མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་བཟོ་གྲྭ་ཁག་གི་སྲོག་རླུང་རྣམས་སྨན་ཁང་དུ་ཁ་བསྒྱུར་གྱིས་མི་སྲོག་སྐྱོབ་དགོས་པའི་བཀའ་བཏང་།

བོད་ཀྱི་དུས་བབ།
༢༠༢༡/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

ལྡི་ལིར་རྟེན་གཞི་བྱས་པའི་བོད་ཀྱི་འབྲས་ནད་ཚོགས་པའི་ཚོགས་གཙོ་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་འདི་གའི་གསར་འགོད་པར་བོད་མི་ཕལ་མོ་ཆེས་ནད་ཡམས་འདི་རྩེད་མོ་ལྟ་བུར་བརྩིས་ནས་སྣང་མེད་གཏོང་གི་འདུག་ཀྱང་ད་ལྟ་དངོས་ནས་ཚང་མ་གཉིད་སད་རྒྱུའི་དུས་ལ་བབས་འདུག་ཅེས་བརྗོད་བྱུང་།

རྒྱ་གར་ནང་ཉིན་རེ་བཞིན་ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་ནད་པ་ཧ་ཅང་ཇེ་མང་དུ་འགྲོ་བཞིན་པ་དང་བསྟུན་སྲོག་རླུང་འདང་ངེས་མེད་པའི་དཀའ་ངལ་བསྟུད་མར་འཕྲད་བཞིན་པའི་སྐབས་འདིར། ཁ་སང་ལྡི་ལིའི་འབྲིང་རིམ་ཁྲིམས་ཁང་གིས་སྲོག་རླུང་མཁོ་འདོན་བྱེད་རྒྱུ་དེ་གཞུང་གི་འགན་འཁྲི་ཡིན་པའི་ཆ་ནས། ད་ལྟའི་ཆེས་ཛ་དྲག་གི་དུས་སྐབས་འདིར་མིའི་ཚེ་སྲོག་སྐྱོབ་ཆེད་གཞུང་གིས་སྲོག་རླུང་བརྐུ་དགོས་བྱུང་ནའང་བརྐུ་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག

རྒྱ་གར་གྱི་སྒེར་གཉེར་སྨན་ཁང་ཆེ་གྲས་སྐོར་ཞིག་གིས་སྲོག་རླུང་འདང་ངེས་མེད་པའི་ཞུ་གཏུག་བྱས་པར་ལྡི་ལིའི་འབྲིང་རིམ་ཁྲིམས་ཁང་གིས་ཞུ་གཏུག་ལ་ཉན་ཞིབ་ཀྱིས་ཐག་གཅོད་བཀའ་ཁྱབ་གནང་བའི་ནང་། གཞུང་ངོས་ནས་ད་ལྟའི་ཛ་དྲག་གི་གནས་སྟངས་ཚོར་གྱི་མེད་པ་དེར་ང་ཚོ་བློ་ཕམ་བྱུང་། གཞུང་ཞིག་ཡིན་པའི་ཆ་ནས་སྲོག་རླུང་དེ་ཙམ་མ་གཏོགས་མཁོ་སྤྲོད་བྱེད་ཐུབ་ཀྱི་མི་འདུག་ཅེས་བརྗོད་ཐབས་མེད་པར། གཞན་གྱི་ས་ནས་སློང་བའམ། གཡར་བ། ཐ་ན་བརྐུ་དགོས་ནའང་བརྐུས་ཏེ། གང་ལྟར་སྲོག་རླུང་འདང་ངེས་ཡོད་པ་ཞིག་བཟོ་དགོས་པའི་འགན་འཁྲི་ཡོད། ཅེས་བརྗོད་འདུག

དེ་བཞིན་གཞུང་ངོས་ནས་བཟོ་གྲྭ་ཁག་གི་ཆེད་དུ་བེད་སྤྱོད་བྱེད་བཞིན་པའི་སྲོག་རླུང་རྣམས་སྨན་བཅོས་ཀྱི་ཐོག་ལ་ཁ་བསྒྱུར་དགོས་པའི་སྐོར་ནས། ད་ལྟ་ཉིན་རེར་མི་སྟོང་ཕྲག་ལྷག་འཆི་བཞིན་པའི་གནས་སྐབས་འདིར། གཞུང་གིས་བཟོ་གྲྭ་ཁག་ལ་སེམས་ཁྲལ་བྱེད་བཞིན་པ་ཧ་ཅང་བྱབ་ཆུང་རེད། གཞུང་ངོས་ནས་བཟོ་གྲྭ་ཁག་གིས་སྲོག་རླུང་བཀོལ་སྤྱོད་དེ་ཉུང་དུ་བཏང་ནས། དེའི་ཚབ་ཏུ་སྨན་ཁང་ཁག་ལ་སྲོག་རླུང་འདང་ངེས་མཁོ་སྤྲོད་བྱ་རྒྱུའི་ཐབས་ཤེས་འཚོལ་དགོས། གལ་ཏེ་བཟོ་གྲྭར་འཛུགས་སྐྲུན་སོགས་ཀྱི་ཆེད་སྤྱོད་བཞིན་པའི་སྲོག་རླུང་རྣམས་སྨན་ཁང་ཕྱོགས་སུ་ཁ་བསྒྱུར་ཚེ། ང་ཚོས་སྲོག་རླུང་གི་དཀའ་ངལ་འདི་སེལ་ཐུབ་ངེས་རེད། ཅེས་བརྗོད་ཡོད་འདུག

གྷར་ཌིན་གསར་ཁང་གི་གནས་ཚུལ་ལྟར་ན། འདས་པའི་བདུན་ཕྲག་གཅིག་ནང་རྒྱ་གར་ནང་ཏོག་དབྱིབས་ནད་པ་གསར་པ་ས་ཡ་ ༡།༦ ཐོན་པ་དེས། རྒྱ་གར་རྒྱལ་ཡོངས་ཀྱི་ཏོག་དབྱིབས་ནད་པའི་གྲངས་འབོར་དེ་ས་ཡ་ ༡༥ ལ་བསྐྱལ་ཡོད་པ་དང་། ནད་ཡམས་འགོས་ཁྱབ་གྱི་བརྒྱ་ཆ་དེ་བརྒྱ་ཆ་ ༡༧ ལ་འཕར་ཡོད་ཅིང་། ལྡི་ལི་ལྟ་བུར་མཚོན་ན་བརྒྱ་ཆ་ ༣༠ ཡིས་ཡར་ཕར་ཡོད་འདུག དེ་བཞིན་སྔར་དང་མི་འདྲ་བར་ཛ་དྲག་གནས་སྟངས་ནང་ལྷུང་མཁན་ན་གཞོན་ཇེ་མང་ཡིན་ཞིང་། ལྡི་ལིའི་ཏོག་དབྱིབས་ནད་པའི་ཁྲོད་ནས་བརྒྱ་ཆ་ ༦༥ རང་ལོ་ ༤༠ མན་ཆད་ཡིན་འདུག་ལ། ཁ་སང་གཅིག་པུར་ལྡི་ལིའི་ནང་ཏོག་དབྱིབས་ནད་པ་ ༢༠༠ ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་མ་ཟད། གཞུང་སྒེར་གྱི་སྨན་ཁང་ཕལ་ཆེ་བའི་ནང་ནད་པར་ཉལ་ཁྲི་མེད་པའི་རྐྱེན་གྱིས། ནད་པ་མི་ཉུང་བ་ཞིག་སྨན་ཁང་གྱི་སྒོ་ཁར་སྲོག་རླུང་མ་འདང་བའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་ཡོད་འདུག དེ་བཞིན་ལྡི་ལི་ཕུང་སྲེག་ཁང་རྣམས་ཁེངས་ནས་ཕུང་པོ་སྲེག་སའང་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག

གཞན་ཡང་། ཁ་སང་རྒྱ་གར་གྱི་ཆེས་ཛ་དྲག་ཡིན་པའི་ལྷོ་ཕྱོགས་མངའ་སྡེ་མཱ་ཧཱ་ར་ཤི་ཏྲ་ Maharashtra)  ཡི་སྨན་ཁང་ཞིག་གི་སྲོག་རླུང་གསོག་མཛོད་ཁང་དུ་སྲོག་རླུང་འགེངས་བཞིན་པའི་གནས་སྐབས་སུ། མཛོད་ཀྱི་ཕུ་ཤོར་བའི་རྐྱེན་གྱིས་སྨན་ཁང་གི་སྲོག་རླུང་ལ་རྟེན་བཞིན་པའི་ནད་པ་ ༢༢ འདས་གྲོངས་སུ་ཕྱིན་ཡོད་པ་རེད། སྤྱིར་མཱ་ཧཱ་ར་ཤི་ཏྲ་མངའ་སྡེ་དེ་རྒྱ་གར་གྱི་མངའ་སྡེ་ཕྱུག་ཤོས་དེ་ཡིན་ནའང་། འདས་པའི་བདུན་ཕྲག་འགའ་ཤས་ནང་ཏོག་དབྱིབས་གཉན་རིམས་ཤུགས་ཆེར་ཁྱབ་གདལ་ཕྱིན་ཏེ། མངའ་སྡེའི་སྨན་བཅོས་ཀྱི་སྒྲོག་གཞི་ལ་གཡོ་འགུལ་ཆེན་པོ་ཐེབས་ཏེ་རྒྱ་གར་ནང་གི་ཏོག་དབྱིབས་ནད་པ་མང་ཤོས་ཀྱི་མངའ་སྡེ་རུ་གྱུར་ཡོད་པ་རེད།

ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༤ ཉིན་དྷ་རམ་ས་ལར་འཛམ་གླིང་འབྲས་ནད་ཉིན་མོ་སྲུང་གཙི་གནང་།

ཉེ་ཆར་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཀྱི་འབྲས་ནད་ཚོགས་པའི་ཚོགས་གཙོ་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་ངོ་དེབ་ཐད་གཏོང་བརྒྱུད། ལྡི་ལིའི་ནང་སྲོག་རླུང་འདང་ངེས་མེད་པའི་དཀའ་ངལ་འགྲེལ་བརྗོད་བྱས་པ་དེར་མི་མང་པོས་དོ་སྣང་དམིགས་བསལ་བྱས་འདུག་ལ། འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཁོང་ལ་ད་ལྟའི་གནས་སྟངས་ཇི་ཡིན་སྐོར་བཀའ་འདྲི་ཞུས་པར། ཁོང་གིས། ད་ལྟའི་ཆར་ལྡི་ལིའི་གཞུང་སྒེར་གྱི་སྨན་ཁང་ཚང་མའི་ནང་སྲོག་རླུང་མེད་པའི་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་པ་དངོས་ཡོད་རེད་ལ། སྨན་ཁང་ཚང་མའི་ནང་ཛ་དྲག་ནད་སྐྱོབ་ཚན་པ་གཙོས་པའི་སྡེ་ཚན་ཚང་མའི་ནང་ཉལ་ས་མེད་པའི་རྐྱེན་གྱིས་ནད་པ་ཛ་དྲག་རྣམས་ཀྱང་སྨན་ཁང་ནང་བསྙལ་ཐུབ་ཀྱི་མེད་པ་རེད། དེ་སྔོན་ང་ཚོས་བོད་མི་ནད་པ་ཛ་དྲག་ཅན་ཞིག་སྨན་ཁང་ལ་བསྙལ་ཆེད་དུ་ལྡི་ལིའི་ཨེམ་སི་ (AIIMS) དང་མེག་སི་ (MAX) ཡིས་མཚོན་པའི་སྨན་ཁང་ཆ་ཚང་ལ་ཕྱིན་པ་ཡིན་ཏེ། སྨན་པ་གཅིག་གིས་ཀྱང་ངོས་ལེན་བྱས་མེད་པ་མ་ཟད། དུས་རྒྱུན་ལས་འབྲེལ་གྱི་ཐོག་ནས་ངོ་ཤེས་ཡིན་པའི་རྒྱ་གར་གྱི་སྨན་པ་ཞིག་གིས། ཁྱེད་ཀྱི་ནད་པ་འདིའི་ཆེད་དུ་ད་ལྟ་ནད་པ་གཞན་ལ་བེད་སྤྱོད་བྱེད་བཞིན་པའི་དབུགས་སྐྱོར་འཕྲུལ་ཆས་ (Ventilator) དེ་བླང་དགོས་ཀྱི་རེད་དམ། ཞེས་བརྗོད་དེ་ད་ལྟ་ཧ་ཅང་འུ་ཐུག་པའི་གནས་སྟངས་ཤིག་རེད་འདུག ང་ཚོར་ཉལ་ས་མ་རག་པའི་རྐྱེན་གྱིས་ཕྱིར་ལོག་མ་བྱེད་ཐབས་མེད་བྱུང་སོང་། ཞེས་བརྗོད་བྱུང་།

ཡང་ཁོང་གིས་བོད་མི་ཕལ་མོ་ཆེས་ནད་ཡམས་འདི་རྩེད་མོ་ལྟ་བུར་བརྩིས་ནས་སྣང་མེད་གཏོང་གི་འདུག་ཀྱང་། ད་ལྟ་དངོས་ནས་ཚང་མ་གཉིད་སད་རྒྱུའི་དུས་ལ་བབས་འདུག བོད་པ་ཚོས་རང་གི་གཉེན་སྤུན་དང་དགའ་ཉེ་ལྟ་བུ་ཞིག་གྲོངས་ན་མ་གཏོགས་ནད་ཡམས་ལ་འཇིགས་སྣང་བྱེད་ཀྱི་མེད་པ་དེ་ཧ་ཅང་ནོར་འཁྲུལ་ཆེན་པོ་རེད། ད་ལྟའི་དུས་ཚོད་འདིར་ནད་ཡམས་ཕོག་ནས་ཛ་དྲག་ལྟ་བུ་ཆགས་ཏེ་སྲོག་རླུག་མ་ཐོབ་ཚེ། ཕལ་ཆེར་འཆི་རྒྱུ་མ་གཏོགས་མེད་པ་ལྟ་བུ་རེད་འདུག དེ་བཞིན་ད་ལྟ་ལོ་རྒན་གཞོན་མེད་པར་ཚང་མར་ནད་ཡམས་འདི་འགོ་ཡི་ཡོད་པ་མ་ཟད། ལོ་ཆུང་རྣམས་ལའང་དབུགས་ཀྱིས་མ་འདང་བ་སོགས་ཀྱི་ཛ་དྲག་དཀའ་ངལ་འཕྲད་ཀྱི་འདུག་པས། ཚང་མས་སྨན་པའི་ལམ་སྟོན་ལྟར་ཁ་རས་གྱོན་རྒྱུ་དང་། ལྷག་པར་དུ་ད་ལྟའི་དུས་སྐབས་འདིར་ཡག་ཤོས་བྱུང་ན་རང་ཁྱིམ་དུ་སྡོད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག ཅེས་བརྗོད་བྱུང་།

འཕྲོད་བསྟེན་དབྱེ་ཞིབ་པ་དང་སྨན་པ་རྣམས་ཀྱིས་ད་ཐེངས་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཤུགས་ཆེར་འགོས་ཁྱབ་འགྲོ་བཞིན་པའི་རྐྱེན་རྩ་གཙོ་བོ་ནི། གཞུང་དམངས་གཉིས་ནས་གཉན་རིམས་སྔོན་འགོག་གི་ཐབས་ཇུས་ལག་ལེན་བསྟར་རྒྱུར་འཐུས་ཤོར་ཕྱིན་པ་དང་། འོས་བསྡུ་དང་ཆོས་ལུགས་ཀྱི་འདུ་འཛོམས། དེ་བཞིན་རྫས་རྒྱུན་གསར་པའི་ཏོག་དབྱིབས་གཉན་སྲིན་ཐོན་བཞིན་པ་བཅས་ཀྱི་རྐྱེན་པས་ཡིན་སྐོར་འགྲེལ་བརྗོད་བྱེད་ཀྱི་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese