མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྤྱི་ཚོགས་ནང་རྒྱའི་གསང་མྱུལ་བ་ཡོད་པ་གསལ་པོ་གསལ་རྐྱང་རེད།

བོད་ཀྱི་དུས་བབ།
༢༠༢༡/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་རྒྱ་གཞུང་གི་གླ་བ་དྲ་འབུ་ཚོས་དྲ་ཐོག་འཇབ་རྒོལ་བྱེད་ཐབས་ལ་ཤུགས་སྣོན་བྱེད་ཀྱི་ཡོད་པ་ལྟར་བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་ཆེད་ལས་མི་སྣ་གྲགས་ཅན་དེ་འདྲ་གླས་ཏེ་ཡར་རྒྱས་གཏོང་བར་ཕྱོགས་ཡོངས་ནས་འབད་བརྩོན་བྱེད་ཀྱི་སྐོར་སོགས་གསུངས་སོང་།

འདས་པའི་ལོ་གཅིག་གཉིས་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ནས་རྒྱ་ནག་གི་གསང་བའི་མྱུལ་ཞིབ་པ་འཛིན་བཟུང་བྱས་ཏེ། འབྲེལ་ཆགས་བོད་མི་གང་ཙམ་ཞིག་ལ་འདྲི་ཞིབ་བྱེད་བཞིན་ཡོད་པའི་གནས་ཚུལ་ཕྱི་ནང་གི་གསར་འགྱུར་བརྒྱུད་ལམ་མང་པོའི་ནང་ཐོན་རྗེས།  སྤྱི་ཚོགས་ནང་གླེང་སློང་དང་དོགས་འགྲོགས་མང་པོ་བྱུང་ཡོད་པ་ལྟར། དེ་རིང་ཉིན་རྒྱབ་གྲོས་ཚོགས་ནང་ཨ་རིའི་སྐུ་ཚབ་དོན་ཁང་གི་སྔོན་རྩིས་སྐོར་ལ་བགྲོ་གླེང་གནང་སྐབས། ཕྱི་འབྲེལ་བཀའ་བློན་བློ་བཟང་སེང་གེ་མཆོག་གིས། ང་ཚོའི་སྤྱི་ཚོགས་ནང་ལ་རྒྱ་མིའི་སོ་བ་ཡོད་པ་དེ་གསལ་པོ་གསལ་རྐྱང་དང་། དེ་ལ་རྩོད་པ་གང་ཡང་མེད་པས་ཚང་མས་དེ་རིགས་ཀྱི་རྒྱབ་ལྗོངས་ལ་ཞིབ་འཇུག་དང་གཟབ་ནན་དགོས་སྐོར་གསུངས་སོང་།

སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་རྒྱ་ནག་གཞུང་ནས་འཐབ་ཕྱོགས་གཅིག་གྱུར་ཁང་བརྒྱུད་ནས་བོད་མིའི་སྤྱི་ཚོགས་ནང་ཁུལ་ལ་དཀའ་ངལ་བཟོ་རྒྱུའི་ཐབས་ཇུས་འདིང་གི་ཡོད་པ་དང་། འདས་ལོར་ཨ་རིའི་གཞུང་གིས་ཨ་རིའི་དམག་མིའི་ནང་ཞུགས་མྱོང་མཁན་གྱི་ཉེན་རྟོག་མི་སྣ་ཞིག་འཛིན་བཟུང་བྱས་པ་དང་། མི་སྣ་དེས་རང་གི་གོ་གནས་བེད་སྤྱོད་བྱས་ཏེ་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་ཚུལ་མཁོ་སྒྲུབ་ཙམ་མ་ཡིན་པར་གནོན་ཤུགས་སྤྲོད་ཐབས་ཀྱང་བྱས་ཡོད་སྟབས། དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་སྐོར་དང་། དེང་སང་ཨ་རི་དང་རྒྱ་གར་སོགས་རྒྱལ་ཁབ་མང་པོས་རྒྱ་ནག་ལ་དོགས་ཟོན་བྱས་པའི་ཐོག་ནས་ཞིབ་འཇུག་བྱེད་ཀྱི་ཡོད་པ་ལྟར། རང་རེའི་བོད་མིའི་སྒྲིག་འཛུགས་ངོས་ནས་དོགས་གཞི་ཅན་གྱི་མི་སྣ་རྣམས་རྩིས་སྤྲོད་སོགས་བྱེད་ཀྱི་ཡོད་མེད་བཀའ་འདྲི་ཞུས་སོང་།

བཀའ་འདྲི་དེར་ཕྱི་དྲིལ་བཀའ་བློན་བློ་བཟང་སེང་གེ་མཆོག་གིས། ཨ་རིའི་གཞུང་གིས་ནེའུ་ཡོག་ནས་རྒྱ་མིའི་སོ་བ་བཟུང་ནས་ཁ་མཆུ་བརྒྱབ་ཡོད་པ་རེད་ལ། ཁ་མཆུའི་དོན་ཚན་ནང་རྒྱ་ནག་གཞུང་ཚབ་ཀྱི་ལས་བྱེད་དང་ཁོ་གཉིས་བར་ལ་བཀའ་མོལ་རེ་གནང་ཡོད་མེད་ཀྱི་ཊེབ་ཐག་ཚང་མ་ཡིག་ཐོག་ལ་ཕབ་སྟེ་དྲ་རྒྱ་བརྒྱུད་བཀྲམ་ཡོད་པ་རེད། དེར་ཚང་མས་གཟིགས་རོགས་གནང་། དེ་གསལ་པོ་ཞེ་དྲགས་རེད། དེའི་ནང་སོ་བ་རང་བྱས་ནས་བེད་སྤྱོད་གཏོང་གི་ཡོད་པ་གསལ་པོ་རེད། དེ་བཞིན་དེ་སྔ་སི་ཝེ་ཌན་ (Sweden) ནས་ཀྱང་སོ་བ་འཛིན་བཟུང་བྱས་པ་རེད། སི་ཝེ་ཌན་གཞུང་རང་གིས་ཁ་མཆུ་བརྒྱབ་ནས་མཐའ་མ་དེར་གཞུང་གིས་ཕྱིར་སློག་གཏོང་རྒྱུའི་ཐག་གཅོད་བྱས་པ་རེད། སྦེལ་ཇམ་ (Belgium) ནང་དུའང་དེ་མཚུངས་ཀྱི་གནས་ཚུལ་བྱུང་བ་རེད། རྒྱ་གར་ལའང་ཉེ་ཆར་བྱུང་བ་རེད། ཆར་ལེ་ཕེན་ (Charlie Peng) གཅིག་པུ་མ་རེད། ད་དུང་བུ་ལོན་གཡར་མཁན་ཡིན་ཟེར་བའི་རྒྱ་མི་སྦྱིན་བདག་ཅིག་གིས་བོད་མི་གཉིས་ཀྱི་མིང་བཏོན་ཡོད་ལ། ཚགས་པར་སྒང་ལ་ཐོན་ཡོད་པ་རེད། དེར་བརྟེན་ཨ་རི་དང་སྦེལ་ཇམ་སོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཚང་མས་རྒྱ་ནག་གཞུང་ཚབ་ཀྱིས་བོད་པ་བེད་སྤྱོད་བཏང་ནས་སོ་མྱུལ་བྱེད་ཀྱི་འདུག་ཟེར་གྱི་ཡོད་པ་རེད། དེ་ཁོ་ཚོས་འཛིན་བཟུང་རང་བྱས་ཏེ་སྟོན་གྱི་ཡོད་པ་རེད། དེ་བཞིན་ཨོ་གླིང་ནང་དུའང་ཡོད་པ་རེད། གཞུང་ཚབ་མཉམ་དུ་འབྲེལ་བ་བྱས་ཏེ་ལས་ཤོག་དང་ཚོགས་པའང་འཛུགས་ཀྱི་ཡོད་པ་རེད། དེ་དག་ཆ་ཚང་ལ་བལྟས་པ་ཡིན་ན། ང་ཚོའི་སྤྱི་ཚོགས་ནང་ལ་རྒྱ་མིའི་སོ་བ་ཡོད་པ་དེ་གསལ་པོ་གསལ་རྐྱང་རེད། དེར་རྩོད་པ་གང་ཡང་ཡོད་པ་མ་རེད། ཅེས་དང་། སྤྱི་ཚོགས་དྲ་ལམ་དུ་འུར་སྒྲ་སྒྲོག་མཁན་ཚོའི་རྒྱབ་ལྗོངས་ལ་ཞིབ་འཇུག་བྱེད་དགོས་པ་དང་། རྒྱ་ནག་གི་སོ་མྱུལ་བ་དེ་ཚོས་བོད་མིའི་འོས་བསྡུའི་ནང་དུའང་ཐེ་བྱུས་བྱེད་ཀྱི་ཡོད་པ་བརྗོད་མི་དགོས་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས། འདས་ལོར་ང་ཚོས་དྲ་རྒྱ་བརྒྱུད་ནས་སུད་སིའི་ཇེ་ནི་ཝ་གླེང་སྟེགས་ (Geneva Forum) དང་འབྲེལ་ནས་ཚོགས་འདུ་ཉིན་གྲངས་གསུམ་ཚོགས་པ་རེད། སྐབས་དེར་རྒྱ་མི་ལ་ཕྱོགས་གཏོགས་དང་ང་ཚོར་སྐྱོན་བརྗོད་བྱེད་པའི་བོད་ཡིག་དང་དབྱིན་ཇི། རྒྱ་སྐད་ཐོག་གི་མཆན་ཁྲི་ ༥ ཐམ་པ་བརྒྱབ་པ་རེད། ང་ཚོས་སྐུ་མགྲོན་གདན་འདྲེན་ཞུས་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཐོག་བཀའ་མོལ་གནང་གི་ཡོད་རེད་དེ། འོག་ལ་རྒྱ་མིའི་རྒྱུག་ཁྱི་དང་རྒྱ་མིའི་ཕོག་བཟའ་མཁན་ཚོས་མཆན་ཁྲི་ ༥ ཐམ་པ་རྒྱག་གི་ཡོད་པ་རེད། དེ་བཞིན་༧གོང་ས་མཆོག་གི་གསུང་ཆོས་རྣམས་རྒྱ་སྐད་ཀྱི་དྲ་རྒྱ་ནས་རྒྱང་སྲིང་གནང་སྐབས། དེར་མཆན་དང་སྐྱོན་བརྗོད་བྱེད་མཁན་ཁྲི་ཕྲག་མང་པོ་ཡོང་གི་ཡོད་པ་རེད། ཉིན་གསུམ་གྱི་ཚོགས་འདུ་ལ་མཆན་ཁྲི་ ༥ དང་ཆུ་ཚོད་ ༣ ལྷག་གི་གསུང་ཆོས་ལ་མཆན་ཁྲི་ཕྲག་མང་པོ་རྒྱག་གི་ཡོད་ན། རྒྱ་མིས་སྤྱི་ཚོགས་དྲ་ལམ་བརྒྱུད་ནས་བོད་པའི་སྤྱི་ཚོགས་ནང་ལ་དཀྲོག་གཏམ་སྤེལ་མཁན་ལས་བྱེད་ག་ཚོད་བཞག་ཡོད་པ་རེད་དམ། དེར་བརྟེན་སྤྱི་ཚོགས་དྲ་བ་བརྒྱུད་གནས་ཚུལ་སླེབས་པ་དེ་ཚོར་ཡིད་ཆེས་མ་བྱེད། ལྟ་མཁན་ཞིག་ཡིན་ནའང་ཞིབ་འཇུག་ཡག་པོ་བྱེད་དགོས་ཞེས་ཞུ་ཡི་ཡོད། ཅེས་དང་། སོ་སོའི་ལུང་ཚན་གྱི་སྐད་འཕྲིན་དང་སྤྱི་ཚོགས་དྲ་བའི་ནང་གཏན་གཏན་སོ་བ་འཛུལ་ཡོད་པ་རེད། དེའི་ནང་ནས་སྐད་ཤུགས་ཆེ་ཤོས་དང་ཧམ་པ་ཆེ་ཤོས། སྐྱོན་བརྗོད་ཆེ་ཤོས་སུས་བྱེད་ཀྱི་ཡོད་མེད་དང་། དེའི་རྒྱབ་ལྗོངས་ལོ་རྒྱུས་སོགས་བསྔོག་ཐུབ་པ་དགོས་ལ། སོ་སོའི་ངོས་ནས་སྤྱང་གྲུང་བྱས་ནས་སྡོད་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་གསུངས་སོང་།

སྤྱི་འཐུས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ནས་དེང་སྐབས་དྲ་ལམ་བརྒྱུད་ཚོགས་འདུ་སོགས་མང་པོ་ཞིག་འཚོག་དགོས་ཀྱི་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོ་དེབ་ཀྱི་དྲ་ལམ་ཁག་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དྲ་ལམ་ཁག་ཏུ་དྲ་འབུ་མང་པོ་ཞིག་གཏོང་གི་ཡོད་སྟབས། མ་འོངས་པར་དེ་ཚོ་དང་འབྲེལ་ནས་གདོང་ལེན་གནང་སྟངས་ཀྱི་ལམ་ཁ་ཞིག་ཡོད་མེད་བཀའ་འདྲི་གནང་བར། ཕྱི་འབྲེལ་བཀའ་བློན་བློ་བཟང་སེང་གེ་མཆོག་ནས་དྲ་རྒྱ་བརྒྱུད་མཆན་མང་པོ་ཞིག་རྒྱག་མཁན་ཡོད་པ་དང་། བོད་ཀྱི་སྒྲིག་འཛུགས་ཀྱི་དྲ་རྒྱ་བརྒྱུད་ནད་འབུ་མང་པོ་ཞིག་གཏོང་གི་ཡོད་པ་དང་། དེ་སྔོན་ནད་འབུ་ཞིག་སླེབས་པ་དང་ལྷན་ཁང་ཆ་ཚང་གི་གློག་ཀླད་སྒོ་བརྒྱབས་ཏེ་ནད་འབུ་འཚོལ་དགོས་ཀྱི་ཡོད་ནའང་། དེང་སྐབས་མཉེན་ཆས་མང་པོ་ཞིག་ཡར་རྒྱས་བཏང་སྟེ། ནད་འབུ་དེ་གང་དུ་ཡོད་ན་གློག་ཀླད་དེ་གཅིག་པུ་གཙང་སེལ་བྱས་ན་འགྲིག་པ་ཞིག་གི་གནས་སྟངས་ཆགས་ཡོད་པ་དང་། ནད་འབུ་མང་པོ་བཏང་ཡོད་ན་སོ་སོའི་གློག་འཕྲིན་ནང་མི་ཡོང་བར་ཐད་ཀར་སྙིགས་སྣོད་དུ་འགྲོ་བ་ཞིག་བཟོས་ཡོད་སྐོར། དེ་བཞིན་མཆན་རྫུན་མ་མང་པོ་ཞིག་འབྲི་མཁན་རྣམས་འགོག་པ་དང་། སྐར་མ་ལྔའི་ནང་མཆན་བཅུ་བྲིས་ཚེ་མཆན་འབྲི་མཚམས་འཇོག་བྱེད་ཐབས་བྱེད་ཀྱི་ཡོད་པ་མ་ཟད། ཁོང་ཚོས་ཐབས་ཇུས་སྡུག་ཏུ་དང་ངན་ཏུ་གཏོང་གི་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་ཆེད་ལས་མི་སྣ་གྲགས་ཅན་དེ་འདྲ་གླས་ཏེ་ཡར་རྒྱས་གཏོང་བར་ཕྱོགས་ཡོངས་ནས་འབད་བརྩོན་བྱེད་ཀྱི་སྐོར་སོགས་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར་དང་། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese