མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་ལ་དམངས་གཙོའི་རུས་རྐང་མི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

སྐལ་བཟང་སྦྱིན་པ། དུས་བབ།

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་རྗོ་བྷའེ་ཌན་ཨ་རིའི་སྲིད་འཛིན་ཆགས་ཏེ་ཟླ་གཅིག་ཏག་ཏག་འཁོར་ཡོད་པ་དང་། འདས་པའི་ཟླ་གཅིག་རིང་མི་མང་པོ་ཞིག་གིས་འཛམ་གླིང་གི་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཨ་རི་དང་རྒྱ་ནག་བར་གནས་སྟངས་ཅི་བྱུང་ཐད་མིག་རིག་རིག་དང་རྣ་བ་ཀྲོང་ཀྲོང་གིས་ལྟ་ཉན་བྱེད་ཀྱི་ཡོད་ཀྱང་། ཉེ་བའི་ཟླ་གཅིག་ལྷག་གི་རིང་རྗོ་བྷའེ་ཌན་གྱིས་སྣེ་འཁྲིད་པའི་ཨ་རིའི་སྲིད་གཞུང་གསར་པ་དང་། ཞི་ཅིན་ཕིན་གྱི་དབང་སྒྱུར་འོག་གི་རྒྱ་ནག་བར་སྲིད་འཛིན་ཟུར་བ་ཊོམ་ཕུའི་ལོ་བཞིའི་དུས་ཡུན་ལས་ལྷག་གི་ཕྱི་འཇམ་ནང་འཁྲུག་དང་འགྱུར་ལྡོག་བྱུང་ཡོད་པ་མཁྱེན་བྱུང་ངམ།

ཟླ་འདིའི་ཕྱི་ཚེས་ ༨ ཉིན་སྲིད་འཛིན་བྷའེ་ཌན་གྱིས་ཨ་རིའི་(CBS)གསར་ཁང་གི་བཅར་འདྲི་ཞིག་གི་སྐབས། ཞི་ཅིན་ཕིན་ངེད་གཉིས་དེ་སྔོན་ཐེངས་མང་རིང་ཐུག་མྱོང་། ཁོ་མི་མཁྲེགས་པོ་དང་རྣམ་རིག་ཅན་ཞིག་ཡིན་མོད། ཁོའི་ལུས་སྟེང་དུ་དམངས་གཙོའི་རུང་རྐང་ཆུང་ཆུང་ཞིག་ཀྱང་མེད། ཅེས་ཞི་ཡི་སྲིད་དབང་སྒེར་གཅོད་ཀྱི་རང་གཤིས་ཐེར་འདོན་བྱས། འོན་ཀྱང་། རྒྱ་ནག་གཞུང་གིས་བྷའེ་ཌན་གྱི་ཟུར་ཟའི་སྐད་ཆ་ལ་དགག་བྱའི་ལན་ཚིག་གཅིག་བཏབས་མེད་པ་མ་ཟད། བྷའེ་ཌན་དང་ཞི་གཉིས་ཐུག་འཕྲད་མང་པོ་བྱས་མྱོང་བ་དང་། ཨ་རྒྱ་གཉིས་ནས་གྲོས་མོལ་གྱི་ལམ་ནས་རྒྱལ་འབྲེལ་གོང་མཐོར་གཏང་རྒྱུའི་རེ་བ་ཡོད་ལུགས་བརྗོད་དེ་སྤྲེལ་ལད་འཁྲབ་ཡོད།

རྗོ་བྷའེ་ཌན་ལ་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་པ་དང་ཟླ་སྔོན་མའི་ཚེས་ ༢༠ ཉིན་སྲིད་འཛིན་གྱི་ལས་ཁུར་དམ་འབུལ་སྐབས། ཁོས་ཐའེ་ཝན་གྱི་སྐུ་ཚབ་རང་ཉིད་ཀྱི་དམ་འབུལ་མཛད་སྒོའི་སྐུ་མགྲོན་དུ་བོས་ཏེ། ཕྱི་ལོ་ ༡༩༧༩ རྗེས་ནས་ཨ་རིའི་སྲིད་འཛིན་ཞིག་གི་དམ་འབུལ་མཛད་སྒོར་ཐའེ་ཝན་གྱི་སྐུ་ཚབ་གཞུང་འབྲེལ་ཐོག་ནས་མགྲོན་འབོད་བྱས་པ་ཐོག་མ་ཆགས་པ་དང་། གནད་དོན་དེས་རྒྱ་ནག་གིས་ནམ་རྒྱུན་སྤོམ་ཚིག་ཆེན་པོས་ཐའེ་ཝན་གྱི་སྲིད་ལ་ཐེ་གཏོགས་བྱེད་མཁན་བྱུང་ཚེ། དམག་འཁྲུག་ཀྱང་རྒྱག་སྲིད་པའི་ཉེན་བརྡ་གཏོང་གི་ཡོད་པ་གོ་མེད་ཚོར་མེད་དུ་བཏང་བ་མ་ཟད། སྐབས་དེར། རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གི་རྩོམ་སྒྲིག་ཚན་པས། སྲིད་འཛིན་ཊོམ་ཕུའི་འཛིན་སྐྱོང་དང་དེའི་དབྲ་ཚག་གི་ལས་ཡུན་མཇུག་བསྡུས་སོང་ཞེས་དགའ་སྣང་ཙམ་བསྟན་པ་ལས་ཐའེ་ཝན་སྐོར་གྱི་གནད་དོན་གླེང་སློང་ཙམ་ཡང་བྱས་མེད།

ཟླ་འདིའི་ཚེས་ ༦ ཉིན་སྲིད་འཛིན་བྷའེ་ཌན་གཞུང་དང་རྒྱ་ནག་བར་ཁ་པར་བརྒྱུད། ཨ་རྒྱ་གཉིས་བར་རྩོད་རྙོག་ཏུ་གྱུར་བའི་གནད་དོན་གཙོ་གྲས་འགའི་ཐོག་གྲོས་མོལ་བྱུང་བ་དང་། སྐབས་དེའི་རྒྱལ་ཁབ་གཉིས་ཀྱི་བསྒྲགས་གཏམ་ནང་ཚོང་འབྲེལ་གཙོ་བྱས་པའི་བོད་དོན་དང་ཡུ་གུར། ཧོང་ཀོང་། དེ་བཞིན་ཐའེ་ཝན་སོགས་ཀྱི་ཐད་ཕྱོགས་གཉིས་དབར་འགལ་ཟླ་ཤུགས་ཆེན་ཡོད་པ་བསྟན་པ་མ་ཟད། ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཨན་ཊོ་ནེ་ (Antony Blinken) ཡིས། ཨ་རིས་མཐུན་གྲོགས་རྒྱལ་ཁབ་ཁག་དང་མཉམ་འབྲེལ་གྱིས། རྒྱ་ནག་གིས་ཐའེ་ཝན་མཚོ་གླིང་ཚུད་པའི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བརྟན་བརླིང་ལ་འཇིགས་སྐུལ་གཏོང་བཞིན་པར་འགན་ལེན་བྱེད་དུ་འཇུག་གི་ཡིན། ཨ་རིས་མུ་མཐུད་བོད་དང་ཤིན་ཅང་། ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་རིན་ཐང་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཞེས་བཤད་ཡོད།

སྲིད་འཛིན་བྷའེ་ཌན་གྱིས་ཞི་ཅིན་ཕིན་ལ་དམངས་གཙོའི་རུས་རྐང་མེད་སྐོར་བརྗོད་པ་དང་འབྲེལ། ཨ་རི་དང་རྒྱ་ནག་དམག་འཁྲུག་རྒྱག་དགོས་ཀྱི་མེད་ནའང་ཕྱོགས་གཉིས་བར་འགྲན་རྩོད་ཧ་ཅང་ཤུགས་ཆེན་ཡོང་རྒྱུ་ཡིན་པ་དང་། ཨ་རིའི་གཞུང་གསར་པ་ཊོམ་ཕུའི་ལམ་དུ་མ་ཞུགས་པར་རྒྱལ་སྤྱིའི་སྒྲིག་ཁྲིམས་ཀྱི་ལམ་སྲོལ་ཁག་ལ་དོ་དབྱིངས་ཤུགས་ཆེན་བྱ་རྒྱུ་ཡིན་པར་བཤད་ལ། ཉེ་སྔོན་ཚེས་ ༢༠ ཉིན་གྱི་དམ་འབུལ་སྐབས་བྷའེ་ཌན་གྱིས་བཀའ་ཁྱབ་བཅོ་ལྔ་ལ་མཚན་རྟགས་བསྐྱོན་ཏེ། ཨ་རི་སླར་ཡང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་། གོ་ལའི་གནམ་གཤིས་ཚ་དྲོད་སྲུང་སྐྱོབ་ཀྱི་གྲོས་ཁོངས་སུ་ཞུགས་ཏེ། ཁོས་མུ་མཐུད་ཨ་རིས་འཛམ་གླིང་གི་སྣེ་འཁྲིད་པར་འབད་བརྩོན་བྱ་རྒྱུའི་ཕུགས་བསམ་བཅངས་ཡོད།

ཊོམ་ཕུ་སྲིད་འཛིན་ཡིན་སྐབས། ཁོས་མི་རིགས་དཀར་པོའི་ཁེངས་དྲེགས་དང་འབྱོར་ལྡན་གྲལ་རིམ་སོགས་གཙིགས་སུ་བཟུང་སྟེ། ཚོང་ལས་གཙོ་བྱས་པའི་ཐོག་ནས་ཕྱི་སྲིད་ལས་དོན་དང་འབྲེལ་ནས་རྒྱ་ནག་གི་ཁ་གཏད་གཅོག་ཐབས་བྱས་ཡོད་མོད། ཨ་རིའི་དཔལ་འབྱོར་དཔྱད་བརྗོད་པ་དང་གསར་འགོད་པ་ལའོ་ཕུ་རྫེ་(LINETTE LOPEZ) ལགས་ཀྱིས། ཊོམ་ཕུས་དོན་དངོས་ཐོག་རྒྱ་ནག་གིས་ཧོང་ཀོང་ནང་དྲག་གནོན་བྱས་པ་དང་། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་དམག་ཤུགས་རྒྱ་བསྐྱེད་བཏང་བ། དེ་བཞིན། ཨ་རིའི་མཐུན་གྲོགས་ཡུ་རོབ་དང་རྒྱ་ནག་བར་ཚོང་འབྲེལ་གསར་པ་བཙུགས་པ་སོགས་བཀག་འགོག་བྱེད་ཐུབ་མེད། ཅེས་བརྗོད་ཡོད་ལ། ཊོམ་ཕུའི་ལས་ཡུན་སྐབས་ཁོས་ཨ་རིའི་ཕྱི་སྲིད་ལས་དོན་དང་འབྲེལ་བའི་མཐུན་གྲོགས་རྒྱལ་ཁབ་མང་པོ་ཞིག་ཨ་རི་དང་ཁ་ཐག་རྒྱང་རིང་དུ་བཏང་ཡོད་པ་དོན་དངོས་ཡིན།

ཊོམ་ཕུས་རང་ཉིད་ཀྱི་ལས་ཡུན་ལོ་བཞིའི་རིང་ཨ་རི་དང་པོ་ཞེས་པའི་སྲིད་ཇུས་གཙོ་བོར་བཟུང་སྟེ། ཨ་རི་པེ་རེ་སིའི་གོ་ལའི་ཚ་དྲོད་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་ཁུངས་སོགས་ནས་ཕྱིར་འཐེན་བྱས་པ་མ་ཟད། ཨ་རིས་ལོ་རེར་རྒྱལ་ཚོགས་ཀྱི་འགྲོ་གྲོན་བརྒྱ་ཆ་ ༢༢ གཏོང་གི་ཡོད་པ་མར་གཅོག་རྒྱུ་དང་། ཨ་རི་ནུབ་གླིང་རྒྱ་མཚོ་བྱང་མའི་དམག་དོན་སྒྲིག་འཛུགས་ (NATO) ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་པ་སོགས་ཀྱི་ཉེན་བརྡ་བཏང་། འོན་ཀྱང་། ཊོམ་ཕུ་ལས་ལྡོག་སྟེ་བྷའེ་ཌན་གྱིས། ཨ་རིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་སྒྲིག་ཁྲིམས་ལ་གོང་བཀུར་དང་རྒྱབ་སྐྱོར་གྱིས། ཨ་རིས་མུ་མཐུད་འཛམ་གླིང་གི་སྣེ་འཁྲིད་བྱེད་པར་ཤུགས་རྒྱག་རྒྱུ་ཡིན་པ་དང་། བྷའེ་ཌན་གྱི་སྐད་ཆ་གསར་ཤོས་ཤིག་ནི། ཨ་རིས་རང་གི་སྟོབས་ཤུགས་མིག་དཔེར་བསྟན་ཏེ་འཛམ་གླིང་གི་སྣེ་འཁྲིད་རྒྱུ་མིན། འོན་ཀྱང་། ཨ་རིའི་མིག་དཔེ་ཡི་སྟོབས་ཤུགས་བརྒྱུད་འཛམ་གླིང་གི་སྣེ་འཁྲིད་རྒྱུ་ཡིན་པར་བཤད།

གང་ལྟར། བྷའེ་ཌན་སྲིད་འཛིན་ཆགས་ནས་ཟླ་གཅིག་ཙམ་མ་གཏོགས་ཕྱིན་མེད་ནའང་། ཁོས་རྒྱལ་སྤྱིའི་སྟེང་བརླག་ཉེན་ཆེ་བའི་ཨ་རིའི་སྣང་བརྙན་སླར་གསོ་བྱས་དང་བྱེད་མུས་ཡིན་ཁར། རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་གཏོར་གཏོང་གི་ཡོད་པར་གཞུང་འབྲེལ་ངོས་འཛིན་བྱས་པ་དང་། བོད་དང་ཧོང་ཀོང་། ཝའེ་ཝན་སོགས་ཀྱི་གནད་དོན་རྒྱ་ནག་གཞུང་དང་ལྷན་དུ་གླེང་སློང་བྱས་ཡོད་ཅིང་། ཡུ་རོབ་གཙོ་བྱས་པའི་ཨེ་ཤ་ཡའི་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་མཉམ་འབྲེལ་གྱིས། རྒྱ་ནག་ལ་ཁ་གཏད་གཅོག་ཐབས་ཀྱི་སྲིད་ཇུས་འཛིན་དགོས་པའི་སྐུལ་འདེད་ཀྱང་བཏང་ཡོད་ལ། ཉམས་ཞིབ་པ་མང་པོས་ཀྱང་བྷའེ་ཌན་གཞུང་གིས་རྒྱ་ནག་ཐོག་ཊོམ་ཕུའི་འཛིན་སྐྱོང་ལས་ལྷག་གིས་སྲིད་ཇུས་མཁྲེགས་པོ་བཟུང་དང་འཛིན་གྱི་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

ཆུ་ཚོད་ ༧ སྔོན་ལ།
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༡༠ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese