མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གནམ་ཐང་གསར་པ་གསུམ་རྒྱག་པའི་ལས་གཞི་དེར་ཆོག་མཆན་ཐོབ།

བོད་ཀྱི་དུས་བབ།
༢༠༢༡/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་རྒྱ་ནག་རྒྱལ་ཁབ་འཕེལ་སྒྱུར་ལྷན་ཁང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གནམ་ཐང་གསུམ་གསར་རྒྱག་དང་གནམ་ཐང་གཞན་གཅིག་རྒྱ་བསྐྱེད་གཏོང་བའི་ལས་གཞིར་ཆོག་མཆན་ཐོབ་ཡོད་སྐོར་བསྒྲགས་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། རྒྱ་གར་གྱི་ས་མཚམས་སུ་ཉེ་བའི་བོད་ལྷུན་རྩེ་དང་དིང་རི། སྤུ་ཧྲེང་བཅས་ཀྱི་ནང་གནམ་ཐང་གསུམ་གསར་དུ་བསྐྲུན་རྒྱུ་ཡིན་པ་དང་། དེ་བཞིན་ལྷ་ས་གནམ་ཐང་གི་རྒྱུག་ལམ་གཉིས་པ་རྒྱ་བསྐྱེད་དང་བསྐྱར་སྐྲུན་གྱི་ལས་གཞི་མགོ་འཛུགས་བྱ་རྒྱུར་ཆོག་མཆན་ཐོབ་ཡོད་པ་དང་། གནམ་ཐང་གསར་བསྐྲུན་དང་རྒྱ་བསྐྱེད་ཀྱི་ལས་གཞི་དེར་ཁྱོན་རྒྱ་སྒོར་དུང་ཕྱུར་ ༡༣༦ གི་མ་དངུལ་ཐོབ་ཡོད་ཚུལ་དང་། དེ་བཞིན་བོད་ཁུལ་གྱི་གནམ་ཐང་གསར་རྒྱག་དང་རྒྱ་བསྐྱེད་ཀྱི་ལས་གཞི་དེ་དག་བརྒྱུད། ས་གནས་སུ་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། མཐའ་མཚམས་ཁུལ་གྱི་ཕྱི་ཕྱོགས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཆ་རྐྱེན་ལེགས་སུ་གཏོང་བ། ས་གནས་མང་ཚོགས་ཀྱི་འགྲོ་སྐྱོད་ཀྱི་དགོས་མཁོ་སྐོང་བ། ཛ་དྲག་མྱུར་སྐྱོབ་ཀྱི་འགན་ལེན་ནུས་པ་ཆེ་རུ་གཏོང་བ། ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་སོགས་ལ་ཕན་ཐོགས་ཆེན་པོ་ཡོད་སྐོར་བཤད་ཡོད་པ་རེད།

རྒྱ་ནག་གཞུང་གིས་བོད་ས་ཧྲིལ་པོར་སྟངས་འཛིན་དོ་དམ་ཤུགས་ཆེ་རུ་གཏོང་བ་དང་། བོད་དང་རྒྱ་གར་ས་མཚམས་ཁུལ་གྱི་ལྟ་སྲུང་ཤུགས་སྣོན། དེ་བཞིན་རྒྱ་ནག་ནང་ལོགས་ཀྱི་ཕྱི་མི་མང་པོ་བོད་ཡུལ་དུ་གནས་སྤོ་གཏོང་བ་སོགས་ཀྱི་ཆེད་དུ། ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུའི་ནང་གནམ་ཐང་ཆེ་ཆུང་ཁག་ལྔ་བརྒྱབ་ཟིན་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ཟླ་ ༦ པ་ཙམ་ནས་བཟུང་གོང་བརྗོད་ཀྱི་གནམ་ཐང་དེ་དག་རྒྱག་འཆར་ཡོད་པའི་གནས་ཚུལ་ཐོན་ཡོད་ལ། ལྷོ་ཁ་ལྷུན་རྩེའི་གནམ་ཐང་དེ་རྒྱ་ནག་རྒྱལ་ས་གནམ་ཐང་བཟོ་ལས་ཁང་ཟེར་བ་ཞིག་གིས་འཛུགས་སྐྲུན་བྱ་རྒྱུ་དང་། ཧྲང་ཧེ་གནམ་ཐང་བཟོ་ལས་ཁང་གིས་གཞིས་ཀ་རྩེའི་གནམ་ཐང་། ནུབ་རྒྱུད་གནམ་ཐང་མཉམ་ལས་ཁང་ཟེར་བ་ཞིག་གིས་མངའ་རིས་ཀྱི་གནམ་ཐང་ལས་གཞི་འགན་ལེན་བྱས་ཡོད་འདུག

ཕྱི་ལོ་ ༢༠༡༩ ཟླ་ ༤ ནང་རྒྱ་ནག་གཞུང་འབྲེལ་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ལོ་དེར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ས་མཚམས་ཁུལ་དུ་ཡོད་པའི་ལྷོ་ཁ་ལྷུན་རྩེ་རྫོང་དང་གཞིས་རྩེ་དིང་རི་རྫོང་། མངའ་རིས་སྤུ་ཧྲེང་རྫོང་བཅས་སུ་གནམ་ཐང་གསུམ་འཛུགས་སྐྲུན་བྱ་འཆར་ཡོད་པའི་ཇུས་འགོད་གཏན་འཁེལ་བྱུང་ཡོད་སྐོར་བསྒྲགས་ཡོད་པ་དང་། སྐབས་དེར་བོད་རང་སྐྱོང་ལྗོངས་མཁའ་འགྲུལ་ལས་ཁུངས་ཀྱི་དོ་དམ་པ་པད་སྒྲོན་ཟེར་བ་ཞིག་གིས། གནམ་ཐང་དེ་དག་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་ ༣༩༠༠ ལྷག་ནས་འཛུགས་སྐྲུན་བྱེད་དགོས་པ་དང་། གནམ་ཐང་འཛུགས་སྐྲུན་བྱེད་སྐབས་བདེ་འཇགས་ཀྱི་མཁའ་ལམ་ཚད་ཐིག་བརྟན་སྲུང་བྱེད་པ་དང་། འཁོར་སྐྱོད་བདེ་འཇགས་སོགས་ལ་བསམ་གཞིགས་ཞིབ་ནན་བྱས་ཏེ་ཇུས་འགོད་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

ཡང་པད་སྒྲོན་གྱིས་ལྷུན་རྩེའི་གནམ་ཐང་དང་སྤུ་ཧྲེང་གནམ་ཐང་གཉིས་བོད་རང་སྐྱོང་ལྗོངས་ནང་ཁུལ་ལ་འཕུར་སྐྱོད་དང་། དིང་རིའི་གནམ་ཐང་ནས་བོད་རང་སྐྱོང་ལྗོངས་ནང་ཁུལ་དང་། གཞན་ཁྲིན་ཏུའུ་དང་། ཁུན་མིང་། ཞི་ཨན་བཅས་རྒྱ་ནག་ནང་ལོགས་ལ་འཕུར་སྐྱོད་བྱ་རྒྱུ་དང་། གནམ་ཐང་དེ་དག་ལ་བོད་ལྗོངས་ཀྱི་ས་ཁོངས་ཁྱད་ཆོས་མངོན་གསལ་དོད་དུ་གཏོང་བ་དང་། བོད་ལྗོངས་མང་ཚོགས་ཀྱིས་ཁས་ལེན་པ་དང་། བོད་ལ་ཡུལ་སྐོར་དུ་ཡོང་མཁན་བློ་ཡིད་ཚིམས་པའི་གནམ་ཐང་གསར་པ་ཞིག་འཛུགས་སྐྲུན་ཐུབ་པ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་ནའང་། གནམ་ཐང་རྒྱག་ཆེད་ས་གནས་མི་མང་གི་ས་ཆ་བཙན་འཕྲོག་བྱས་པ་དང་ཁོར་ཡུག་ལ་གཏོར་སྐྱོན། རྒྱུག་ཆུ་དང་གཙང་པོ་ཁ་སྒྱུར་འབག་བཙོག་བཟོས་པའི་གནད་དོན་ཧ་ཅང་ཚབས་ཆེན་པོ་ཆགས་ཏེ། ས་གནས་མི་མང་ལ་ཕན་ལས་འཕྲལ་ཕུགས་གཉིས་ཀྱི་གནོད་སྐྱོན་ཆེ་བ་ཡོང་གི་ཡོད་པའི་གནས་ཚུལ་རིམ་པར་ཐོན་ཡོད་ལ། ཞིབ་འཇུག་སྙན་ཐོ་ཁག་གི་ནང་དུའང་ཐོན་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་ནང་བརྒྱབ་ཟིན་པའི་གནམ་ཐང་ཁག་ནི། ལྷ་སའི་གོང་དཀར་གནམ་ཐང་དང་།  ཉིང་ཁྲིའི་སྨན་ལིང་གནམ་ཐང། ཆབ་མདོའི་པན་ཌ་གནམ་ཐང་། མངའ་རིས་གནམ་ཐང་། གཞིས་ཀ་རྩེའི་ཞི་བདེ་གནམ་ཐང་བཅས་ཡིན་པ་དང་། གནམ་ཐང་ཁག་ཚང་མ་མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་བྱས་པ་དེས། རྒྱ་གར་གཙོའི་ཁྱིམ་མཚེས་རྒྱལ་ཁབ་ཚོས་དྲག་དམག་གི་རྟེན་གཞིར་དམིགས་ཏེ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་ཞིག་ཏུ་ཡོངས་གྲགས་ཐོག་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར།  དཔུང་དམག་དབོར་འདྲེན་སོགས་ལ་བེད་སྤྱོད་གཏོང་བཞིན་ཡོད་པའི་གནས་ཚུལ་བསྟུན་མར་ཡོང་གི་ཡོད་པ་རེད།

འབྲེལ་ཡོད་གནས་ཚུལ། བོད་ནང་གནམ་ཐང་གསུམ་གསར་དུ་རྒྱག་རྒྱུ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

སྐར་མ ༡ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

སྐར་མ ༡༢ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༦ སྔོན་ལ།
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

དྷ་སར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་འཚོག་རྒྱུ་རེད་འདུག

༢༠༢༦/༠༤/༢༢
༸གོང་ས་མཆོག་གི་མཛད་རྣམ་དངོས་བྱུང་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ།
Mobile App

བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་གློག་བརྙན་ལ་ཧ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་ལྟད་མོ་བའི་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese