མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲ་ལམ་བརྒྱུད་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་ལ་བགྲོ་གླེང་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་དཀར་ནག་གི་གནད་དོན་དབྱེ་ཞིབ་པ་དང་ཆེད་མཁས་པ་སྐུ་ཞབས་ཇ་ཡ་དྷེ་ཝ་ར་ན་དྷེ་ (Jayadeva Ranade) ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་སྔར་ལས་དམ་དྲག་ཤུགས་ཆེ་རུ་གཏོང་གི་ཡོད་པ་དེས་འདས་པའི་ལོ་ངོ་བཅུ་ཕྲག་ནང་བོད་ནང་ལག་བསྟར་བྱས་པའི་སྲིད་ཇུས་ཁག་ལེགས་གྲུབ་བྱུང་མེད་པ་གསལ་སྟོན་བྱེད་ཀྱི་ཡོད་སྐོར་བརྗོད་སོང་།

༸པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་དང་སྟབས་བསྟུན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱ་གར་གྱི་ཧི་མ་ལ་ཡའི་ཨེ་ཤ་ཡའི་རིག་གནས་ཞིབ་འཇུག་ཁང་དང་ (Centre for Himalayan Asia studies and Engagement)། དང་། (Research and Development Foundation for Integral Humanism) བཅས་མཉམ་འབྲེལ་ཐོག བོད་རིག་པ་བ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཝི་ཇེ་ཀ་རན་ཊི་ (Vijay Kranti) ལགས་ཀྱིས་གཙོ་སྐྱོང་གནང་བའི་བའི་ཐོག་ནས་དྲ་ལམ་བརྒྱུད་རྒྱ་ནག་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་བཙན་འཁྲིད་བྱས་པ་དང་དེའི་གལ་གནད་ཅེས་པའི་བརྗོད་གཞིའི་ཐོག་དྲ་ལམ་གྱི་གཏམ་བཤད་བགྲོ་གླེང་གནང་སོང་།

བགྲོ་གླེང་སྐབས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་སྐབས། རྒྱ་ནག་གཞུང་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་འཁྲིད་བྱས་དགོས་དོན་ནི། ༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཁོང་ཉིད་༸གོང་ས་རྒྱལ་བ་རིན་པོ་མཆོག་གིས་ངོས་འཛིན་གནང་བ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་སྲིད་པའི་ཞེད་སྣང་བྱུང་བ། རྒྱ་ནག་གིས་ངོས་འཛིན་བྱས་པའི་༸པཎ་ཆེན་བླ་མ་དེ་འབྱུང་འགྱུར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ངོས་འཛིན་ཐད་ཆབ་སྲིད་ཀྱི་ལག་ཆར་བཀོལ་སྤྱོད་བྱ་ཆེད་བཅས་ཡིན་སྐོར་དང་། རྒྱ་ནག་ངོས་ནས་༸པཎ་ཆེན་རིན་པོ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཇི་ཡིན་དན་རྟགས་དང་བཅས་པ་གསལ་པོ་བཟོ་དགོས་སྐོར་དང་། བོད་མི་དང་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་རྒྱ་ནག་གཞུང་གིས་སྤྲུལ་སྐུ་ངོས་འཛིན་གྱི་གཙོས་པའི་བོད་བརྒྱུད་ནང་བསྟན་ལ་ཐེ་ཇུས་བྱ་རྒྱུར་མོས་མཐུན་རྩ་བ་ནས་མེད་སྐོར་སོགས་གསུངས་སོང་།

གཞན་ཡང་། བགྲོ་གླེང་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གི་གནད་དོན་དབྱེ་ཞིབ་དང་ཐབས་ཇུས་ལྟེ་གནང་ཁང་ (Centre for China Analysis and Strategy) གི་ཚོགས་གཙོ་དང་། རྒྱ་དཀར་ནག་གི་གནད་དོན་དབྱེ་ཞིབ་པ་དང་ཆེད་མཁས་པ་སྐུ་ཞབས་ཇ་ཡ་དྷེ་ཝ་ར་ན་དྷེ་ (Jayadeva Ranade) ལགས་ཀྱིས། རྒྱ་ནག་གཞུང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་བྱས་པ་དེ་ནི། རྒྱ་ནག་གིས་བོད་ཀྱི་ནང་བསྟན་ཆོས་ལུགས་ལ་སྟངས་འཛིན་བྱ་རྒྱུའི་གོམ་པ་དང་པོ་དེར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། བོད་མི་རྣམས་ནི་རང་གི་ཆོས་ལུགས་ལ་དད་མོས་ཆེན་པོ་ཡོད་པའི་མི་རིགས་ཤིག་ཡིན་སྟབས། རྒྱ་ནག་གི་ཐབས་ཇུས་འོག་ཚུད་ཐུབ་ཐབས་མེད་སྐོར་དང་། རྒྱ་ནག་གཞུང་གིས་བསྐོ་གཞག་བྱས་པའི་༸པཎ་ཆེན་བླ་མ་དེར་བོད་གཞིས་བྱེས་གཉིས་ཀས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་བྱེད་ཀྱི་མེད་པ། འདས་པའི་ལོ་གཅིག་ནང་རྒྱ་ནག་གིས་བསྐོ་གཞག་བྱས་པའི་༸པཎ་ཆེན་རིན་པོ་ཆེ་བོད་ཀྱི་ས་ཁུལ་ཁག་ཏུ་གཟིགས་སྐོར་དུ་ཕེབས་རྒྱུ་མང་དུ་ཕྱིན་ཡོད་པ་མ་ཟད། འདོད་མོས་ཡོད་མེད་ལ་མ་ལྟོས་པར་ཁོང་ལ་མཇལ་བཅར་ཞུ་མཁན་བོད་མིའང་མང་དུ་ཕྱིན་ཡོད་པ་མངོན་གསལ་ཡིན་པ་དང་། རྒྱ་ནག་གཞུང་ངོས་ནས་༸པཎ་ཆེན་རྒྱལ་མཚན་ནོར་བུ་རྒྱལ་སྤྱིའི་ཆོས་ལུགས་ཀྱི་ཚོགས་འདུ་ཁག་ལ་ཞུགས་སུ་བཅུག་སྟེ། རྒྱལ་སྤྱིའི་སྟེང་ནས་ངོས་འཛིན་ཐོབ་ཐབས་བྱེད་ཀྱི་ཡོད་ཀྱང་། ད་ལྟའི་ཆར་དེར་ལེགས་གྲུབ་བྱུང་མེད་སྐོར་སོགས་འགྲེལ་བརྗོད་གནང་སོང་ལ། ཉེ་བའི་ཆར་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་འདི་ཉིད་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཅན་དུ་སྒྱུར་ཐབས་དང་། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ཐོག་སྟངས་འཛིན་ཡོང་ཐབས་བཅས་ལ་སྔར་བས་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། དེས་དོན་དངོས་ཐོག་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་བཅུ་ཕྲག་ནང་བོད་ནང་ལག་བསྟར་བྱས་པའི་སྲིད་ཇུས་ཁག་ལེགས་གྲུབ་བྱུང་མེད་པ་གསལ་སྟོན་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

དེ་བཞིན་རྒྱ་གར་དུ་རྟེན་གཞི་བྱས་པའི་ RDFIH ཞིབ་འཇུག་ཁང་གི་འགན་འཛིན་ཧེ་ཤི་ཅན་དྷ་ར་ཤཱར་མ་ལགས་ཀྱིས། བོད་ཀྱི་གནད་དོན་འདི་འགྲོ་བ་མིའི་ཐོབ་ཐང་དང་ཡུལ་བབ་སྲིད་ཇུས་ཀྱི་གནད་དོན་ཙམ་ཞིག་མིན་པར། རིག་གཞུང་དང་རྒྱལ་ཁབ་གཅིག་གི་གནད་དོན་ཞིག་ཡིན་སྐོར་དང་། བོད་འདི་སྔར་བཞིན་རང་དབང་རང་བཙན་གྱི་རྒྱལ་ཁབ་གཅིག་ཏུ་འགྱུར་རྒྱུའི་ཐོབ་ཐང་ཡོད་པ་དང་། རྒྱ་ནག་གིས་༸གོང་ས་མཆོག་དང་༸པཎ་ཆེན་རིན་པོ་ཆེ་ལྟ་བུར་སྟངས་འཛིན་དམ་དྲག་བྱེད་བཞིན་པ་དེས། རྒྱ་ནག་གི་ཞན་ཆ་དང་བོད་ཀྱི་སྟོབས་ཤུགས་སྟོན་གྱི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་བགྲོ་གླེང་ལས་རིམ་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་ལགས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་ཚན་པའི་ཚོགས་གཙོ་རིག་འཛིན་ཆོས་སྒྲོན་ལགས། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་འབྲུག་ལྡན་སྐྱིད་ལགས་བཅས་ཀྱིས་པཎ་ཆེན་རིན་པོ་ཆེའི་སྐོར་ལང་གཏམ་བཤད་གནང་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese