མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གྲོས་ཚོགས་འཕར་མ་ལ་རེ་སྒུག་དང་ཞུ་གསོལ།

བོད་ཀྱི་དུས་བབ།
༢༠༢༡/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp
སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས།
 
གཅིག 
གྲོས་ཚོགས་འཕར་མའི་སྐབས་སུ་ཁྲིམས་འགལ་རང་བཞིན་གྱི་ཡིག་ཆ་ཨང་༣༩ པ་དང་དེ་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཁག་ངེས་པར་ཕྱིར་འཐེན་ནུས་མེད་གཏོང་དགོས། དེ་ལྟར་བྱུང་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་ཡང་རང་བཞིན་གྱིས་སྔར་གནས་རང་འཇགས་ཆགས་ཀྱི་ཡོད་པས་ད་ལྟའི་ཉེན་ཁའི་རང་བཞིན་གྱི་དཀའ་ངལ་འདི་གཙང་སེལ་ཐུབ་པར་མ་ཟད། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་དུ་ཡང་དག་པའི་དམངས་གཙོའི་ལམ་ལུགས་རྒྱུན་འཁྱོངས་དང་། བོད་མིའི་སྒྲིག་འཛུགས་ཉམས་ཆག་མེད་པར་སྲ་བརྟན་ལེགས་སྐྱོང་ཐུབ་པའི་དགེ་མཚན་ཡོད།
གཉིས། 
གལ་ཏེ་གྲོས་ཚོགས་འཕར་མས་འདི་ལྟར་ཁྲིམས་མཐུན་གྱི་ཐག་གཅོད་ཅིག་མ་གནང་ཚེ་ང་ཚོའི་དམངས་གཙོ་འདི་ཉིད་ཁྲིམས་འགལ་རང་བཞིན་གྱི་སྒྲིག་འཛུགས་ཤིག་ཏུ་འགྱུར་ངེས་ཡིན། དེ་བས་རྒྱ་ཆེའི་བོད་མི་མང་གིས་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་བོད་མིའི་བླ་ན་མེད་པའི་དོན་གྱི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལམ་སྟོན་ཐག་གཅོད་ཡོང་བའི་གསོལ་འདེབས་མི་ཞུ་ཀ་མེད་རེད། འདི་ནི་མི་མང་འུ་ཐུག་པའི་ཞུ་འབོད་ཅིག་ཡིན་ལ་མི་མང་ནས་དམངས་གཙོའི་ལམ་ལུགས་འདི་ཉིད་ཁྲིམས་མཐུན་གྱིས་སྲུང་སྐྱོབ་བྱེད་པའི་འོས་འགན་ཡང་དག་པ་དེ་ཡང་ཡིན།
 

བཅའ་ཁྲིམས་ཀྱི་དོན་ཚན་དང་པོ།         བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས།

“བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་དང༌། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང༌། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་བཅས་ཡིན། གནས་བབ་འདི་དག་ནི་ལོ་གྲངས་བརྒྱ་ཕྲག་མང་པོའི་བྱུང་རབས་དང༌། རིག་གཞུང༌། མངའ་དབང་ལྡན་པའི་བོད་མིའི་མངོན་འདོད་བཅས་ལས་གྲུབ་པ་ཡིན། དེའི་ཕྱིར་གཤམ་གསལ་གྱི་མཛད་འགན་དང་སྐུ་དབང་རྣམས་རང་ཆས་སུ་ཡོད།

༡    བོད་མིའི་བདེ་དོན་དང་བསམ་སྤྱོད་ཀྱི་ཡར་རྒྱས། ཆོས་དང་རིག་གཞུང༌། རིག་གནས་བཅས་ཀྱི་སྲུང་སྐྱོབ་དང་དར་སྤེལ། བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱིས་མཚོན་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིའི་ཐོག་ལམ་སྟོན་དང་བཀའ་སློབ། སྐུལ་ལྕག་གནང་རྒྱུ།

༢    ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དགོས་གལ་ནམ་གཟིགས་སྐབས་དང༌། འགོ་འཁྲིད་རྣམས་ཀྱིས་གསོལ་འདེབས་ནམ་ཞུས་ལ་བོད་མི་རིགས་དང༌། སྤྱི་ཚོགས། བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་ཐོག་གྲོས་ཚོགས་དང་བཀའ་ཤག་གི་དགོངས་པའི་དཔྱད་གཞིར་དགོངས་འཆར་གནང་རྒྱུ།

༣   བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཆེད་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པ་དང༌། གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང༌། བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་སྐུ་ཚབ་དོན་གཅོད་དང་དམིགས་བསལ་སྐུ་ཚབ་རྣམས་ལ་ྋགོང་སྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ་བཅས།”

བཀའ་ཁྲི་ཟུར་བ་མཁས་དབང་ཟམ་གདོང་གཙོས། །བདག་ཅག་གྲོས་ཚོགས་འཐུས་མི་རྣམ་པ་ཡིས།།
འབྱུང་འགྱུར་ཉེན་ཁའི་ལམ་ལས་སྐྱོབ་པའི་ཐབས། །ཁྲིམས་ཀྱི་སྐུ་དབང་འདི་འདྲ་ཆེད་དུ་ཕུལ།།
མཆན། གོང་བཀོད་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

NewsClick's founder Prabir Purkayastha was arrested on Tuesday evening
Mobile App

རྒྱ་གཞུང་གི་ཐེ་ཇུས་ཡོད་པའི་ཉེས་མིང་འོག་རྒྱ་གར་གྱི་གསར་ཁང་ཞིག་གི་རྩོམ་སྒྲིག་པ་སོགས་འཛིན་བཟུང་བྱས། 

ཆུ་ཚོད་ ༨ སྔོན་ལ།
ཆོས་དབྱིངས་སྐྱིད་ཀྱིས་ཨེ་ཤ་ཡའི་འགྲན་སྡུར་ནང་གསེར་གྱི་རྟགས་མ་བླངས། ༢༠༢༣། ༡༠། ༤། དྲ་ལམ་གྱི་པར།
Mobile App

ཆོས་དབྱིངས་སྐྱིད་ལགས་ཀྱིས་ཨེ་ཤ་ཡའི་འགྲན་སྡུར་ནང་གསེར་གྱི་རྟགས་མ་བླངས།

ཆུ་ཚོད་ ༡༠ སྔོན་ལ།
Front Slider

༧གོང་ས་མཆོག་གིས་སྤྱན་རས་གཟིགས་ཕྱག་བཞི་པའི་བཀའ་དབང་བསྩལ།

ཆུ་ཚོད་ ༡༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ། བོད་ཀྱི་དུས་བབ་གསར་ཁང་གི་སྐུ་པར། ༢༠༢༣།༡༠།༤
༸གོང་ས་མཆོག གསར་འགྱུར།

འཛམ་གླིང་ཞི་བདེ་ཡོང་བར་ནང་སེམས་ཀྱི་ཞི་བདེ་དང་བྱམས་བརྩེ་གལ་ཆེན་ཡིན།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

སྤྱི་འཐུས་གྲོས་ཚོགས་ལས་འཕྲོས་པའི་བསམ་ཚུལ།

ཆུ་ཚོད་ ༡༡ སྔོན་ལ།
Advertisement for App

TIBET TIMES LAUNCHED NEW ENGLISH WEBSITE

ཆུ་ཚོད་ ༡༡ སྔོན་ལ།

མཆན། 4

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 2 སྔོན།

    ཉེ་ལམ་སྤྱི་ཟླ་ ༤ པའི་ཚེས་ ༢༩ ཉིན་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་གྲོས་ཚོགས་འཕར་མ་ཚོགས་རྒྱུའི་བརྡ་ཁྱབ་གསལ་བསྒྲགས་གནང་བ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༡ དང་ཕྱོགས་མཐུན་བྱུང་ཡོད་པ་ཡིན་ནམ་?

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 2 སྔོན།

    དང་བླང་དཔྱ་དངུལ་འབུལ་བཞིན་པའི་བཙན་བྱོལ་བོད་མི་ཚང་མར་འོས་འགན་ཡོད། ང་ནི་འགན་མི་འཁུར་བ་དང་། འགན་འཁུར་མཁན་ལ་རྒྱུ་མཚན་གནས་ལུགས་མེད་པར་ཉ་ཉོག་བཤད་མཁན་ཚོར་ཡིད་གཏིང་ནས་འཆད་ཀྱི་འདུག

    Reply
  3. སྲས་སྐུ་ངོ་།་ says:
    ལོ་ 2 སྔོན།

    ཆབ་བྲག་ལས་འདི་ལ་བྱེད་རྒྱུ་མང་། སོ་སོ་ཡུ་རོབ་ནས་ལྷོད་ལྷོད་མི་འདུག་པར་བཙན་བྱོལ་ནང་དུ་སློབ་གསོ་རྒྱག་གི་འདུག ང་ནི་བགད་མོ་རྐུབ་ནས་ཤོར་གི

    Reply
  4. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 2 སྔོན།

    སྤྱི་འཐུས་གྲོས་ཚོགས་འཕར་མ་ཚོགས་རྒྱུ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༡ གི་ཆ་རྐྱེན་འོག་ཏུ་ཁྲིམས་མཐུན་བརྒྱུད་ནས་ཚོགས་རྒྱུ་རེད་དམ་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་ཁྲིམས་འགལ་བརྒྱུད་ནས་གནས་དབྱུངས་བཏང་བ་བཞིན་ཁྲིམས་འགལ་བརྒྱུད་ནས་གྲོས་ཚོགས་འཕར་མ་ཚོགས་ནས་ཁྲིམས་ཞིབ་པ་རྣམ་པ་བསྐོ་རྒྱུ་རེད་?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist