མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གཞུང་གིས་སྤྱི་ཚོགས་དྲ་ལམ་ལ་སྟངས་འཛིན་གྱི་ཁྲིམས་གསར་ལག་བསྟར།

བོད་ཀྱི་དུས་བབ།
༢༠༢༡/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp
རྒྱ་གར་ནང་ཞིང་པའི་འོས་ལངས་འབྱུང་བཞིན་ཡོད་པ་སོགས་ལ་བརྟེན་ནས་སྤྱི་ཚོགས་བརྒྱུད་ལམ་དུ་ཁྲིམས་འགལ་གནས་ཚུལ་རིགས་ཁྱབ་སྤེལ་གཏང་ན་ནག་གསུབ་གཏོང་དགོས་པ་མ་ཟད་རྒྱ་གར་གཞུང་ལ་རྒྱབ་ལྗོངས་གནས་ཚུལ་མཁོ་སྤྲོད་དགོས་པའི་ཁྲིམས་གསར་ཞིག་ལག་བསྟར་གསལ་བསྒྲགས་གནང་འདུག

རྒྱ་གར་ཧིན་རྡུ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་རྒྱ་གར་ནང་ཞིང་པ་མང་ཚོགས་དང་རྒྱ་གར་གཞུང་གཉིས་བར་རྩོད་རྙོག་བྱུང་བའི་གནད་དོན་དང་འབྲེལ། རྒྱ་གར་གཞུང་གིས་ (Twitter) ལས་ཁུངས་ནས་རྒྱ་གར་གྱི་ཞིང་པའི་ངོ་རྒོལ་ལས་འགུལ་སྐོར་གྱི་གནས་ཚུལ་ཁག་ཅིག་ཕྱིར་འཐེན་དགོས་པའི་འབོད་སྐུལ་ཞུས་པར་ (Twitter) གྱིས་ངོས་ལེན་བྱས་མེད་སྟབས། ཁ་སང་ཕྱི་ཚེས་ ༢༥ ཉིན་རྒྱ་གར་གཞུང་གིས་སྤྱི་ཚོགས་བརྒྱུད་ལམ་ཁག་ལ་ལམ་སྟོན་གྱི་ཁྲིམས་གསར་པ་ཞིག་ལག་བསྟར་ཡོངས་བསྒྲགས་གནང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་བརྒྱུད་ལམ་ཆེ་གྲས་ངོ་དེབ་དང་ཊུ་ཝི་ཊར། དེ་བཞིན་ཡུ་ཊོབ་དང་WhatsApp་སོགས་ནས་ཁྲིམས་འགལ་གྱི་གནས་ཚུལ་རིགས་མཁོ་སྤྲོད་རམ་འདེགས་དགོས་པའི་སྐུལ་མ་བཏང་ཡོད་པ་རེད།

དེ་འབྲེལ་ཐད་རྒྱ་གར་གྱི་འཕྲུལ་རིགས་བློན་ཆེན་རཱ་ཝེ་ཤན་ཀར་ (Ravi Shankar Prasad) ལགས་ཀྱིས། ཕྱི་ལོ་ ༢༠༢༡ ལོའི་འཕྲུལ་རིགས་ཀྱི་གནས་ཚུལ་དང་འབྲེལ་བའི་ཁྲིམས་འདིའི་གཞི་རྩའི་དམིགས་ཡུལ་ནི། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་རྫུན་མ་དང་བུད་མེད་ཀྱི་པར་རིས་བཅོས་མ་བརྒྱུད་སྐུལ། གཞན་ལ་འཁོན་ལན་སློག་ཆེད་འཁྲིག་སྤྱོད་དང་འབྲེལ་བའི་གནས་ཚུལ་ཕྱིར་བསྒྲགས་བྱེད་བཞིན་པ་སོགས་ཀྱིི་དཀའ་ངལ་སེལ་ཐབས་སུ་དམིགས་པ་ཞིག་ཡིན། ཞེས་གསུངས་འདུག་ལ། ཁྲིམས་གསར་དེའི་ནང་། རྒྱལ་སྤྱིའི་སྤྱི་ཚོགས་བརྒྱུད་ལམ་ཁག་ནས་རྒྱ་གར་གཞུང་གི་རྟོག་ཞིབ་དང་འབྲེལ་བའི་དྲ་ལམ་གྱི་གནས་ཚུལ་རིགས་གཞུང་ལ་མཁོ་སྤྲོད་བྱེད་དགོས་ཀྱི་ཡོད་པ་མ་ཟད། རྒྱ་གར་གྱི་ཁྲིམས་གང་རུང་དང་འགལ་བའི་གནས་ཚུལ་རིགས་བཀའ་ཁྱབ་འབྱོར་རྗེས་ཆུ་ཚོད་ ༣༦ ནང་ཚུད་བཀག་འགོག་བྱས་ཏེ། ཆུ་ཚོད་ ༧༢ ནང་ཚུད་དུ་རྒྱ་གར་གཞུང་ལ་དེ་འབྲེལ་གྱི་གནས་ཚུལ་མཁོ་སྤྲོད་ཐུབ་དགོས་སྐོར་བཀོད་ཡོད་འདུག

རྒྱ་གར་ཧིན་རྡུ་གསར་ཁང་གི་གནས་ཚུལ་ནང་། ཁྲིམས་དེས་དྲ་རྒྱའི་རང་དབང་ལ་ཁྱད་གསོད་དང་མི་སྒེར་གྱི་གསང་བ་དང་སྨྲ་བརྗོད་རང་དབང་། དམིགས་བསལ་དྲ་ལམ་གནས་ཚུལ་སྲུང་སྐྱོབ་ཀྱི་ཁྲིམས་ལ་རྡོག་རོལ་གཏོང་གི་ཡོད་པ། རྒྱ་གར་གྱི་འཕྲུལ་རིགས་རྩ་ཁྲིམས་དོན་ཚན་ ༧༩ དགོངས་དོན་འོག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་གི་རང་དབང་རྩ་མེད་གཏོང་གི་ཡོད་སྐོར་བརྗོད་འདུག་པ་དང་། ཉམས་ཞིབ་པའི་ཁྲོད་ནས་རྒྱ་གར་གཞུང་གི་ཐག་གཅོད་དེར་དགའ་བསུ་དང་སྦྲགས། ཁྲིམས་འཆར་གསར་པ་དེས་སྤྱི་ཚོགས་བརྒྱུད་ལམ་ཁག་ནས་རང་འགན་རང་འཁྲི་ཡོང་བར་སྐུལ་འདེད་གཏོང་གི་ཡོད་སྐོར་བརྗོད་ཡོད་པ་རེད།

ཡང་རྒྱ་གར་འཕྲུལ་རིགས་བློན་ཆེན་རཱ་ཝི་ལགས་ཀྱིས། སྤྱི་ཚོགས་བརྒྱུད་ལམ་ཁག་ནས་རྒྱ་གར་ནང་ཚོང་ལས་གཉེར་རྒྱུར་དགའ་བསུ་ཞུ་བཞིན་ཡོད་ལ། ཁོ་ཚོས་ཚོང་ལས་གཉེར་བ་བརྒྱུད་རྒྱ་གར་གྱི་མི་སེར་དཀྱུས་མ་ཚོར་དམིགས་རྒྱ་བསྐྱེད་ཡོད། འོན་ཀྱང་། བརྒྱུད་ལམ་ཁག་གིས་སྤྱི་ཚོགས་དྲ་ལམ་བེད་སྤྱོད་གཏོང་མཁན་མི་གྲངས་ས་ཡ་མང་པོར་བརྙས་བཅོས་ཐེབས་ཀྱི་ཡོད་པ་དང་དྲ་རྒྱའི་སྟེགས་བུ་ལོག་སྤྱོད་བྱེད་བཞིན་པར་འགན་འཁུར་རྒྱུ་གལ་ཆེན་པོ་ཡིན། ཞེས་གསུངས་ཡོད་པ་དང་། ཁྲིམས་འཆར་དེ་ནི་ཕྱི་ལོ་ ༢༠༡༨ ལོར་བཏོན་པའི་གྲོས་འཆར་ཞིག་ཡིན་ཞིང་། ད་རེས་རྒྱ་གར་དང་ཊུ་ཝི་ཊར་ལས་ཁུངས་བར་རྒྱ་གར་ནང་ཞིང་ལས་ཀྱི་ཁྲིམས་གཏན་འབེབ་བྱས་ཏེ་རྩོད་རྙོག་འགྲོ་བཞིན་པའི་སྐབས་ལག་བསྟར་ཡོངས་བསྒྲགས་གནང་བ་ཞིག་ཆགས་ཀྱི་ཡོད་འདུག

རྒྱ་གར་གྱིས་སྤྱི་ཚོགས་བརྒྱུད་ལམ་ཁག་དང་འབྲེལ་བའི་ལམ་སྟོན་བཀའ་ཁྱབ་བསྒྲགས་རྗེས་ངོ་དེབ་ཀྱི་མགྲིན་ཚབ་པས། ང་ཚོས་ཁྲིམས་དེ་གལ་གནད་དུ་རྩིས་ཏེ་ནང་དོན་རྒྱས་པར་སློབ་སྦྱོང་བྱ་རྒྱུ་ཡིན་པ་དང་། ངོ་དེབ་ནི་རྒྱ་གར་གྱི་མཐུན་གྲོགས་ཤིག་ཡིན་པས། ང་ཚོས་ངོ་དེབ་བེད་སྤྱོད་གཏོང་མཁན་གྱི་བདེ་འཇགས་དང་དྲ་རྒྱའི་བདེ་འཇགས་ནི་གནད་འགག་ཅིག་ཏུ་བརྩི་ཡི་ཡོད། ཅེས་བརྗོད་འདུག་ལ། རྒྱ་གར་འཕྲུལ་རིགས་ལྷན་ཁང་ལྟར་ན། ད་ལྟ་WhatsApp་བེད་སྤྱོད་གཏོང་མཁན་མི་གྲངས་ས་ཡ་ ༥༣༠ དང་། ཡུ་ཊོབ་ལ་ས་ཡ་ ༤༤།༨། དེ་བཞིན་ངོ་དེབ་ལ་ས་ཡ་ ༤༡ དང་ཨིག་སི་ཊར་ས་ཡ་ ༢༡། ཊུ་ཝི་ཊར་ལ་ས་ཡ་གཅིག་དང་ཕྱེད་ཀ་ལྷག་གིས་ཐོ་འགོད་བྱས་ཏེ་བེད་སྤྱོད་གཏོང་བཞིན་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༩ ཚེས་ ༢༠ ཉིན་རྒྱ་གར་གྱི་གྲོས་ཚོགས་གོང་མས་ཞིང་ལས་ཁྲིམས་འཆར་ ༣ ལ་རྒྱབ་སྐྱོར་དང་སྲིད་འཛིན་གྱིས་མཚན་རྟགས་བསྐྱོན་ཏེ་དངོས་སུ་ལག་བསྟར་བྱས་ཡོད་ཅིང་། སྐབས་དེར་གཞུང་འཛིན་ཁ་གཏད་ཚོགས་པ་ཁག་གི་ཁྲིམས་ལུགས་གཏན་འབེབ་ཀྱི་འགྲོ་ལུགས་ལ་རྩིས་མེད་དང་། ཁྲིམས་འཆར་དེ་དག་ལ་གྲོས་ཚོགས་ཀྱི་ཚོགས་ཆུང་གིས་བསྐྱར་ཞིབ་དགོས་སྐོར་བསྐྱོན་བརྗོད་དྲག་པོ་བྱས་ཡོད་ལ། ཁྲིམས་འཆར་ཐོག་བགྲོ་གླེང་བྱེད་སྐབས་ཁ་གཏད་ཚོགས་པའི་ཚོགས་མི་ ༨ ཀྱིས་གྲོས་ཚོགས་ཀྱི་མདུན་དུ་ངོ་རྒོལ་བྱས་པ་དང་། རྒྱ་གར་རྒྱལ་ཡོངས་ཞིང་ལས་མཐུན་ཚོགས་ཀྱིས་ཁྲིམས་འཆར་དེ་ནི་ཞིང་པར་ངོ་ལོག་དང་སྲོག་ཁྲིམས་ཤིག་ཡིན་སྐོར་བརྗོད་ཡོད་པ་རེད། འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་ཞིང་ལས་ཐོན་ཁུངས་ཆེ་བའི་པཱན་ཇབ་ (Punjab) དང་ཧར་ཡ་ན་ (Haryana) མངའ་སྡེ་གཙོས་པའི་མངའ་སྡེ་གཞན་གྱི་ཞིང་པ་རྣམས་རྒྱལ་ས་ལྡི་ལིའི་ས་མཚམས་སིང་གྷུ་ (Singhu Border) སུ་འཛོམས་ཏེ་ད་བར་ངོ་རྒོལ་སྐད་འབོད་བྱེད་མུས་ཡིན་པ་དང་། ངོ་རྒོལ་ལས་འགུལ་ཁྲོད་ཞིང་པ་ ༤ ཡིས་རང་སྲོག་ཀྱང་བཅད་ཡོད་པ་རེད། དེ་བཞིན་ད་བར་ཞིང་པའི་མཐུན་ཚོགས་ཀྱི་སྐུ་ཚབ་དང་དབུས་གཞུང་བར་ལ་གྲོས་མོལ་ཐེངས་ ༨ བྱས་ཡོད་ནའང་གྲུབ་འབྲས་ཐོན་མེད་པ་རེད་འདུག

འབྲེལ་ཡོད་གནས་ཚུལ། རྒྱ་གར་གྱི་ཞིང་ལས་ཁྲིམས་སྒྲིག་གསུམ་ལ་བསྐྱར་ཞིབ་བྱ་རྒྱུ་ཡིན་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese