མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཀོན་མཆོག་སྦྱིན་པ་ལགས་ལ་བཙོན་ཁང་དུ་མནར་གཅོད་བཏང་རྐྱེན་འདས་གྲོངས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༡/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཆབ་སྲིད་བཙོན་པ་དང་ཡུལ་སྐོར་སྣེ་ཤན་པ་དཀོན་མཆོག་སྦྱིན་པ་ལགས་རྒྱའི་བཙོན་ཁང་དུ་རྡུང་རྡེག་མནར་གཅོད་ཚད་མེད་བཏང་རྐྱེན་འོག་འདས་གྲོངས་སུ་ཕྱིན་ཡོད་འདུག

ཁ་སང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༣ ལོར་འཛིན་བཟུང་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་དཀོན་མཆོག་སྦྱིན་པ་ལགས་ལ་རྒྱའི་བཙོན་ཁང་དུ་མནར་གཅོད་རྡུང་རྡེག་ཚད་མེད་བཏང་རྐྱེན། འདས་ལོའི་ཕྱི་ཟླ་ ༡༡ ནང་རྒྱ་ནག་གིས་དཀོན་མཆོག་སྦྱིན་པ་ལགས་ཀྱི་ནང་མིར་ཤེས་རྟོགས་གང་ཡང་མེད་པའི་ཐོག་ནས་ལྷ་ས་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་བསྐྱལ་ཡོད་ནའང་། ཁོང་གི་ཀླད་ཁྲག་འདྲེས་པ་དང་ལུས་ཧྲིལ་བོ་འགུལ་སྐྱོད་མ་ཐུབ་པར་ཟླ་འདིའི་ཕྱི་ཚེས་ ༦ ཉིན་སྨན་ཁང་དུ་འདས་གྲོངས་སུ་ཕྱིན་ཡོད་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་སའོ་ཧྥེ་རའེ་ཆ་ཌི་ལགས་ཀྱིས། དཀོན་མཆོག་སྦྱིན་པ་ལགས་ཀྱི་གྲོངས་རྐྱེན་ནི་ཉེས་མེད་བཙོན་འཇུག་འོག་བཙོན་ཁང་དུ་རྡུང་རྡེག་ཚད་མེད་ཐེབས་ཏེ་འདས་གྲོངས་སུ་འགྲོ་དང་འགྲོ་མུས་ཡིན་པའི་བོད་མིའི་ཁྲོད་ཀྱི་གནས་སྟངས་ཤིག་ཆགས་ཀྱི་ཡོད། ཅེས་དང་། རྒྱ་ནག་ནང་མི་གང་བྱུང་འཛིན་བཟུང་གིས་རྡུང་རྡེག་དང་མནར་གཅོད་མྱངས་བཅུག་སྟེ། འདས་གྲོངས་སུ་འགྲོ་ཡི་ཡོད་པ་སོགས་ཀྱི་འགན་ཚང་མ་རྒྱ་ནག་གི་མགོ་ཁྲིད་ཚོས་འཁུར་དགོས་ཀྱི་ཡོད། ཅེས་བརྗོད་འདུག

སྤྱིར་བཏང་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༨ ཉིན་དཀོན་མཆོག་ལགས་འཛིན་བཟུང་བྱས་པ་ནས་ད་བར་ཁོང་གི་སྐོར་གྱི་ཞི་ཕྲའི་གནས་ཚུལ་རྒྱས་པ་ཤེས་རྟོགས་བྱུང་མེད་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ནང་། རྒྱ་ནག་གིས་དཀོན་མཆོག་ལགས་འཛིན་བཟུང་བྱས་རྗེས་ནང་མིར་ཁོང་གར་ཡོད་སོགས་ཀྱི་གནས་ཚུལ་གང་ཡང་མཁོ་སྤྲོད་བྱས་མེད་པ་མ་ཟད། ཕྱིས་སུ་ཕྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་གནས་ཚུལ་མཁོ་སྤྲོད་བྱས་ཏེ། རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བའི་ཉེས་འཛུགས་འོག ཁོང་ལ་ལོ་ངོ་ ༢༡ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཟླ་སྔོན་མའི་ཚེས་ ༢༩ ཉིན་ནང་མི་ཚོས་གཞི་ནས་དཀོན་མཆོག་ལགས་ཀྱི་འཕྲོད་བསྟེན་གནས་སྟངས་ཛ་དྲག་ཡིན་པ་ཤེས་རྟོགས་ཐུབ་སྟེ། ནང་མི་སྤུན་མཆེད་ཁག་ཅིག་སྨན་ཁང་དུ་དཀོན་མཆོག་ལགས་སུ་ཁྲག་སྦྱིན་པར་ཕྱིན་ཡོད་ནའང་ཕན་ཐོགས་མ་ཐུབ་པར་སྨན་ཁང་ནང་ནས་འདས་གྲོངས་སུ་ཕྱིན་ཡོད་སྐོར་སོགས་བརྗོད་འདུག

དཀོན་མཆོག་ལགས་འཛིན་བཟུང་བྱེད་དོན་གཙོ་བོ་ནི། ཕྱི་ལོ་ ༢༠༡༣ ལོར་འབྲི་རུ་རྫོང་གི་གནས་རི་ནགས་ལྷ་ཛམ་བྷ་ལར་གཏེར་ཁ་སྔོག་འདོན་དང་འབྲེལ་བའི་གནས་ཚུལ་ཕྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་མཁོ་སྤྲོད་བྱས་པའི་ཡིན་པ་དང་། ལོ་དེའི་ཟླ་ ༤ ནང་ཁོང་གིས་རང་ཉིད་ཀྱི་སྐད་འཕྲིན་རྒྱབ་ཏུ། ང་ད་ལྟ་ཆུ་འགྲམ་དུ་ཡོད། མི་མང་པོས་ངའི་རྒྱབ་ལ་ལྟ་ཞིབ་བྱེད་ཀྱི་འདུག ང་འཛིན་བཟུང་བྱ་རྒྱུ་ཡིན་པ་གཏན་འཁེལ་རེད། གལ་ཏེ་ང་འཛིན་བཟུང་བྱས་པ་ཡིན་ནའང་ཞེད་སྣང་མེད་ལ། མཐའ་ན་ཁོ་ཚོས་ང་བསད་པ་ཡིན་ནའང་གྱོད་པ་མི་སྐྱེས། འོན་ཀྱང་། ད་ལྟ་ནས་ངས་གནས་ཚུལ་མཁོ་སྤྲོད་བྱེད་ཐུབ་མ་སོང་ལ། གལ་སྲིད་ང་ལ་གྲགས་འགུལ་རིགས་མེད་ཚེ། དེ་ནི་ང་འཛིན་བཟུང་བྱས་ཟིན་པ་ཡིན། ཞེས་བརྗོད་ཡོད་པ་དང་། ལོ་དེར་ནགས་ལྷ་ཛམ་བྷ་ལར་གཏེར་ཁ་སྔོན་འདོན་དང་འབྲེལ་འབྲི་རུའི་མི་མང་འབོར་ཆེན་གྱིས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བ་དང་། སྐབས་དེར་རྒྱ་ནག་གིས་འབྲི་རུའི་མི་མང་ ༡༣༢༥ འཛིན་བཟུང་བྱས་པའི་ཁྲོད་མི་གྲངས་ ༦༧༠ ཡས་མས་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

ཆབ་སྲིད་བཙོན་ཟུར་དཀོན་མཆོག་སྦྱིན་པ་ལགས་ནི་ཕྱི་ལོ་ ༡༩༨༩ ལོར་བོད་ནས་བལ་ཡུལ་བརྒྱུད་རྒྱ་གར་ནང་འབྱོར་ཞིང་། བོད་ནང་ཡོད་དུས་གྲྭ་བ་ཡིན་སྟབས་རྒྱ་གར་ནང་འབྱོར་མ་ཐག་རྡེ་ར་ལྡུན་བྱང་ཆུབ་གླིང་གི་ཆོས་སྒོར་ཞུགས། ཕྱི་ལོ་ ༡༩༩༡ ནས་ ༡༩༩༦ བར་སུ་ཇཱ་བོད་ཁྱིམ་སློབ་གྲྭ་དང་ཝར་ན་མཐོ་སློབ་སོགས་སུ་སློབ་གཉེར་གྱིས་དབྱིན་ཡིག་དང་ཧིན་རྡུ། རྒྱ་སྐད་བཅས་ལ་རང་རྐྱ་འཕེལ་རྗེས། ཕྱི་ལོ་ ༡༩༩༨ ལོར་ཕྱིར་བོད་ནང་ལོག་སྟེ། སྣེ་ཤན་པའི་ལས་ཀ་བྱེད་ཤོར་ཉེ་འཁོར་ས་གནས་མང་ཚོགས་ཀྱི་དཔལ་འབྱོར་དང་སློབ་གསོའི་ཐོག་ཤུགས་སྣོན་བརྒྱབས། དཀོན་མཆོག་ལགས་ད་ལྟ་རང་ལོ་ ༥༡ ཡིན་པ་དང་ཕ་ཡུལ་འབྲི་རུ་རྫོང་ཆགས་རྩེ་ཤང་གྲོང་ཚོ་ལྔ་བ་ནས་ཡིན་ཞིང་། ཕའི་མཚན་ལ་བསོད་ནམས་དབང་ལྡན་དང་མའི་མཚན་ལ་དཔལ་ལྷ་ཞུ་ཡི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༡༣ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༣ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese