངས་ཞབས་དམིགས་བསལ་ཆེད་ལས་དམག་མི་ (NEERAJ KUMAR SINGH) ལགས་སུ་ (SENA MEDA) ཆེ་བསྟོད་གཟེངས་རྟགས་ཐོབ་པའི་མཚན་གཞུང་གསལ་བསྒྲགས་གནང་འདུག

རྒྱ་གར་གཞུང་ཕྱོགས་ཀྱི་གསལ་བསྒྲགས་ལྟར་ན། བོད་པའི་དྭང་ཞབས་དམག་མི་ཚེ་རིང་ནོར་བུ་ལགས་ལ་དྭགས་ཀྱི་བོད་ཧིན་ས་མཚམས་སུ་རྒྱ་གར་གྱི་གངས་གཟིག་འཐབ་རྒོལ་ཞེས་པའི་ཁྲོད་ཞུགས་པར། ཁོང་གི་དཔའ་མཛངས་རྟུལ་ཕོད་ཀྱི་སྙིང་སྟོབས་ལ་ངོས་འཛིན་ཞུ་ཆེད། རྒྱ་གར་གྱི་ཆེ་བསྟོད་གཟེངས་རྟགས་འབུལ་གཏན་འཁེལ་ཡོད་པ་དང་། གཟེངས་རྟགས་དེ་ནི་རྒྱ་གར་གྱི་སྙིང་སྟོབས་ཆེ་ཞིང་བྱས་རྗེས་ཅན་གྱི་མི་སྣ་ངོས་འཛིན་སླད་སྤྲོད་སྲོལ་ཡོད་པའི་གཟེངས་རྟགས་ཤིག་ཡིན་པ་རེད།

ད་རེས་བྱས་རྗེས་ཅན་གྱི་མི་སྣ་ ༥༤ ཁྲོད་ཀྱི་མི་ཕལ་ཆེ་བ། འདས་ལོའི་ཕྱི་ཟླ་ ༦ ནང་ལ་དྭགས་ཀྱི་ས་མཚམས་རྩོད་རྙོག་ཁྲོད་རྐྱེན་འདས་སུ་ཕྱིན་པ་དང་རྒྱ་དམག་ལ་འཐབ་རྒོལ་བྱེད་མཁན་རྒྱ་གར་གྱི་དམག་མི་ཡིན་པ་དང་། སྐབས་དེར་རྒྱ་དཀར་ནག་བར་གདོང་ཐུག་བྱུང་སྟེ་རྒྱ་གར་གྱི་དམག་མི་ ༢༠ ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་རྒྱ་གར་ལ་གྱོང་གུད་ཤུགས་ཆེན་ཕོག་ཡོད། འོན་ཀྱང་། ལོ་དེའི་ཕྱི་ཟླ་ ༩ ནང་བོད་པའི་དྭང་ཞབས་དམག་མི་ཚོས་ཕྱི་ལོ་ ༡༩༦༢ ལོར་རྒྱ་ནག་ལ་ཤོར་བའི་ས་ཆ་ཚུར་འཕྲོག་སྟེ་དཔའ་ངར་བཞག་ཡོད་པ་དང་། ད་རེས་ཚེ་རིང་ནོར་བུ་ལགས་སུ་འང་བོད་པའི་དམག་སྒར་ཨང་ ༢༢ པའི་ས་མཚམས་ཀྱི་འཐབ་འཛིང་དང་འབྲེལ་ནས་ཆེ་བསྟོད་གཟེངས་རྟགས་ཕུལ་བ་ཞིག་ཆགས་ཀྱི་ཡོད་པ་རེད།

སྤྱིར་བཏང་འདས་པའི་ལོ་མང་རིང་རྒྱ་གར་གཞུང་གིས་བོད་པའི་དྭང་ཞབས་དམག་སྒར་ཨང་ ༢༢ བར་གསང་རྒྱ་བྱེད་པ་དང་དེ་ཙམ་གྱི་ཆེ་མཐོང་ངོས་འཛིན་བྱེད་ཀྱི་མེད་ནའང་། འདས་ལོར་བརྒྱ་དཔོན་ཉི་མ་བསྟན་འཛིན་ལགས་ཀྱི་གཙོས་པའི་བོད་པའི་དམག་མི་ཚོས་ས་མཚམས་ནས་བྱས་རྗེས་བཞག་པར་རྒྱ་གར་རྒྱལ་ཡོངས་ཙམ་མ་ཟད། རྒྱལ་སྤྱིའི་སྟེང་ཁྱབ་བརྡལ་ཤུགས་ཆེན་བྱུང་བའི་རྐྱེན་གྱིས། རྒྱ་གར་ནང་བོད་པའི་དམག་སྒར་ཨང་ ༢༢ བར་ངོས་འཛིན་གསར་པ་ཞིག་ཐོབ་ཡོད་པ་རེད།

དེ་སྔ་འདི་གའི་གསར་འགོད་པར་བོད་མིའི་དྭང་ཞབས་དམག་མི་རྣམ་པའི་བྱས་རྗེས་སྐོར་ལ་བོད་དོན་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། འདས་པའི་ལོ་རྒྱུས་ནང་བལྟས་པ་ཡིན་ནའང་། རང་བཙན་ལྡན་པའི་བྷང་ལ་ཌི་ཤི་དང་དམག་བརྒྱབ་སྐབས། བོད་པའི་དམག་མི་གང་འཚམ་ཞིག་གིས་ཚེ་སྲོག་ཤོར་ཡོད་ཀྱང་ལས་ཀ་གལ་ཆེ་ཤོས་དེ་བོད་པའི་དམག་མི་ཚོས་བྱས་ཡོད་པ་རེད། སྐབས་དེ་དུས་རྒྱ་གར་གཞུང་གིས་བོད་པའི་དམག་མི་སུམ་སྟོང་ནས་བཞི་སྟོང་བར་བཏང་ཡོད་པ་དང་། ས་བབ་མཐོ་བའི་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ཛ་དྲག་གི་གནས་སྟངས་ག་དུས་བྱུང་ཡང་། རྒྱ་གར་གཞུང་གིས་བོད་པའི་དམག་མི་བཏང་སྟེ་རྒྱ་གར་ལ་ཕན་ཐོགས་པ་དང་བོད་པའི་དམག་མི་ཚོས་འཇོན་བསྡད་ཡོད་པ་རེད་དེ། རྒྱ་གར་གཞུང་གིས་དེ་ཚོ་གསང་བ་བྱས་ནས་བཞག་ཡོད། དཔེར་ན་ཇ་མུ་ཀ་ཤི་མུར་གྱི་དམག་འཁྲུག་སྐབས་བོད་པའི་དམག་མི་ཚོས་འཇོན་ཡོད་པ་དང་། ལྷག་པར་དུ་ ༡༩༩༩ ལོར་ (Tiger Hill)ཟེར་བའི་རི་སྒང་དུ་དམག་ཤོར་སྐབས་བོད་ཀྱི་དམག་མི་ཚོས་འཇོན་ཡོད་པ་རེད། བོད་པའི་དམག་མི་ཚོ་ག་དུས་ཡིན་ཡང་ས་མཐོ་འཁྱག་རོམ་ཁུལ་དང་ལ་དྭགས་དང་ཧི་མ་ཅལ། ཨོ་ཊར་ཁན། འབྲས་ལྗོངས་དང་ཨ་རུ་ན་ཅལ་ཁུལ་སོགས་སུ་བཏང་ཡོད་པ་དང་། བོད་པའི་དམག་མི་ཚོས་མཐའ་སྲུང་བྱས་ཏེ་འཇོན་བསྡད་ཡོད་པ་དང་། ད་རེས་གཞི་ནས་བོད་པའི་དམག་གི་འཇོན་ཐང་ལ་ངོས་འཛིན་ཡོང་གི་ཡོད་པ་རེད། ངོས་འཛིན་ཡོང་གི་ཡོད་པ་དེ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་སྤོབས་པ་ཞིག་རེད་བསམ་གྱི་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༥ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 1

  1. བསོད་ནམས་རྒྱལ་མཚན། says:
    ལོ་ 6 སྔོན།

    སྙིང་རྗེ་ ཨོཾ་མ་ཎི་པདྨེ་ཧཱུཾ། འཇོན་ན་མ་འཇོན་ན་གཞན་གྱི་བྲན་གཡོག་ཡིན། ་(Special frontier force) རྡོག་རྡོག་ ་(Special Hunting Dog) ཡིན། སྤོབས་པ་བྱེད་ཡ་གང་ཡང་མ་རེད། རྒྱ་གར་གྱི་་་ བོད་ རྒྱ་དམར་ལ་་་ རྩིས་སྤྲད་པས་མ་ཚད། ད་དུང་ང་ཚོ་ རྒྱ་གར་དོན་ལ་སོ་སོའི་ཟ་ཚང་བུ་ཕྲུག་ཚང་མ་བཞག་ནས་སྲོག་རྩ་ཆེན་པོ་དེ་འདོར་དགོས་ཀྱི་ཡོད། རྒྱ་གར་བོད་དོན་ཐོག་ཁ་ཚིག་གཅིག་ཀྱང་སྒྲགས་ཀྱི་མེད། བོད་རྒྱ་ཁོངས་ཡིན་པ་འགྱུར་བ་གཅིག་ཀྱང་མེད་གནས་མུས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese