མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་གི་ཕྱུག་བདག་ཆེན་མོ་ཞིག་གཉེན་འཐོར་བྱུང་།

བོད་ཀྱི་དུས་བབ།
༢༠༢༡/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་གི་ཕྱུག་བདག་ཆེན་མོ་བྷིལ་གྷེ་ཊི་ (Bill Gates) དང་ཁོང་གི་བཟའ་ཟླ་མེ་ལིན་ཌ་གྷེ་ཊི་ (Melinda Gates) གཉིས་གཉེན་འཐོར་བྱ་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་འདུག

དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་གི་གློག་ཀླད་འཕྲུལ་ཆས་བཟོ་སྐྲུན་ཁང་ཆེ་ཤོས་མའེ་ཁོ་རོ་སོབ་ཏི་ (Microsoft) གསར་འཛུགས་གནང་མཁན་ཕྱུག་བདག་ཆེན་མོ་བྷིལ་གྷེ་ཊི་ (Bill Gates) དང་། ཁོང་གི་བཟའ་ཟླ་མེ་ལིན་ཌ་གྷེ་ཊི་ (Melinda Gates) གཉིས་ལོ་ ༢༧ རིང་བཟའ་ཚང་བྱས་ཏེ་ད་ལྟ་གཉེན་འཐོར་བྱ་རྒྱུ་ཡིན་འདུག

ཁ་སང་ཕྱུག་བདག་ཁྱོ་ཤུག་གཉིས་ཀྱིས་རང་གི་ཊུ་ཝི་ཊར་དྲ་ལམ་སྟེང་མཉམ་འབྲེལ་གྱི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འདས་པའི་ལོ་ ༢༧ རིང་ངེད་གཉིས་ཀྱིས་ཕུལ་དུ་བྱུང་བའི་བུ་ཕྲུག་གསུམ་སྐྱེད་སྲིང་བྱས་ཐུབ་ཡོད་པ་མ་ཟད། མི་ཚང་མར་འཕྲོད་བསྟེན་དང་དོན་སྙིང་ལྡན་པའི་མི་ཚེ་ཞིག་ཡོང་ཐབས་སླད་དུ་དམིགས་པའི་ཚོགས་པ་ཞིག་བཙུགས་ཐུབ་པ་བྱུང་ཡོད། ངེད་གཉིས་སྔར་བཞིན་ལས་གཞི་དེར་ཡིད་ཆེས་ཡོད་ལ། མུ་མཐུད་ཚོགས་པ་དེར་མཉམ་ལས་བྱ་རྒྱུ་ཡིན།  འོན་ཀྱང་ངེད་གཉིས་ཀྱིས་ཡོང་རྒྱུའི་མི་ཚེ་ནང་བཟང་ཚང་བྱས་ཏེ་ཐུགས་ཕན་གསོ་ཐབས་ཤིག་ཡོད་པ་མཐོང་གི་མི་འདུག་ཅེས་བསྒྲགས་ཡོད་འདུག

སྤྱིར་བྷིལ་གྷེ་ཊི་འདས་ལོར་མའེ་ཁོ་རོ་སོ་ཧྥི་སྤྱི་གཉེར་ཁང་གི་འགན་འཛིན་ལྷན་ཚོགས་ནས་རྩ་དགོངས་ཞུས་ཟིན་པར་བརྟེན། ད་ཐེངས་ཀྱི་གཉེན་སྒྲིག་ཁ་འཐོར་འདིས་སྤྱི་གཉེར་ཁང་དེར་ཤུགས་རྐྱེན་གང་ཡང་སྤྲོད་མི་སྲིད་ཀྱང་། ཁྱོ་ཤུག་གཉིས་ཀྱིས་ཕྱི་ལོ་ ༢༠༠༠ ལོར་སྤྱི་དམངས་འཕྲོད་བསྟེན་དང་། ཤེས་ཡོན། གོ་ལའི་གནམ་གཤིས་འགྱུར་ལྡོག་བཅས་ལ་དམིགས་ཏེ་གསར་འཛུགས་བྱས་པའི་བྷིལ་དང་མེ་ལིན་ཌ་གྷེ་ཊི་ཐེབས་རྩ་ (Bill and Melinda Gates Foundation) ཀྱི་འབྱུང་འགྱུར་གནས་སྟངས་ལ་བློ་འཚབ་བྱེད་ཀྱི་འདུག

ད་ལྟ་རང་ལོ་ ༦༥ ཡིན་པའི་བྷིལ་གྷེ་ཊི་ཡིས་རང་གི་ཆུང་གྲོགས་པོལ་ཨེ་ལན་ (Paul Allen) དང་ལྷན་དུ་ཕྱི་ལོ་ ༡༩༧༥ ལོར་མའེ་ཁོ་རོ་སོབ་ཏི་སྤྱི་གཉེར་ཁང་དེ་བཙུགས་ཡོད་ཅིང་། ད་ལྟ་རང་ལོ་ ༥༦ ཡིན་པའི་མེ་ལིན་ཌ་ཕྱི་ལོ་ ༡༩༨༧ ལོར་བྷིལ་གྱི་སྤྱི་གཉེར་ཁང་དེའི་ཐོན་ཟོག་དོ་དམ་པའི་ལས་གནས་སུ་ཞུགས་རྗེས་ཁོང་གཉིས་དབར་ཐོག་མའི་འབྲེལ་བ་བྱུང་ཞིང་། ངོ་ཤེས་ཏེ་ལོ་ ༧ གྱི་རྗེས་ཏེ། ཕྱི་ལོ་ ༡༩༩༤ ལོར་བྷིལ་དང་མེ་ལིན་ཌ་གཉིས་གཉེན་སྒྲིག་བྱས་ཡོད་པ་རེད།

ཨ་རིའི་ཕོ་བྷི་སི་དུས་དེབ་ཀྱི་ཐོ་གཞུང་ལྟར་ད་ལྟ་འཛམ་གླིང་གི་ཕྱུག་བདག་ཨང་བཞི་པ་ཡིན་པའི་བྷིལ་གྷེ་ཊི་དང་མེ་ལིན་ཌ་གྷེ་ཊི་གཉིས་ཀྱིས་མགོ་བརྩམས་པའི་བྷིལ་དང་མེ་ལིན་ཌ་གྷེ་ཊི་ཐེབས་རྩ་དེས། འདས་པའི་ལོ་གཅིག་ནང་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་སྨན་ཁབ་བཟོ་སྐྲུན་དང་ཞིབ་འཇུག་བཅས་ཁོ་ནའི་ཆེད་དུ་ཨ་སྒོར་ཐེར་འབུམ་ ༡།༧༥ བཏང་ཡོད་ཅིང་། ཐེབས་རྩ་དེས་ད་བར་ཨ་ཧྥེ་རི་ཁ་ཡི་གཙོས་པའི་རྒྱལ་ཁབ་མི་ཉུང་བའི་དབུལ་སྐྱོར་སོགས་ཀྱི་ལས་གཞི་རྒྱ་ཆེན་པོ་སྤེལ་ཡོད་ལ། ཕྱི་ལོ་༢༠༡༩ བར་ཐེབས་རྩ་དེར་ཁྱོན་ཨ་སྒོར་ཐེར་འབུམ་ ༤༣ ཡོད་འདུག དེ་བཞིན་ཕྱི་ལོ་ ༢༠༡༥ ལོར་མེ་ལིན་ཌ་གྷེ་ཊི་ཡིས་བུད་མེད་དང་ཁྱིམ་ཚང་གོང་འཕེལ་ལ་དམིགས་པའི་སྒེར་གཉེར་མ་འཛུགས་ཚོགས་པ་ Pivotal Ventures ཞེས་པ་ཞིག་གསར་འཛུགས་བྱས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༣ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese