མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་བར་ཏོག་ནད་ཀྱིས་མི་གྲངས་ས་ཡ་ ༢ ལྷག་འདས་གྲོངས་སུ་ཕྱིན་ཡོད་པས་ལོ་སར་སྐབས་ཆོས་ཕྱོགས་ཀྱི་བྱ་བར་འབད་རོགས།

བོད་ཀྱི་དུས་བབ།
༢༠༢༡/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ཐད་གཏོང་གསར་འགོད་གསལ་བསྒྲགས་ཐོག་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་འདི་ལོར་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱིས་འཛམ་གླིང་ཁྱོན་ཡོངས་ནང་མི་གྲངས་ས་ཡ་ ༢ ལྷག་དང་བོད་མི་གྲངས་ ༤༡ རྐྱེན་འདས་སུ་ཕྱིན་ཡོད་པས་ཆོས་ཕྱོགས་ཀྱི་བྱ་བ་དང་ནད་ཡམས་སྔོན་འགོག་གི་ཐད་འབད་བརྩོན་བྱེད་དགོས་སྐོར་གསུངས་སོང་།

གསལ་བསྒྲགས་སྐབས་བཀའ་བློན་མཆོག་གིས། བོད་མིའི་སྒྲིག་འཛུགས་ནས་ཛ་དྲག་རོགས་སྐྱོར་འོག་སློབ་མ་དང་ཉམ་ཐག་སོགས་ཀྱི་ལས་དོན་ཆེད་ཕྱི་ལོ་ ༢༠༢༠ ཟླ་ ༣ ནས་ཟླ་ ༡༢ བར་དུ་ནད་ཡམས་སྔོན་འགོག་དང་སྔོན་འགོག་གི་ལས་དོན་ཁག་གི་ཆེད། རྒྱ་གར་ནང་ཧིན་སྒོར་ས་ཡ་ ༥༦ དང་འབུམ་ ༤ ལྷག་དང་། བལ་ཡུལ་ནང་ཧིན་སྒོར་ས་ཡ་ ༨ དང་འབུམ་ ༥ འགྲོ་གྲོན་བཏང་ཡོད་སྐོར་དང་། དེ་བཞིན་གསོ་རིག་གི་ལུས་ཟུངས་གསོ་སྨན་རྒྱལ་བལ་གཉིས་ཀྱི་ནང་ཧིན་སྒོར་ས་ཡ་ ༥ དང་འབུམ་ ༨ ལྷག་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཧིན་སྐོར་ས་ཡ་ ༡ དང་འབུམ་ ༧ ལྷག་གི་འགྲོ་གྲོན་བཏང་ཡོད་པ་དང་། དེའི་ནང་སྨན་གུན་ཐོབ་པའི་མི་གྲངས་ ༢༥༠༠༠ མ་ཟིན་ཙམ་བྱུང་ཡོད་སྐོར། དེ་བཞིན་དམིགས་བསལ་དགོས་ངེས་ཅན་དང་ཆབ་སྲིད་བཙོན་ཟུར་སོགས་མི་གྲངས་ ༢༧༥ ཙམ་ལ་ཛ་དྲག་ངལ་སེལ་གྱི་དངུལ་ཧིན་སྒོར་ ༩༠༠༠ རེ་དང་གཙང་འཕྲོད་ཀྱི་ཡོ་ཆས་ཆེད་ཧིན་སྒོར་ ༤༠༠༠ རེ་ཡི་མཐུན་རྐྱེན་སྦྱར་ཡོད་པ་སོགས་ལ་བརྟེན། རང་བཙན་ཡོད་པའི་རྒྱལ་ཁབ་ལྟ་བུ་ཞིག་གི་གནས་སྟངས་སམ་དེ་ལས་ལྷག་པ་ཞིག་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གནང་ཐུབ་ཡོད་སྐོར་གསུངས་སོང་།

ཡང་བཀའ་བློན་མཆོག་གིས། དབུས་འཕྲོད་བསྟེན་ལས་ཁུངས་དང་ནང་སྲིད་ལས་ཁུངས་ཀྱིས་ས་གནས་ལ་ཡང་ཡང་ལམ་སྟོན་གནང་སྟེ། ས་གནས་ཀྱི་འཕྲོད་ལས་པ་ཚོར་རྫོང་སྨན་ཁང་ལ་འབྲེལ་བ་བཟང་པོ་འཇོག་དགོས་པ་ལམ་སྟོན་གནང་བ་བཞིན། དེ་དག་ལ་འབྲེལ་བ་བྱུང་བའི་གྲུབ་འབྲས་བཟང་པོ་ལ་བརྟེན། ཏོག་དབྱིབས་གཉན་རིམས་ཕོག་ཡོད་མེད་བརྟག་དཔྱད་དེ་ས་གནས་ཀྱི་འཕྲོད་བསྟེན་སྨན་ཁང་གིས་བྱེད་ཀྱི་ཡོད་པ་དང་། ད་ལྟ་བར་དུ་བོད་མི་ ༢༦༥༠༠ ཙམ་ལ་བརྟག་དཔྱད་གནང་ཐུབ་ཡོད་པ་དང་། དེ་བཞིན་རྒྱ་གར་རྒྱལ་ཡོངས་སུ་སྔོན་འགོག་སྨན་ཁབ་རྒྱག་མགོ་བརྩམས་པ་ནས་བཟུང་དེ་རིང་དང་སང་ཉིན་གཉིས་བརྩིས་ན་སྨན་པ་དང་འཕྲོས་ལས་པ་སོགས་ཁྱོན་མི་གྲངས་ ༢༤༧ ལ་སྔོན་འགོག་སྨན་ཁབ་རྒྱག་ཐུབ་པ་བྱུང་ཡོད་ལ། དེ་ནི་ས་གནས་ཀྱི་ལས་མིས་འགན་འཁུར་བ་དང་དབུས་ནས་ལམ་སྟོན་གནང་བ་སོགས་ཀྱི་གྲུབ་འབྲས་ལ་བརྟེན་ནས་བྱུང་བ་ཡིན་སྐོར་གསུངས་སོང་།

ཏོག་དབྱིབས་གཉན་རིམས་ལ་མུ་མཐུད་གཟབ་ནན་བྱེད་དགོས་སྐོར་ལ་བཀའ་བློན་མཆོག་གིས། ད་ལྟ་བར་དུ་གནས་སྟངས་ཛ་དྲག་པོ་མེད་པ་ཞིག་གི་ཐོག་ནས་འགྲོ་བཞིན་ཡོད་ནའང་། ལྷོད་གཡེང་དང་རྣམ་གཡེང་གི་ཐོག་ནས་ནད་ཡམས་བསྐྱར་དུ་སྤྱི་ཚོགས་ནང་ཁྱབ་གདལ་དུ་འགྲོ་མི་སྲིད་པ་མིན་པ་དང་། ལྷག་པར་དུ་བོད་ཀྱི་ལོ་སར་གྱི་སྐབས་སུ་གནང་སྒོ་གནང་གི་ཡོད་ནའང་། སྒེར་གྱི་ངོས་ནས་བསམ་བློ་ཞིག་བཏང་བ་ཡིན་ན། འདི་ལོའི་ལོ་སར་དེ་དགའ་དགའ་འཛོམས་འཛོམས་བྱེད་པའི་གནས་སྟངས་ཤིག་ལ་མཐོང་གི་མེད་པའི་ཚོར་བ་ཞིག་ཡོང་གི་ཡོད་པ་ནི་ད་བར་ནད་ཡམས་དེ་ལ་བརྟེན་ནས་ཁྱོན་མི་གྲངས་ས་ཡ་ ༢ ལྷག་དང་། རྒྱ་གར་ནང་བོད་མི་གྲངས་ ༤༡ རྐྱེན་འདས་སུ་ཕྱིན་པ་སོགས་ལ་བརྟེན། ཆོས་ཕྱོགས་ཀྱི་བྱ་བ་དང་ནད་ཡམས་སྔོན་འགོག་གི་ཐད་འབད་བརྩོན་བྱེད་དགོས་སྐོར་དང་། དེ་བཞིན་ས་གནས་མགོ་འཛིན་ཁག་ནས་ས་གནས་སུ་མཚན་ཚོགས་དང་འདུ་འཛོམས་ཆེན་པོའི་རིགས་མི་གནང་བ་སོགས་ཀྱི་བཀག་རྒྱ་གནང་ཡོད་པ་སོགས་ལ་བསྔགས་བརྗོད་གནང་སོང་།

རྒྱ་གར་གཞུང་གི་ཏོག་དབྱིབས་གཉན་རིམས་ལས་དོན་དང་འབྲེལ་ནས། གནས་ཚང་རྒྱ་གར་གྱིས་འདི་ལོར་སྔ་ལས་ལྷག་པ་བརྒྱ་ཆའི་བརྒྱ་དང་སུམ་ཅུ་སོ་བདུན་ཙམ་གྱིས་མང་བ་འཕྲོད་བསྟེན་ཐོག་འཆར་རྩིས་བཀོད་ཡོད་པ་དང་། རྒྱ་གར་དབུས་གཞུང་ནས་ཏོག་དབྱིབས་གཉན་རིམས་སྔོན་འགོག་སྨན་ཁབ་ཁོ་ནའི་ཆེད་དུ་ཧིན་སྒོར་བྱེ་བ་སྟོང་ ༣༥ ཙམ་གཏན་འབེབ་བྱས་ཡོད་པ་ནི་རྒྱ་གར་གཞུང་ནས་ནུས་པ་ཅི་ཡོད་སྤུངས་བའི་ཀུན་སློང་ཡོད་པ་གསལ་པོ་ཞེ་དྲགས་ཡིན་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུས་གཞུང་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡོད་སྐོར་དང་། ནད་ཡམས་སྔོན་འགོག་གི་ལས་དོན་ལ་མཉམ་ཞུགས་དང་རྒྱབ་སྐྱོར་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པ་ལས། སྤྱི་ཚོགས་དྲ་ལམ་དུ་འགན་མེད་པའི་ཐོག་ནས་དཀྲོག་གཏམ་དང་འཆལ་གཏམ་གྱི་རིགས་ལ་ཐུགས་སྣང་མི་བྱེད་པའི་རེ་སྐུལ་གནང་སོང་།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

ཆུ་ཚོད་ ༦ སྔོན་ལ།
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༨ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༩ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese