མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་མུ་མཐུད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་གི་ཡོད་པའི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༡/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་ཕྱི་ལོ་ ༢༠༢༠ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གཞུང་གིས་མུ་མཐུད་ནས་བོད་ནང་མི་རིགས་མཐུན་སྒྲིལ་སོགས་ཀྱི་དམ་དྲག་སྲིད་ཇུས་ལག་བསྟར་བྱས་ཏེ། བོད་མིའི་བསམ་བརྗོད་རང་དབང་གིས་མཚོན་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེར་གཏོང་གི་ཡོད་སྐོར་བཀོད་འདུག

ད་ལན་གྱི་སྙན་ཐོའི་ནང་། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས་བོད་ནང་“བརྟན་ལྷིང་སྲུང་སྐྱོང་” དང་“མི་རིགས་མཐུན་སྒྲིལ་” “ནག་སེལ་གཤེད་བཅོམ་”“བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་སྒྱུར་བ་” སོགས་ཀྱི་དྲག་གནོན་གྱི་སྲིད་ཇུས་རབ་དང་རིམ་པ་མང་པོ་ལག་བསྟར་བྱས་ཏེ། ལས་འགུལ་དེ་དག་གི་མིང་ཐོག་ནས་རྒྱ་ནག་དམར་ཤོག་གཞུང་གི་དབང་ཤུགས་དེ་སྤྱི་ཚོགས་ཁྱོན་ཡོངས་སུ་སླེབ་ཐབས་དང་། བོད་མིའི་ཆབ་སྲིད་དང་སྤྱི་དམངས། དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་དང་བཅས་པའི་ཐོབ་ཐང་ཁག་ཚབས་ཆེའི་རྡོག་རོལ་བཏང་ཡོད་སྐོར་དང་། ལྷག་པར་དུ་འདས་ལོར་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ཟེར་བ་དང་། ཕྱི་ལོ་ ༢༠༢༡ ནས་ ༢༠༢༥ བར་གྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ཟེར་བ་གཏན་འབེབ་བྱས་ཏེ། རྒྱ་ནག་དམར་ཤོག་གཞུང་གི་སྲིད་དབང་གཅིག་སྡོམ་སྒེར་གཅོད་དབང་སྒྱུར་རྒྱུན་འཁྱོངས་བྱེད་ཐབས་དང་། “འཕེལ་རྒྱས་ཀྱི་སྤུས་ཀ་མཐོ་རུ་གཏོང་བ་” དང་ “སྤྱི་ཚོགས་རིང་ལུངས་དེང་རབས་ཅན་གྱི་བོད་འཛུགས་སྐྲུན་” ཟེར་བ་དེ་དག་ནི་བོད་མི་མཉམ་ཞུགས་མེད་པའི་དཔལ་འབྱོར་སྲིད་ཇུས་ཤིག་ཡིན་པ་མ་ཟད། དམར་ཤོག་རྒྱལ་ཁབ་ཀྱི་དཔལ་འབྱོར་ཁེ་ཕན་དང་ཆབ་སྲིད་ཀྱི་དམིགས་ཡུལ་གཞིར་བཟུང་ནས་རྒྱལ་ཡོངས་སུ་གཏན་འབེབ་བྱས་པ་ཞིག་ཡིན་སྐོར་བཀོད་ཡོད་འདུག

ཡང་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་བོད་ནང་“བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་སྒྱུར་བ་” ཞེས་པའི་ལས་འགུལ་དེའི་ཁྲོད་ནས་བོད་མིའི་ཚོའི་ཆོས་ལུགས་དད་མོས་རང་དབང་གི་ཐོབ་ཐབ་སྤྱོད་དབང་མེད་པར་བཟོས་པ་མ་ཟད། སྲིད་ཇུས་དེའི་ཁྲོད་དུ་ནང་བསྟན་ཆོས་ལུགས་ཀྱི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཡོངས་རྫོགས་ལ་རྒྱལ་ཁབ་ཀྱིས་སྤེལ་བའི་ཆོས་ལུགས་བྱེད་སྒོ་སྤེལ་བའི་ལས་དོན་ནང་མཉམ་ཞུགས་དང་རྒྱབ་སྐྱོར་བྱ་དགོས་པའི་བཙན་སྐུལ་བཏང་ཡོད་སྐོར་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་པ་དམ་ཚིག་གནང་མཁན་བོད་མི་རྣམས་ལ་རྒྱལ་ཁབ་མགོ་རྟིང་སློག་པའམ། ཡང་ན་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱེད་མུས་ཡིན་སྐོར་བཀོད་འདུག

གཞན་ཡང་། སྙན་ཐོའི་ནང་། རྒྱ་ནག་ཧན་མི་རིགས་ཀྱིས་བཙན་བཟུང་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་མང་པོ་དམིགས་སུ་བཟུང་བའི་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་གྱི་ལས་གཞི་ཟེར་བ་དེ་དག་གིས་མངོན་གསལ་དོད་པོར་གྲངས་ཉུང་བོད་མི་ཚོ་སྣང་མེད་རྒྱ་ཡན་དུ་དོར་ནས་རྒྱ་རིགས་མི་མང་གི་ཁེ་ཕན་བསྐྲུན་ཏེ། བོད་མི་ཚོར་ཁེ་ཕན་དང་ཡར་རྒྱས་ཅི་གང་ཕྱིན་མེད་པ་དང་། དེ་ནི་མི་རིགས་ཕན་ཚུན་འདྲ་མཉམ་མིན་པ་དང་། དབྱེ་འབྱེད་ཆེ་བ་དང་ཉམ་ཉེས་ཚབས་ཆེན་བྱུང་བའི་ཉེར་ལེན་ཆགས་ཡོད། རྒྱ་གཞུང་གི་རྨང་གཞིའི་སྒྲིག་བཀོད་དང་གྲོང་ཁྱེར་ཅན་འཛུགས་སྐྲུན། སྐད་ཡིག་སློབ་གསོ།  ལྷག་པར་དུ་ “སྐད་གཉིས་སློབ་གསོ་” ཟེར་བ་སོགས་ཡར་རྒྱས་འཛུགས་སྐྲུན་གྱི་སྲིད་ཇུས་ཁག་ཚང་མ་མི་རིགས་རྒྱ་སྒྱུར་ལས་དོན་ཆེན་པོ་ཞིག་གི་ཆ་ཤས་ཡིན་པ་དང་། དེ་ནི་བོད་མིའི་ངོ་བོ་ཉམ་ཉེས་བཟོ་ཐབས་དང་རིག་གཞུང་རྒྱ་སྒྱུར་བྱེད་ཐབས་ཤིག་ཡིན་སྐོར་བརྗོད་འདུག

སྙན་ཐོའི་མཇུག་བསྡོམས་ནང་། རྒྱ་ནག་དམར་ཤོག་རྒྱལ་ཁབ་ཀྱི་བསམ་སྦྱོར་དེ་དག་ནི། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་དང་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སོགས་ཚང་མ་དགྲ་ལྟར་འཛིན་ཐབས་ཤིག་ཡིན་པས་ན། རྒྱ་གཞུང་གིས་ངེས་པར་དུ་མཇུག་འབྲས་འདི་དག་གི་འགན་འཁུར་དགོས་པ་དང་། རྒྱ་ནག་དམར་ཤོག་རྒྱལ་ཁབ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གྲས་སུ་ཞུགས་ནས། རྒྱལ་སྤྱིའིི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་ལག་བསྟར་གྱི་མིང་རྟགས་འཁོད་པ་དང་དུས་མཚུངས་སུ། རྒྱ་ནག་དམར་ཤོག་རྒྱལ་ཁབ་ཀྱི་ལག་བསྟར་ཁྲིམས་སྒྲིག་དང་སྲིད་ཇུས་ཁག་ཚང་མ་འགྲོ་བ་མིའི་ཐོབ་ཐང་ལས་དོན་དང་ཐད་ཀར་འབྲེལ་བ་དེས། ཁྲིམས་སྒྲིག་སྲིད་ཇུས་དེ་དག་རྒྱལ་སྤྱིའི་རྩ་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་གི་ཆ་ཤས་སུ་གཏོགས་པ་གསལ་ཡོད་པས། ཁ་ལག་རྒྱབ་འགལ་གྱི་གནས་སྟངས་གསལ་བཤད་བྱས་ནས། རྒྱ་ནག་དམར་ཤོག་རྒྱལ་ཁབ་ཀྱིས་ངེས་པར་དུ་འགན་འཁུར་ལེན་དགོས་སྐོར་བརྗོད་འདུག

འཆར་ཅན་ལྟར་འདི་ལོའང་བོད་ཀྱི་འགྲོ་བ་མིིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ངོས་ནས་སྙན་ཐོ་འདི་བོད་ཡིག་དང་། དབྱིན་ཡིག། རྒྱ་ཡིག་བཅས་སྐད་ཡིག་གསུམ་ནང་འདོན་སྤེལ་བྱས་འདུག་ལ། སྙན་ཐོའི་ནང་དོན་ཁྲོད་རྒྱ་ནག་གཞུང་གིས་བོད་ནང་སྤེལ་བའི་དམ་དྲག་གི་སྲིད་ཇུས་ཁག་དང་། སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་སྐོར། དེ་བཞིན་བོད་ནང་གི་སློབ་གསོ་དང་སྐད་ཡིག་གི་ཐོབ་ཐང་། ཁོར་ཡུག་དང་ཡར་རྒྱས་ཀྱི་ཐོབ་ཐང་བཅས་ཀྱི་སྐོར་བཀོད་འདུག་ཅིང་། སྙན་ཐོ་དང་འབྲེལ་ནས་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་ཚོགས་ཞུགས་རྒྱལ་ཁབ། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་བཅས་ཀྱིས་རྒྱ་ནག་དང་འབྲེལ་འདྲིས་བྱེད་སྐབས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་དགོས་པ་དང་། རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་སྐུལ་ཞུས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 1

  1. Sonam Gyaltsen says:
    ལོ་ 5 སྔོན།

    དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་་་ དེ་པ་ བོད་པས་སྲིད་སྐྱོང་ བློ་བཟང་སེང་གེ་གཙོས་པས་ སྤྱི་འཐུས་ཚོགས་གཙོ། ཚོགས་ཞོན། རྒྱུན་ལས་བཅས་ནས་ བཙན་བྱོལ་གཞུང་རྩིས་མེད་རྡོག་རོལ་ཚབ་ཆེན་བཏང་། Compare

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese