མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དཔེའི་སྒོ་ནས་དཔྱད་པ།

བོད་ཀྱི་དུས་བབ།
༢༠༢༡/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp
ཆབ་བྲག་ལྷ་མོ་སྐྱབས།

ཀ༽ བཅའ་ཁྲིམས་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ།

ང་ཚོའི་བཅའ་ཁྲིམས་རིན་པོ་ཆེ་འདི་ལྷ་སྲས་ཤིག་ཡིན་པར་དཔེ་བཞག་ན། ཡབ་ཆེན་ནི་ཟམ་གདོང་རིན་པོ་ཆེ་དང་ཡུམ་ཆེན་ནི་སྐབས་བཅུ་གཅིག་པའི་ཁྲིམས་བཟོ་ལྷན་ཚོགས་ཡིན་ཏེ། རིན་པོ་ཆེ་ནི་ཕྱི་ལོ་༡༩༩༠ ལོར་ཐད་བསྐོས་རྩ་ཁྲིམས་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་ཡིན་ལ། ༡༩༩༡ ལོར་སྐབས་བཅུ་གཅིག་པའི་ཐད་བསྐོས་བོད་མི་མང་སྤྱི་འཐུས་དང་སྤྱི་མོས་ཚོགས་གཙོ་གནང་ནས། སྤྱི་འཐུས་ལྷན་ཚོགས་དེ་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོར་བསྒྱུར་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་ཡོད། དེ་ཡང་བཅའ་ཁྲིམས་ཀྱི་སྔོན་གླེང་ནང་། “ཕྱི་ལོ་ ༡༩༩༡ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་གནང་མཛད་པ་ལྟར། སྤྱི་འཐུས་སྐབས་བཅུ་གཅིག་པས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ་བ་བཅས་ལ་བརྟེན་ནས། བཙན་བྱོལ་བོད་གཞུང་འདི་གཞི་རྩའི་ཁྲིམས་ཡིག་ཡོད་པའི་དེང་རབས་མང་གཙོའི་འགྲོ་ལུགས་དང་མཐུན་པ་ཞིག་ཏུ་བསྒྱུར་གནང་མཛད།” ཅེས་པ་འདིའི་མཛད་འགན་གཙོ་བོ་བཞེས་ཡོད།

ང་ཚོའི་བཅའ་ཁྲིམས་འདི་རྒྱལ་པོ་རིན་པོ་ཆེ་ལྟ་བུ་ཞིག་ཡིན་ན། ཟམ་གདོང་རིན་པོ་ཆེ་ནི་འགྲན་ཟླ་ཀུན་བྲལ་གྱི་བློན་པོ་རིན་པོ་དེ་ཡིན་འོས། བློན་པོ་རིན་པོ་ཆེས་རྒྱལ་པོའི་བཀའ་དགོངས་ཇི་བཞིན་དུ་ལས་དོན་མཐའ་དག་ནོར་འཁྲུལ་མེད་པར་སྒྲུབ་ཐུབ། གལ་ཏེ་བློན་པོ་འདི་མེད་ན་ཐ་ན་རྒྱལ་པོ་ལ་སྲུང་སྐྱོབ་ཀྱང་མི་ཐུབ་པའི་ཚོད་རེད།

ང་ཚོའི་བཅའ་ཁྲིམས་འདི་རྣོ་དབལ་ལྡན་པའི་རལ་གྲི་སོ་གཉིས་མ་ཞིག་ཡིན་ན། ཟམ་གདོང་རིན་པོ་ཆེ་ནི་སྲུང་གསོད་ཀྱི་རལ་གྲིའི་དྲག་རྩལ་ལ་བྱང་ཆུབ་པའི་དཔའ་མཛངས་ལྡན་པའི་དམག་དཔོན་རིན་པོ་ཆེ་དེ་ཡང་ཡིན་ངེས། ད་ལྟ་རལ་གྲི་གཡུག་མ་ཤེས་པར་རང་གཞན་གཉི་ག་གསོད་པ་མཐོང་ངོ།

ང་ཚོའི་བཅའ་ཁྲིམས་འདི་གསུང་རབ་རྩ་ཆེན་ཞིག་ཡིན་པའི་དབང་དུ་བཏང་ན། རྩོམ་པ་པོ་ནི་ཟམ་གདོང་རིན་པོ་ཆེ་ཡིན་ལ་དེ་འཆད་འཁྲིད་གནང་མཁན་ཡང་ཁོང་ལས་ལྷག་པ་སུ་ཞིག་མེད་པ་ད་བར་གྱི་ལག་ལེན་དངོས་ཀྱི་བྱུང་རིམ་ལས་ར་སྤྲོད་ཐུབ་ཡོད།

ང་ཚོའི་བཅའ་ཁྲིམས་འདི་ནི་ས་ཁྲ་ཆེན་པོ་ཞིག་དང་འདྲ། གནད་འགག་གི་ས་ལམ་ཚང་མ་ཧ་ཅང་གསལ་བོར་བྲིས་ཡོད། ས་ཁྲ་འབྲི་མཁན་ཡང་ཡིན་ལ་ལམ་རྒྱུས་ཡོད་མཁན་ཡང་ཡིན་པའི་ལམ་སྟོན་པ་རིན་པོ་ཆེ་ཁོང་ཕེབས་ནས་ང་ཚོར་ས་ཁྲ་ལ་ལྟ་ཚུལ་མཛུབ་སྟོན་གནང་བྱུང་། སྲིད་སྤྱི་གཉིས་ཀྱི་འོས་གཞི་མི་སྣ་འགའ་རེས་བཅའ་ཁྲིམས་ལ་གསལ་ཁ་མེད་པས་བསྐྱར་ཞིབ་ཡག་པོ་གནང་དགོས་ཟེར་བ་དག་ལ་ཡང་ཞོར་དུ་འགྲམ་ལྕག་ཚ་ཐག་ཆོད་པ་རེ་གཞུས་གནང་བྱུང་། རིན་པོ་ཆེ་ལགས་བཀའ་དྲིན་ཆེའོ།།

ཁ༽ མི་མང་དང་དབུ་ཁྲིད།

གལ་ཏེ། མི་མང་ནི་ལུག་ཁྱུ་ཞིག་ཡིན་ན། འཚོ་སྐྱོང་མཁན་ནི་དབུ་ཁྲིད་རྣམས་ཡིན་དགོས། ལུག་རྫི་ཡག་པོ་ཞིག་ཡིན་མིན་ནི་ལུག་འཚོ་སྐྱོང་ཚུལ་དང་ལྡན་པ་ཞིག་བྱེད་ཐུབ་མིན་ལ་ཐུག ད་ལོའི་ང་ཚོའི་ལུག་ཁྱུ་འདི་ཅི་འདྲ་འདུག ཤ་ཤེད་རྒྱས་ཡོད་དམ། འཕེལ་ཁ་རྒྱས་ཡོད་དམ།

གལ་ཏེ། མི་མང་ནི་བཟའ་མི་རྣམས་དང་འདྲ་ན། དབུ་ཁྲིད་ནི་བཟའ་དཔོན་ཡིན། བཟའ་དཔོན་ནི་ཁྱིམ་མི་ཚང་མར་བདག་གཅེས་ཐུབ་མཁན་ཞིག་མིན་ཚེ། ཁྱིམ་ཚང་འཐོར་ཞིག་ལ་འགྲོ་ཉེན་ཆེ། ང་ཚོའི་ཁྱིམ་ཚང་འདི་ཅི་འདྲ་འདུག ནང་མི་རྣམས་ལ་སྤྲོ་སྐྱིད་འདུག་གམ། མཉམ་ལས་ཀྱི་བརྩོན་སེམས་འདུག་གམ།

གལ་ཏེ། མི་མང་ནི་སློབ་གྲྭ་ཞིག་གི་སློབ་མ་རྣམས་ཡིན་ན། སློབ་སྤྱི་ནི་སྲིད་སྐྱོང་དང་དགེ་རྒན་ནི་སྤྱི་འཐུས་རྣམས་ཡིན་དགོས། སློབ་མ་ཡར་རྒྱས་འགྲོ་ཐུབ་ཀྱི་མེད་ན། གཙོ་བོ་སློབ་སྤྱི་དང་དགེ་རྒན་རྣམ་པའི་འགན་ཁུར་བ་མ་བཟང་བ་ཡིན་ངེས། ང་ཚོའི་སློབ་གྲྭ་འདི་ཅི་འདྲ་འདུག དགེ་སློབ་ཀྱི་མཛའ་བརྩེ་ཟབ་བམ། འབྱུང་འགྱུར་ལ་རེ་བ་ཡོད་དམ།

དམངས་གཙོ་ནི་ཁང་བཟངས་ཤིག་ཡིན་ན། གྲོས་ཚོགས་ནི་ཁང་པ་བཟོ་མཁན་ཡིན། མི་མང་ནི་ཁང་བཟངས་ནང་དུ་སྡོད་མཁན་ཡིན་ལ་ཁང་པ་སྲུང་སྐྱོབ་པ་ཡང་ཡིན། ང་ཚོའི་ཁང་བཟངས་འདིར་རིན་པོ་ཆེའི་ཀ་ཆེན་གསུམ་ཡོད། ཀ་བ་གཅིག་མེད་ན་ཡང་ཁང་པ་རྡིབ་ཉེན་ཆེ། ཁང་པ་བརྡིབས་སོང་ན་མི་མང་ཇི་ལྟར་སྡོད།

ག༽ མཐའ་དོན་གསལ་འདེབས།

གོང་གི་དཔེ་འཇོག་དེ་དག་ནི་རང་ངོས་ནས་ང་ཚོའི་སྤྱི་ཚོགས་ཀྱི་གནད་དོན་ཆེ་ཁག་འགའ་ལ་བསམ་བློ་བཟང་ཕྱོགས་ནས་བཏང་ནས་མི་མང་ལ་ཡང་སྐུལ་མ་གཏོང་བའི་ཁུལ་ཡིན།

བཅའ་ཁྲིམས་རིན་པོ་ཆེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་དན་རྟགས་དང་རྩ་འཛིན་གོང་ན་མེད་པའི་རྩ་ཁྲིམས་རེད། དམངས་གཙོ་ནི་ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་བྱེད་དགོས། ཁྲིམས་ལུགས་ནི་ཁྲིམས་འཛིན་པ་དང་ཁྲིམས་བཟོ་བ། ཁྲིམས་ལུགས་འཛིན་སྐྱོང་པ་གསུམ་པོ་གཙོས་མི་མང་ཚང་མས་བཀུར་དགོས། སུས་ཀྱང་གནོད་འགལ་བྱེད་མི་ཆོག་པ་རེད། གལ་ཏེ་གནོད་འགལ་བྱེད་མཁན་སུ་ཞིག་ཡོད་ན་ཡང་མི་མང་གིས་དུས་ནས་དུས་སུ་ངོ་རྒོལ་དང་བསམ་ཚུལ་གསལ་འདོན་བྱེད་དགོས།

ད་ནི་སྤྱི་འཐུས་རྒྱུན་ལས་ཀྱིས་གཙོས་སྤྱི་འཐུས་རྣམ་པ་ལྷན་རྒྱས་ཀྱིས་ཆེད་བཟོས་བསམ་ངན་གྱི་སྦྱོར་བ་བརྩམས་པ་ཞིག་མིན་ན་གྲོས་ཚོགས་འཕར་མའི་སྐབས་སུ་ཁྲིམས་འགལ་ཡིག་ཆ་ཨང་༣༩ པ་ངེས་པར་དུ་ཕྱིར་འཐེན་གྱིས་རྒྱ་ཆེའི་མི་མང་ལ་དགོངས་དག་བཟོད་གསོལ་གྱི་གྲོས་ཆོད་ཀྱང་འཇོག་འོས། དེ་ལྟར་གནང་ཐུབ་ཚེ་མང་གཙོའི་དོན་གྱི་བདག་པོ་རྒྱ་ཆེའི་མི་མང་གིས་དགོངས་ཡངས་བཟོད་སྒོམ་གནང་རེ་ཡོད།

སྲིད་སྤྱིའི་དངོས་གཞིའི་འོས་འདེམས་སླེབས་ལ་ཉེ། །

སྲིད་སྐྱོང་ལས་ཀྱང་སྤྱི་འཐུས་གལ་ཆེ་ཚུལ། །

ཤེས་ནས་ཁྲིམས་སྲུང་ཐུབ་པའི་འཇོན་ཐང་ཅན། །

དེ་དག་གྲོས་ཀྱི་ཚོགས་རར་མ་ནོར་སྐོས།

མཆན། གོང་བཀོད་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

Opening ceremony prayers. Photo Courtesy: Tibet.net
Mobile App

མོན་གྷོ་འདོད་རྒུ་གླིང་ནས་ཁྱིམ་ཚང་ ༤༠ ལ་སྡོད་ཁང་མཁོ་སྤྲོད་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
Director-General of the World Health Organisation (WHO) Dr. Tedros Adhanom Ghebreyesus attends the World Health Assembly at the United Nations in Geneva, Switzerland, May 21, 2023. (REUTERS/Denis Balibouse)
Mobile App

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐེངས་ ༧༦ པ་མཇུག་སྒྲིལ། 

ཆུ་ཚོད་ ༨ སྔོན་ལ།
Front Slider

ཉིན་གཉིས་རིང་གི་བཀའ་ཆོས་མཇུག་སྒྲིལ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་མཆོག་གིས་བོད་པའི་སློབ་ཕྲུག་རྣམས་ལ་འཇམ་དཔལ་དབྱངས་ཀྱི་རྗེས་གནང་སྩལ་སྐབས། བོད་ཀྱི་དུས་བབ་ཀྱི་པར། པྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༣༡ ཉིན།
Mobile App

ཉིན་གཉིས་རིང་གི་བཀའ་ཆོས་མཇུག་སྒྲིལ།

ཆུ་ཚོད་ ༡༠ སྔོན་ལ།
དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད་པ། ༢༠༢༣།༠༥།༣༠ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད།

༢༠༢༣/༠༥/༣༠
ཡུན་ནན་ཐོང་ཧེ་རྫོང་ཁོངས་ཀྱི་ཁ་ཆེའི་ལྷ་ཁང་རྙིང་ཤོས་ནཱ་ཇཱ་ཡེན། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་ཁ་ཆེའི་ལྷ་ཁང་རྙིང་ཤོས་ཤིག་གཏོར་རྩིས་བྱས་ཏེ་གདོང་ཐུག་ཆེན་པོ་བྱུང་འདུག 

༢༠༢༣/༠༥/༣༠

མཆན། 1

  1. པ་རྡོ་རེ། says:
    ལོ་ 2 སྔོན།

    དེ་དེ་བཞིན་ནོ།། བཀའ་དྲིན་ཆེ། ཇི་སྐད་དུ། ས་སྐྱ་ལེགས་བཤད་ལས། ལེགས་བཤད་མཁས་པའི་བློ་གྲོས་ཀྱིས།། གོ་ཡི་བླུན་པོས་དེ་ལྟ་མིན།། ཉི་མའི་འོད་ཟེར་ཤར་བ་ན།། འབྱུང་པོའི་བྱ་རྣམས་ལོང་བར་འགྱུར། །ཞེས་གོང་ན་མེད་པའི་མཁས་དབང་ཟམ་གདོང་བླ་མ་མཆོག་གི་ཁྲིམས་ཞིབ་པ་གནས་དབྱུང་དང་འབྲེལ་བའི་བཅའ་ཁྲིམས་རིན་པོ་ཆེའི་གསལ་བཤད་རྣམས་བོད་མི་རྣམ་དཔྱོད་ལྡན་པ་རྣམས་ལ་ཕན་ཐོགས་ཧ་ཅང་བྱུང་ངོ་།། དེ་མིན་འབྱུང་པོ་བྱ་ཚོགས་རྣམས་ལ་སྨོས་ནས་ཅི་ཕན། སྙིང་རེ་རྗེ། ལས་ཀྱིས་འཕྱུགས་མི་ཡོང་ངོ་བློ་ཆུང་ཚོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist