མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཅར་རྡུང་གཏོང་མཁན་བོད་རིགས་བུ་མོ་གསུམ་ལ་འདྲི་རྩད།

བོད་ཀྱི་དུས་བབ།
༢༠༢༡/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ཚོགས་དྲ་ལམ་དུ་བོད་རིགས་བུ་མོ་ཆུང་ཆུང་ཞིག་ལ་གཅར་རྡུང་གཏོང་བཞིན་པའི་བརྙན་ཐུང་དང་འབྲེལ་ཏེ་ཉེན་རྟོག་པས་བོད་རིགས་བུ་མོ་གསུམ་བཀག་ཉར་བྱས་ཏེ་འདྲི་རྩད་གཅོད་ཀྱིན་ཡོད་འདུག

ཁ་སང་དེ་རིང་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་དྲ་ལམ་ཁག་ཏུ། བོད་རིགས་བུ་མོ་ཞིག་གིས་བུ་མོ་གཞན་ཞིག་ལ་གཅར་རྡུང་མང་པོ་གཏོང་བཞིན་ཡོད་པའི་བརྙན་ཐུང་འགའ་བརྒྱུད་སྐུར་བྱས་ཏེ། རྩོམ་པ་པོ་དང་སློབ་གསོ་བ་གཙོ་བོར་གྱུར་བའི་མི་ཧ་ཅང་མང་པོ་ཞིག་གིས་སེམས་ཚོར་ཆེན་པོའི་ཐོག་ནས་གཅར་རྡུང་བྱེད་སའི་བུ་མོ་དེར་གདུང་སེམས་མཉམ་སྐྱེད་དང་སྦྲགས། སློབ་གྲྭ་ཁག་གིས་ངེས་པར་དུ་སློབ་མའི་བདེ་འཇགས་སྲུང་སྐྱོབ་དང་ཀུན་སྤྱོད་ངན་པ་འགོག་ཐབས་དགོས་པའི་སྐོར་གྱི་བསམ་ཚུལ་ཡིག་ངག་གཉིས་ནས་ཧ་ཅང་མང་པོ་སྤེལ་བཞིན་འདུག་ལ། ཁ་སང་ཕྱི་ཚེས་ ༥ ཉིན་མཚོ་ལྷོ་ཁུལ་སློབ་གསོ་ཁང་ནས་ཉེས་རྡུང་དོན་རྐྱེན་དེ་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༦ ཉིན་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་བུ་མོའི་ཉལ་ཁང་ཞིག་གི་ནང་བྱུང་ཡོད་ཀྱང་། གཅར་རྡུང་བྱེད་སའི་བུ་མོ་དང་ཉལ་ཁང་དེའི་བུ་མོ་ཚོ་འཁོན་ལན་སློག་པར་སྐྲག་སྟེ་གསང་བ་བྱས་རྐྱེན་ད་ལྟ་བར་དུ་རྩད་གཅོད་ཐུབ་མེད་སྐོར་དང་། གཅར་རྡུང་དོན་རྐྱེན་དེ་དང་འབྲེལ་ནས་ཉེན་རྟོག་པས་བོད་རིགས་བུ་མོ་གསུམ་བཀག་ཉར་བྱས་ཏེ་འདྲི་རྩད་བྱེད་བཞིན་ཡོད་སྐོར་བསྒྲགས་འདུག

དྲ་ལམ་དུ་ཁྱབ་བཞིན་པའི་བརྙན་ཐུང་ཁག་གི་ནང་དུ། བུ་མོའི་ཉལ་ཁང་ཞིག་ཏུ་བོད་རིགས་བུ་མོ་ཞིག་གིས་བོད་རིགས་བུ་མོ་ཆུང་བ་ཞིག་གི་སྐེ་བཙུར་བ་དང་། འགྲམ་ལྕག་དང་རྡོག་རྒྱག་གཞུས་ཏེ་གཅར་རྡུང་ཚད་མེད་གཏོང་ཞོར་དུ། བུ་མོ་ཆུང་བ་དེ་དང་འབྲེལ་བའི་རྒྱུ་རྐྱེན་ཞིག་གིས་མོ་སློབ་གྲྭར་འགྲོ་ཐུབ་མེད་སྐོར་སོགས་བརྗོད་ཀྱི་ཡོད་པ་མ་ཟད། གལ་སྲིད་ཉེས་རྡུང་བཏང་བ་དགེ་རྒན་སོགས་ལ་བཤད་ན་རྩ་བའི་བླ་མ་དཔང་དུ་བཙུགས་ནས་གསོད་རྒྱུ་ཡིན་པའི་འཇིགས་སྐུལ་གཏོང་གི་འདུག་ལ། ཉེ་འགྲམ་དུ་ཡོད་པའི་བོད་རིགས་བུ་མོ་རེ་ཟུང་ཞིག་གིས་བར་ཕྱེ་ཐབས་ཙམ་བྱས་པ་མ་གཏོགས་གཞན་རྣམས་གད་མོ་ཤོར་བ་དང་། གཅར་རྡུང་བྱེད་ས་དེར་དམའ་འབེབ་ཀྱིས་ཚིག་ངན་བརྗོད་ཀྱི་འདུག་ལ། གཅར་རྡུང་བྱེད་སའི་བུ་མོ་ཆུང་ཆུང་དེ་ཨ་མ་མེད་པའི་དྭ་ཕྲུག་ཅིག་ཡིན་སྐོར་ཡང་བརྗོད་ཀྱི་འདུག

མཚོ་ལྷོ་ཁུལ་སློབ་གསོ་ཁང་གི་ཡོངས་བསྒྲགས་བྱས་པའི་གནས་ཚུལ་དེའི་ནང་། ཁེ་ཉིན་ཕྱི་ཚེས་ ༤ ཉིན་༢༠༢༠ ལོའི་ཐང་གའི་འཛིན་གྲྭའི་ཁྱིམ་བདག་ཚོགས་པ་ཞེས་པའི་སྐད་འཕྲིན་ཚོགས་པ་ཞིག་གི་ནང་དུ་བརྙན་ཐུང་དེ་བརྒྱུད་སྐུར་བྱས་རྗེས་གཞི་ནས་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡ ཉིན། བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ་ནས་ཡིན་ཞིང་།  གནས་སྐབས་སུ་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭར་བསྡད་ཡོད་པའི་བུ་མོ་སྒྲོན་མིང་ཅན་ཞིག་དང་མོའི་གྲོགས་མོ་ཞིག་གིས། མཚོ་ལྷོ་ཁུལ་རིགས་ལག་རྩལ་སློབ་གྲྭའི་ ༢༠༢༠ ལོའི་ཕྱུགས་ལས་སྨན་པའི་འཛིན་གྲྭའི་སློབ་མ་བུ་མོ་ཀླུ་མིང་ཅན་ཞིག་ལ་དོན་དག་ཆུང་ཆུང་ཞིག་གི་ཐོག་ནས་རྩོད་པ་ཤོར་བར་བརྟེན། ཕྱི་ཟླ་ ༣ ཚེས་ ༦ ཉིན་གྱི་དགོང་མོར་བུ་མོ་དེ་གཉིས་ཀྱིས་དཔུང་རོགས་བུ་མོ་གསུམ་འཁྲིད་དེ། ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་ནང་ཀླུ་མིང་ཅན་གྱི་བུ་མོ་དེ་འཚོལ་དུ་ཕྱིན་ནས་མོ་ལ་གཅར་རྡུང་བཏང་ཡོད་པ་དང་། དཔུང་རོགས་བུ་མོ་གཞན་གཉིས་ཀྱིས་སྒྲོན་མིང་ཅན་གྱི་བུ་མོ་དེའི་ཁ་པར་ནང་ནས་གཅར་རྡུང་བཏང་བའི་བརྒྱུད་རིམ་རྣམས་བརྙན་དུ་བླངས་ཡོད་སྐོར་དང་། ཉལ་ཁང་དོ་དམ་པ་དང་འཛིན་བདག་སོགས་ནས་བུ་མོ་དེའི་ངོ་གདོང་སོགས་ལ་རྨ་རྗེས་ཡོད་པ་མཐོང་ནས་སྐད་ཆ་འདྲི་སྐབས། མོ་རང་སྐེས་འཛེགས་ནས་བརྡབས་ཏེ་རྨ་བཟོས་པ་ཡིན་ལུགས་སོགས་བརྗོད་དེ་གསང་བ་བྱས་ཡོད་སྐོར་བསྒྲགས་འདུག

གནད་དོན་དེའི་ཐད་ཁྲིམས་གླེང་དྲ་བའི་བདག་པོ་ཁྲིམས་རྩོད་པ་སྒྲོལ་མ་སྐྱབས་ལགས་ཀྱིས། སློབ་མ་ལོ་ཆུང་སྟེ་ལྷག་པར་དུ་ལོ་བཅུ་དྲུག་དང་བཅུ་བཞི་མན་གྱི་གཞོན་སྐྱེས་རྣམས་ལ་སྤངས་བླངས་ཀྱི་གནས་འབྱེད་པའི་རྩོལ་ནུས་ཞན་པའི་དབང་གིས། ཁོ་ཚོའི་བྱས་ཉེས་ཕལ་ཆེ་བར་ཉེས་ཁྲིམས་ཀྱིས་བདའ་འདེད་མི་བྱེད་པའི་གུ་ཡངས་ཡོད་པར་བརྟེན།  སློབ་མའི་བར་ཐུབ་ཚོད་གཏོང་བའི་བརྙན་ཐུང་དང་པར་སོགས་བརྒྱུད་སྐུར་བྱེད་དུས། ཐུབ་ཚོད་གཏོང་མཁན་དང་ཐེབས་མཁན་སོགས་ཀྱི་མ་འོངས་པའི་ལུས་སེམས་ཀྱི་འཚར་ལོངས་བདེ་ཐང་སླད། ཁོ་ཚོའི་ངོ་གདོང་མི་གསལ་བར་བྱས་ཏེ་བརྒྱུད་སྐུར་བྱ་རྒྱུ་གལ་ཆེན་ཡིན་པ་དང་། ཐེངས་འདིའི་སློབ་མས་སློབ་མར་གཅར་བའི་གནད་དོན་དེ་ནི་སློབ་མ་དང་ཁྱིམ་བདག་ཁོ་ནའི་བྱས་ཉེས་ཤིག་མིན་པར་སློབ་གྲྭ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། ཉེ་སྔོན་རྒྱ་ནག་ནང་སློབ་མས་སློབ་མར་གཅར་བའི་མཇུག་འབྲས་སུ་སློབ་གྲྭ་ལ་ཚ་འདེད་བྱས་ཏེ། སློབ་གྲྭའི་སློབ་གཙོ་གནས་དབྱུང་བཏང་བ་དང་འཛིན་གྲྭའི་འགན་འཁུར་དགེ་རྒན་ལ་སློབ་ཁྲིད་བྱེད་མི་ཆོག་པའི་ཉེས་ཆད་བཏང་ཡོད་སྐོར་བརྗོད་འདུག

དྲ་ལམ་ཁག་ཏུ་དོན་རྐྱེན་དེ་ལ་སེམས་ཚོར་ཆེན་པོས་ཡིག་ངག་གཉིས་ཐོག་ནས་སྐྱོན་བརྗོད་དང་བློ་ཕམ་བྱེད་ཀྱི་འདུག་ལ། མང་ཆེ་བ་ཞིག་གིས་རྒྱ་ནག་ནང་ལོགས་ཀྱི་སློབ་གྲྭ་ཁག་ཏུ་སློབ་མ་དཔུང་ཤུགས་ཅན་ཚོས་ཉམ་ཆུང་སློབ་མ་མང་པོར་གཅར་རྡུང་མནར་གཅོད་གཏོང་བ་དང་། ཐ་ན་རུབ་རྡུང་བྱས་ཏེ་དམར་གསོད་ཀྱི་ཡ་ང་བའི་གནད་དོན་བསྟུད་མར་འབྱུང་བཞིན་ཡོད་ལ། སྙིང་རྗེ་ཡིས་དབུལ་ཞིང་གདུག་རྩུབ་ཀྱིས་ཁེངས་བའི་བསམ་སྤྱོད་ངན་པ་དེ་དག་དངོས་ཤུགས་བརྒྱུད་གསུམ་ནས་བོད་ཡུལ་གྱི་སློབ་གྲྭ་ཁག་ཏུའང་བྱུང་དང་འབྱུང་མུས་ཡིན་ལ། བསམ་སྤྱོད་ཐ་ཤལ་བ་དེ་ཚོར་སློབ་ཕྲུག་གི་ཕ་མ་དང་སྤྱི་ཚོགས། ལྷག་པར་དུ་སློབ་གྲྭ་ཁག་ནས་ངེས་པར་དུ་འགན་ལེན་དགོས་སྐོར་བརྗོད་ཀྱི་འདུག

རྒྱ་ནག་ནང་ལོགས་ཀྱི་སློབ་གྲྭ་ཆུང་འབྲིང་ཁག་ནང་སློབ་མས་སློབ་མར་གཅར་རྡུང་བཏང་བ་དང་རུབ་རྡུང་དམར་གསོད་བཏང་བའི་གནད་དོན་བསྟུད་མར་འབྱུང་གི་ཡོད་པ་དང་། ཕྱི་ལོ་ ༢༠༠༢ ལོར་ཧྲན་ཏུང་ཞིང་ཆེན་གྱི་གཙུག་ལག་སློབ་གྲྭ་ཆེན་མོས་དེའི་སྐོར་ལ་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་གི་སློབ་ཕྲུག་བརྒྱ་ཆ་ ༡༤།༩ ཙམ་ལ་སློབ་གྲྭའི་ནང་བརྙས་བཅོས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པའི་ཁྲོད། སློབ་ཕྲུག་ཕལ་ཆེ་བར་ལུས་སེམས་གཉིས་དང་ལྷག་པར་དུ་ཁག་ཅིག་ལ་ཚེ་གང་དྲན་པ་བརྗེད་ཐབས་མེད་པའི་འཇིགས་སྐུལ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་བཀོད་ཡོད་པ་དང་བསྟུན། སློབ་མའི་བདེ་འཇགས་སྲུང་སྐྱོབ་ཐད་ནས་རྒྱ་ནག་ནི་འཛམ་གླིང་གི་རྒྱལ་ཁབ་ཚང་མའི་རྗེས་སུ་ལུས་ཡོད་པ་དང་། དམིགས་བསལ་ལོ་ན་ ༡༤ མན་གྱི་སློབ་མས་ནག་ཉེས་བཟོས་ཚེ། ཕ་མ་དང་མ་ཚབ་ཀྱི་སར་བཏང་སྟེ་སློབ་གསོ་སྤྲོད་ཀྱི་ཡོད་ཅིང་། ལོ་ན་༡༨ ཡན་གྱི་སློབ་མས་ནག་ཉེས་བཟོས་ཚེ་ཉེས་ཆད་ཧ་ཅང་ཡང་པོ་གཅོད་ཀྱི་ཡོད་པའི་རྐྱེན་གྱིས། སློབ་མའི་བདེ་འཇགས་སྲུང་སྐྱོབ་ཐད་ནུས་པ་གང་ཡང་ཐོན་གྱི་མེད་སྐོར་བཀོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

༢༠༢༦/༠༨/༢༢
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese