མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཁབ་བཞིའི་ཕྱོགས་ཁག (THE QUAD)

བོད་ཀྱི་དུས་བབ།
༢༠༢༡/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

བློ་བཟང་ལུང་རྟོགས། ཨོ་གླིང་།

ཉེ་བའི་ཆར་རྒྱལ་སྤྱིའི་ཆབ་སྲིད་གླེང་སྟེགས་ཁྲོད་རྒྱབ་ཁབ་བཞིའི་ཕྱོགས་ཁག་ (THE QUAD) ཟེར་བ་ཞིག་ཐོན་བཞིན་ཡོད་པ་དང་། དེ་ཡང་མ་འོངས་པར་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་ཐད་གནད་འགག་ཧ་ཅང་ཆེ་ཞིང་ཐབས་ཇུས་ལ་འབྲེལ་བ་དམ་ཟབ་ཅན་ཞིག་ཡིན་འདུག

 ཉིན་ཤས་སྔོན་རྒྱལ་ཁབ་བཞིའི་ཕྱོགས་ཁག་སྟེ། ཨ་མེ་རི་ཀ་དང་། རྒྱ་གར། ཉི་ཧོང་། ཨོ་སི་ཊོ་ལི་ཡ་བཅས་ཀྱི་ཆེས་མཐོའི་དབུ་ཁྲིད་རྣམ་པས་དྲ་ལམ་བརྒྱུད་ཚོགས་འདུ་ཞིག་བསྡུ་སྐོང་གནང་ཡོད་པ་དང་། སྲིད་དོན་མཁས་དབང་དང་གསར་ལམ་ཁག་ནས་ད་ཐེངས་ཀྱི་ཚོགས་འདུ་དེ་ནི་རྒྱལ་ཁབ་བཞིའི་མ་འོངས་པའི་བདེ་འཇགས་ལ་གོམ་སྟོབས་གསར་པ་ཞིག་སྤོས་པར་ངོས་འཛིན་བྱེད་བཞིན་འདུག རྒྱལ་ཁབ་བཞིའི་ཚོགས་ཁག་བཟོ་དགོས་དོན་ནི་ཨེ་ཤེ་ཡའི་ཁུལ་དུ་རྒྱ་ནག་གི་བྱ་སྤྱོད་ལ་གདོང་ལེན་ཆེད་ཡིན་སྐོར་མངོན་གསལ་དོད་པོའི་ཐོག་ནས་བརྗོད་ཀྱི་མེད་ཀྱང་། རྒྱལ་ཁབ་དེ་རྣམས་ཀྱིས་ཕྱོགས་ཁག་སྒྲིག་ན་རང་ཉིད་ལ་ཁེ་ཕན་གང་ཡོད་དམ་ཟེར་བའི་དྲི་བ་ཞིག་རང་བཞིན་གྱིས་སླེབས་ཀྱི་ཡོད།

༢༠༡༧ ལོར་རྒྱལ་ཁབ་བཞིའི་ཕྱོགས་ཁག་སྐོར་ལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་མང་པོ་ཞིག་ཐོན་ཡོད་ཀྱང་། དོན་དངོས་ཐོག་ཕྱི་ལོ་༢༠༠༤ ནང་རྒྱ་གར་རྒྱ་མཚོའི་མངའ་ཁུལ་དང་ལྷོ་ཤར་ཨེ་ཤེ་ཡའི་ནང་དུ་རྒྱ་མཚོའི་རྦ་རླབས་འཁྲུག་པའི་གོད་ཆག་བྱུང་སྐབས་ནས་མཉམ་ལས་གནང་བ་འགོ་ཚུགས་པ་ཞིག་ཡིན་པ་ལས། རྒྱལ་ཁབ་ཁག་བཞིའི་ཕྱོགས་ཁག་དེ་རྒྱ་ནག་ལ་ཆེད་དུ་དམིགས་ནས་བཙུགས་པ་ཞིག་མིན་ཚུལ་བརྗོད་ཀྱི་ཡོད། འོན་ཀྱང་། རྒྱ་ནག་གཞུང་གིས་ཕྱོགས་ཁག་དེའི་སྐོར་ལ་བློ་འཚབ་ཆེན་པོ་དང་བཅས་དོ་སྣང་བྱས་ཡོད་པར་མ་ཟད། རང་ནུས་གང་ཡོད་ཀྱིས་ཚོགས་ཁག་དེ་ལམ་ལྷོངས་མི་ཡོང་བའི་ཆེད་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་ཡོད།

ཕྱི་ལོ་༢༠༡༥ དང་ ༢༠༡༦ ནས་བཟུང་རྒྱ་ནག་གི་འགོ་འཁྲིད་ཞི་ཅིང་ཕིན་གྱིས་གདེང་ཚོད་ཆེན་པོའི་སྒོ་ནས་ཕྱི་སྲིད་ཀྱི་ལས་དོན་སྤེལ་པར་བརྟེན་ནས། ཕྱོགས་ཁག་དེའི་གྲོས་བསྡུར་ཡང་སྔར་ལས་རྒྱ་ཆེ་རུ་དང་གཏིང་ཇེ་ཟབ་ཏུ་ཕྱིན་ཡོད་པ་དང་། སྐབས་དེའི་ཉི་ཧོང་གི་སྲིད་བློན་ཞིན་ཛོ་ཨ་སྦེ་མཆོག་ནས་དེའི་སྐོར་ལ་དམིགས་བསལ་གྱི་ཕྱག་ལས་གནང་ཡོད་འདུག

རྒྱལ་ཁབ་རྣམས་ཀྱི་ཆེས་མཐོའི་དབུ་ཁྲིད་རྣམས་ཀྱི་ཚོགས་འདུ་དེ་མ་བསྡུས་པའི་སྔོན་དུ་ཕྱི་འབྲེལ་བློན་ཆེན་རྣམས་པའི་ཚོགས་འདུ་ཞིག་བསྐོང་ཚོགས་ཀྱིས་ནང་མོལ་བགྲོ་གླེང་ལྷུག་པོ་བྱུང་ཡོད་ཅིང་། ད་ཐེངས་ཀྱི་མཛད་སྒོ་ལྟ་བུའི་ཆེས་མཐོའི་དབུ་འཁྲིད་རྣམ་པའི་ཚོགས་འདུའི་རྗེས་སུ་ནང་མོལ་གྱི་གནས་ཚུལ་རྣམས་རིམ་བཞིན་བརྒྱུད་ལམ་ཁག་ལ་ཐོན་བཞིན་ཡོད་པ་རེད།

ཉིན་ཤས་སྔོན་ཨོ་སི་ཊོ་ལི་ཡའི་སྲིད་བློན་མོ་རེ་སི་མཆོག་གིས་ “སྒྲིག་འཛུགས་དེ་བཞིན་མངའ་ཁུལ་འདིའི་ནང་ཞི་བདེ་བསྐྲུན་པའི་རྩིག་རྨང་ཡིན་པ་དང་། དམིགས་ཡུལ་ནི་མང་གཙོའི་རྒྱལ་ཁབ་རྣམས་ཀྱི་གུ་ཡངས་དང་། བདག་དབང་བཅས་ལ་སྲུང་སྐྱོབ་བྱེད་པ་མ་ཟད། ཕན་ཚུན་འབྲེལ་གཏུགས་བྱས་པ་བརྒྱུད་རྒྱལ་ཁབ་རྣམས་ཀྱི་སྤྱི་དམངས་ལ་ཕན་ཞིང་། མངའ་ཁུལ་དེའི་ཞི་བདེ་དང་འཕེལ་རྒྱས་ལའང་ཕན་པ་ཡོད་” ཅེས་གསུངས་འདུག

དབུ་ཁྲིད་རྣམ་པའི་ལྷན་ཚོགས་སྟེང་ཏོག་དབྱིབས་རིམས་ནད་དང་། གོ་ལའི་གནམ་གཤིས་འགྱུར་ལྡོག འཕྲུལ་རིགས་ལ་གནད་འགག་ཆེ་བའི་རྒྱུ་ཆ་མཁོ་འདོན་སྐོར་དང་། རྒྱ་གར་ནས་བཟོ་སྐྲུན་བྱས་པའི་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་སྨན་ཁབ་རྣམས་རྒྱ་གར་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་ལ་འགྲེམས་གཏོང་བཅས་ཀྱི་སྐོར་མུ་མཐུད་གྲོས་བསྡུར་གནང་རྒྱུ་ཡིན་འདུག

ཕྱོགས་ཁག་དེའི་ཐབས་ཇུས་ཀྱི་དམིགས་ཡུལ་གསལ་སྟོན་བྱས་མིན་ལ་མ་བལྟས་པར། ཕྱོགས་ཁག་འདི་ལྟ་བུ་ཞིག་འཛུགས་དགོས་པའི་དམིགས་གཏད་ནི་རྒྱ་ནག་གཞུང་ཡིན་པ་སྲིད་དོན་མཁས་པ་མང་པོས་ངོས་འཛིན་ཞུ་བཞིན་ཡོད་པར་མ་ཟད། རིམ་བཞིན་ཨེ་ཤེ་ཡའི་ནེ་ཊོ་ཆིངས་དོན་སྒྲིག་འཛུགས་(ASIAN NATO) ལྟ་བུ་ཞིག་ཏུ་འགྱུར་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད། འདས་པའི་ལོ་ཤས་རིང་རྒྱ་གར་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་དུ་ཨ་རི་དང་ཉི་ཧོང། རྒྱ་གར་བཅས་ནས་དམག་སྦྱོང་བྱས་པར་ཨོ་སི་ཊོ་ལི་ཡ་མཉམ་ཞུགས་བྱས་མེད་ཀྱང་། ད་ལོ་ཨོ་སི་ཊོ་ལི་ཡའི་དམག་དཔུང་ཀྱང་དམག་སྦྱོང་དེར་མཉམ་ཞུགས་བྱས་ཡོད་འདུག

ཨོ་སི་ཊོ་ལི་ཡའི་སྲིད་བློན་མཆོག་གིས་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་སྐོར་ལ་རང་དབང་ལྡན་པའི་ཚོགས་པ་ཞིག་གིས་ཞིབ་འཇུག་གནང་གལ་ཆེ་སྐོར་གསུང་བཤད་གནང་བར་བརྟེན། རྒྱ་གཞུང་དང་ཨོ་སི་ཊོ་ལི་ཡའི་གཞུང་གཉིས་ཀྱི་འབྲེལ་བར་ཉམས་ཆག་ཆེན་པོ་བྱུང་ཡོད་པར་མ་ཟད། རྒྱ་མིའི་སློབ་ཕྲུག་ཨོ་སི་ཊོ་ལི་ཡར་མི་གཏོང་བ་དང་། འབྲུ་རིགས་དང་ཤ་རིགས། རྒུན་ཆང་། རྡོ་སོལ་སོགས་ཕྱིར་གཏོང་ལ་ཚད་བཀག་བཟོས་ཏེ་དཔལ་འབྱོར་གྱི་དམག་འཁྲུག་བརྒྱབ་ཡོད་པ་རེད།

བརྒྱུད་རིམ་དེའི་ཁྲོད་རྒྱལ་ཁབ་མང་པོའི་གཞུང་དམངས་གཉིས་ཀྱིས་མ་བགྲོས་བསམ་པ་གཅིག་མཐུན་ལྟ་བུར་རྒྱ་གཞུང་གི་ཁ་གཏད་གཅོག་ཆེད་ཐབས་ཇུས་ཀྱི་ཁ་ཕྱོགས་བསྒྱུར་བཞིན་པའི་རྣམ་པ་ཆེན་པོ་ཐོན་བཞིན་པ་དང་། ཉེ་ཆར་ཨ་རི་དང་རྒྱ་ནག་གི་མཐོ་རིམ་དབུ་འཁྲིད་ཀྱི་གྲོས་མོལ་སྐབས་ཀྱང་ཕྱོགས་གཉིས་དབར་འགལ་བ་ཤུགས་ཆེན་པོ་ཡོད་པ་སོགས་རྒྱལ་སྤྱིའི་ཆབ་སྲིད་ལ་འཕོ་འགྱུར་ཆེན་པོ་ཞིག་འབྱུང་བཞིན་ཡོད་པར་བརྟེན་འགྱུར་བ་འདིའི་ཁྲོད་བོད་ཀྱི་རྩ་དོན་འཐབ་རྩོད་ལ་གོ་སྐབས་ངེས་ཅན་ཞིག་ཡོད་པ་ཡང་ཟུར་བལྟས་ལེབ་མཐོང་ལྟ་བུ་ལགས།

གནས་ཚུལ་ཡོངས་ཁུངས།

ཨོ་སི་ཊོ་ལི་ཡའི་གསར་འགྱུར་བརྒྱུད་ལམ་ཁག་དང་སྲིད་བློན་གྱི་གསུང་བཤད་བཅས་ལ་གཞིར་བཞག་པའོ།།

ནེ་ཊོ།

ནེ་ཊོ་ཆིངས་དོན་སྒྲིག་འཛུགས་ནི། ཕན་ཚུན་དམག་དོན་རོགས་སྐྱོར་ཆེད་བཙུགས་པའི་ཨ་རི་དང་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་དུ་མའི་མཐུན་ཚོགས་ཤིག

འབྲེལ་ཡོད་གསར་འགྱུར།

Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༠ སྔོན་ལ།
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

ཆུ་ཚོད་ ༡༠ སྔོན་ལ།
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

༢༠༢༦/༠༩/༠༧
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥

མཆན། 1

  1. གཙུག་ན་ཏོག says:
    ལོ་ 5 སྔོན།

    རྒྱལ་ཁབ་དེ་ཚོའི་མིང་འབྲི་སྟངས་གཅིག་མཐུན་བྱུང་ན་ཀུན་ལ་ཕན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese